སྙན་དེབ་༼ཁང་སྟོང༽ཞེས་པ་བཀྲམ་ཡོད་པ།

 
  སྤྱིར་ན་ཁོ་བོ་སྙན་ངག་ལ་དགའ་མཁན་ཞིག་དང་སྙན་ངག་ཤེས་མཁན་ཞིག་མ་ཡིན་པས། རང་གི་དེབ་ནང་དུ་འཁོད་ཡོད་པའི་རྩོམ་ཡིག་དག་ཀྱང་སྙན་ངག་ཞིག་ཡིན་ཞེས་རང་གིས་ལབ་མི་ནུས་ལ།  ལོ་འདི་འགར་རྭ་རྒྱའི་སློབ་གླིང་དུ་སློབ་སྦྱོང་གིི་ཞོར་དུ་རང་མོས་གཙོ་བའི་ཚིགས་བཅད་འགའ་རེ་ཡང་འབྲི་ཁུལ་བྱས་ནས་འོངས་པ་ཡིན་པས་དེ་གཉིས་ཀའི་ནང་འགའ་ཞིག་མ་བཞག་པ་དང་འགའ་ཞིག་ལ་འཕྲི་སྣོན་ཅུང་ཟད་རེ་བྱས་ནས། ཉེ་སྔོན་རང་གི་གཉེན་ཉེ་དང་ གྲོགས་པོ་འགའ་རེ་ཡི་རྒྱབ་སྐྱོར་འོག་དཔར་ཏེ་བཀྲམ་ཐུབ་སོང་བ་ནི་རང་ལ་མཚོན་ན་དགའ་ཡོད་པར་མ་ཟད། མ་འོངས་པ་ན་སྙན་ངག་གསར་རྩོམ་གྱི་ལས་འདིར་ཞུགས་པར་སྤོབས་པ་དང་དགའ་བ་ཞིག་རང་བཞིན་གྱིས་སྐྱེས་འོང་།ཡིན་ན་ཡང་དེབ་འདི་སྒོར་བུད་མ་ཐག་ཁོ་བོ་དེ་མུར་སློབ་གྲྭའི་ཁ་ཕྱོགས་དང་མི་མཐུན་ཞེས་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་ཁོང་གིས་མང་བོ་འཚོགས་དབུས་སུ་ཁྱབ་བསྒྲགས་འདི་འདྲ་མ་ཞིག་སྤེལ་བྱུང་བས།སྤྱིར་ན་རྭ་རྒྱའི་སློབ་གྲྭ་ནི་རང་གི་མ་ཡུམ་སློབ་གྲྭ་དང་སྒོས་སུ་མདོ་དབུས་ཁམས་གསུམ་ན་གླེང་གིན་པའི་རིག་གནས་ཁོར་ཡུག་ཅིག་ཡིན་པས། ངས་འདི་རུ་ན་ཟུག་གི་སྐད་ཆ་མང་བོ་ཞིག་ཁོ་ཚོ་ལ་སྦ་གསང་མེད་པར་བཤད་འདོད་སྐྱེས་ཡོད་ཀྱང་། རྗེས་ཕྱོགས་འདིའི་སྐོར་གྱི་སྐད་ཆ་ཞིག་ཆེད་དུ་ཞུ་རྩིས་ཡོད་པས་འདིར་མང་བོ་བཤད་རྒྱུ་མིན།
  འདིར་བདག་གི་སྙན་དེབ་ཐོག་མ<<ཁང་སྟོང>>ཀུན་ཀྱི་མིག་ལམ་དུ་བསྟར་ཟིན་པས་ཀློག་པ་པོ་དག་གིས་ལྟ་བར་མཁྱེན་མཁྱེན།
 

 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་དེབ་༼ཁང་སྟོང༽ཞེས་པ་བཀྲམ་ཡོད་པ།

2013-08-27 མི་རྐང་གླིང་བུ། ཀློག་གྲངས། མཆན ཡོད།

 
  སྤྱིར་ན་ཁོ་བོ་སྙན་ངག་ལ་དགའ་མཁན་ཞིག་དང་སྙན་ངག་ཤེས་མཁན་ཞིག་མ་ཡིན་པས། རང་གི་དེབ་ནང་དུ་འཁོད་ཡོད་པའི་རྩོམ་ཡིག་དག་ཀྱང་སྙན་ངག་ཞིག་ཡིན་ཞེས་རང་གིས་ལབ་མི་ནུས་ལ།  ལོ་འདི་འགར་རྭ་རྒྱའི་སློབ་གླིང་དུ་སློབ་སྦྱོང་གིི་ཞོར་དུ་རང་མོས་གཙོ་བའི་ཚིགས་བཅད་འགའ་རེ་ཡང་འབྲི་ཁུལ་བྱས་ནས་འོངས་པ་ཡིན་པས་དེ་གཉིས་ཀའི་ནང་འགའ་ཞིག་མ་བཞག་པ་དང་འགའ་ཞིག་ལ་འཕྲི་སྣོན་ཅུང་ཟད་རེ་བྱས་ནས། ཉེ་སྔོན་རང་གི་གཉེན་ཉེ་དང་ གྲོགས་པོ་འགའ་རེ་ཡི་རྒྱབ་སྐྱོར་འོག་དཔར་ཏེ་བཀྲམ་ཐུབ་སོང་བ་ནི་རང་ལ་མཚོན་ན་དགའ་ཡོད་པར་མ་ཟད། མ་འོངས་པ་ན་སྙན་ངག་གསར་རྩོམ་གྱི་ལས་འདིར་ཞུགས་པར་སྤོབས་པ་དང་དགའ་བ་ཞིག་རང་བཞིན་གྱིས་སྐྱེས་འོང་།ཡིན་ན་ཡང་དེབ་འདི་སྒོར་བུད་མ་ཐག་ཁོ་བོ་དེ་མུར་སློབ་གྲྭའི་ཁ་ཕྱོགས་དང་མི་མཐུན་ཞེས་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་ཁོང་གིས་མང་བོ་འཚོགས་དབུས་སུ་ཁྱབ་བསྒྲགས་འདི་འདྲ་མ་ཞིག་སྤེལ་བྱུང་བས།སྤྱིར་ན་རྭ་རྒྱའི་སློབ་གྲྭ་ནི་རང་གི་མ་ཡུམ་སློབ་གྲྭ་དང་སྒོས་སུ་མདོ་དབུས་ཁམས་གསུམ་ན་གླེང་གིན་པའི་རིག་གནས་ཁོར་ཡུག་ཅིག་ཡིན་པས། ངས་འདི་རུ་ན་ཟུག་གི་སྐད་ཆ་མང་བོ་ཞིག་ཁོ་ཚོ་ལ་སྦ་གསང་མེད་པར་བཤད་འདོད་སྐྱེས་ཡོད་ཀྱང་། རྗེས་ཕྱོགས་འདིའི་སྐོར་གྱི་སྐད་ཆ་ཞིག་ཆེད་དུ་ཞུ་རྩིས་ཡོད་པས་འདིར་མང་བོ་བཤད་རྒྱུ་མིན།
  འདིར་བདག་གི་སྙན་དེབ་ཐོག་མ<<ཁང་སྟོང>>ཀུན་ཀྱི་མིག་ལམ་དུ་བསྟར་ཟིན་པས་ཀློག་པ་པོ་དག་གིས་ལྟ་བར་མཁྱེན་མཁྱེན།
 

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།