བོད་ཀྱི་གློག་བརྙན《གཙང་པོ》ཡི་ཕབ་སྐྲུན་ཚོགས་པ་པེར་ལིན་དུ་ཆས་ཤིང་སྤ་སེ་ཤིན་ཏུ་བྲིན་པོ་བྱུང་བ།

IMG_2242.JPG 
གཡོན་ནས་གཡས་སུ་རིམ་པ་ལྟར་སངས་རྒྱས་དང་། ཟོན་ཐར་རྒྱལ། འཕགས་པ་སྐྱབས། བསོད་ནམས་རིན་ཆེན་རྒྱལ་བཅས་སོ།།

  ངེད་མཆོད་མེ་དྲ་བར་གནས་ཚུལ་འབྱོར་བ་ལྟར་ན། སྐབས་༦༥བའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(Berlin International Film Festival)ཉིན་འདི་གར་དངོས་སུ་སྤེལ་གྱིན་པའི་སྒང་ཡིན་ལ། ཐེངས་འདིའི་དུས་སྟོན་ལ་ཞུགས་པའི་བོད་ཀྱི་གློག་བརྙན《གཙང་པོ》ཡི་ཕབ་སྐྲུན་ཚོགས་པ་སྟེ། འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་དང་། ཕབ་སྐྲུན་པ་སངས་རྒྱས། སྤྱིའི་སྒྱུ་རྩལ་ཇུས་འདོན་པ་འཕགས་པ་སྐྱབས། པར་སྐྲུན་པའམ་པེ་ཅིན་ཁྱུང་ཆེན་བརྙན་གླིང་གི་སྤྱི་གཉེར་བ་བསོད་ནམས་རིན་ཆེན་རྒྱལ་བཅས་ཟླ་གཉིས་པའི་ཚེས་དགུའི་ཉིན་པེར་ལིན་དུ་ཆས་འགོ་བརྩམས་ཤིང་། ཚེས་བཅུ་གཅིག་ཉིན་གློག་བརྙན་འདི་ཐོག་མར་འཛམ་གླིང་གི་ལྟ་མཁན་ཡོངས་ཀྱི་སྤྱན་སྔར་འགྲེམ་རྒྱུ་རེད།
  ཚེས་བརྒྱད་ཀྱི་ནུབ་མོར་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འགན་འཛིན་ལས་སྡེ་ནས་གནས་ཚུལ་འབྱོར་བ་ལྟར་ན། ད་རེས་གློག་བརྙན《གཙང་པོ》ཡི་སྟོན་ཐེངས་གསུམ་གྱི་སྤ་སེ་དུས་བཅད་སྔོན་ལ་བཙོང་ཚར་བ་དང་། གློག་བརྙན་མ་བསྟན་གོང་ནས་དགའ་བསུ་ཆེན་པོ་ཐོབ་པས་སྤ་སེ་ཤིན་ཏུ་བྲིན་ཆེ་ཞིང་ལག་སོན་དཀའ་བའི་རྣམ་པ་བྱུང་འདུག་ཟེར།
  གློག་བརྙན་གཙང་པོ་ནི་ཟོན་ཐར་རྒྱལ་གྱིས་ལོ་ངོ་གསུམ་རིང་གི་དུས་ཚོད་བེད་སྤྱད་ནས་གྲུབ་པའི་བརྩམས་ཆོས་ཤིག་ཡིན་ལ། དེའི་ནང་སྤྱིར་བཏང་གི་བོད་ཀྱི་འབྲོག་ཁྱིམ་ཞིག་གི་མི་རབས་གསུམ་གྱི་འཚོ་བ་དང་བརྩེ་དུང་བཅོས་མིན་དུ་མངོན་པར་བྱས་ཡོད། འདི་ནི་བོད་ཀྱི་གློག་བརྙན་ཞིག་པེར་ལིན་གློག་བརྙན་དུས་ཆེན་དུ་ཚུད་པ་ཐེངས་དང་པོ་ཡིན་པས། ང་ཚོས་མཉམ་དུ་གློག་བརྙན《གཙང་པོ》ཡིས་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསར་ཐོན་པའི་སྡེའི“ཆུ་ཤེལ་དོམ”གྱི་བྱ་དགའི་འགྲན་རྩོད་ཁྲོད་འབྲས་བུ་གཡུར་དུ་ཟ་བ་ལེན་ཐུབ་པར་རེ་ལྟོས་དང་ཡིད་ཆེས་བྱའོ།།

འཕྲོས་ཏེ་ཀློག་པ།  ཟོན་ཐར་རྒྱལ་གྱི་གློག་བརྙན《གཙང་བོ》པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ།

                                  ཟོན་ཐར་རྒྱལ་གྱི་གློག་བརྙན་གསར་བ《གཙང་བོ》ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།

                                  ཟོན་ཐར་རྒྱལ་ལ་གློག་བརྙན༼དབུས་ལམ་གྱི་ཉི་མ༽འི་སྐོར་ནས་བཅར་འདྲི་བྱས་པ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
  
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།