སྐབས་དང་པོའི"སྐད་གཉིས་སེམས་དང་སེམས་པ་སྦྲེལ། ལོ་ཙཱ་བ་ཆུང་ཆུང་ང་ཡིས་བྱེད"ཅེས་པའི་བྱེད་སྒོ་སྤེལ་བ།

ཚེ་རིང་དཔལ་འབྱོར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-05-14

IMG_6918.JPG

IMG_6889.JPG

IMG_6745.JPG

IMG_6853.JPG

IMG_6754.JPG

  ཀུན་གྱིས་མཁྱེན་གསལ་ལྟར་སྤྱི་ཚོགས་ལས་རིགས་ཁག་གི་འཕེལ་རིམ་ཁྲོད་ལོ་ཙཱའི་ལས་རིགས་ནི་མེད་དུ་མེད་རུང་ཞིག་ཡིན། གལ་ཏེ་ལོ་ཙཱ་བའི་བྱ་འགུལ་མེད་ན་འཛམ་གླིང་མི་རིགས་ཕན་ཚུན་དབར་འབྲེལ་ཟམ་འཛུགས་ཐབས་མེད་པས་རྒྱལ་ཁབ་དང་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་ཕུལ་བྱུང་ལག་རྩལ་སོགས་སྤེལ་རེས་བྱེད་ཐབས་བྲལ་བར་བརྟེན་ཡིག་བསྒྱུར་ལས་རིགས་ནི་ཆེས་གལ་འགངས་དང་ཆེས་རིན་ཐང་ལྡན་པ་ཞིག་ཡིན་པར་སྤོབས།
  ཉེ་ཆར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པའི་ཚོགས་མི་ཡོངས་ཀྱིས་ཀྱང་ཡུན་རིང་འབད་བརྩོན་དང་དེ་བཞིན་སྤུན་ཟླའི་སློབ་ཚོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་གཉེར་བའི་སྐབས་དང་པོའི་༼སྐད་གཉིས་སེམས་དང་སེམས་པ་སྦྲེལ། ལོ་ཙཱ་བ་ཆུང་ཆུང་ང་ཡིས་བྱེད།༽ཅེས་བརྗོད་གཞི་གཙོ་བོར་བཟུང་བའི་སྣ་མང་ཕུན་སུམ་ཚོགས་པའི་ཡིག་བསྒྱུར་བྱེད་སྒོ་ཞིག་རང་སློབ་གྲྭའི་རིག་རྩལ་སྙན་ཞུ་ཁང་དུ་བདེ་བླག་སྤེལ་ངང་ཡོད། ཐེངས་དེའི་བྱེད་སྒོའི་ནང་དེང་རབས་སྤྱོད་སྒོ་ཆེ་བའི་མིང་ཚིག་དང་ལེགས་བཤད། གཏམ་དཔེའི་ནང་དོན་དེ་བཞིན་སྙན་འཇེབས་ལྡན་པའི་གླུ་གཞས་སོགས་བཀོད་སྒྲིག་བྱས་ཏེ་བྱེད་སྒོའི་རྣམ་པས་སྔར་བས་ཕུན་སུམ་ཚོགས་སུ་དང་འཁྲུག་ཆ་ལྡན་པ་ཞིག་གྱུར་ཡོད།
  ཐེངས་འདིའི་བྱེད་སྒོའི་ཁྲོད་སློབ་ཐོན་བྱེད་ལ་ཉེ་བའི་སྔོན་གྱི་བོད་ཡིག་སློབ་ཚོགས་ཁག་གི་འགན་འཁུར་མི་སྣ་རྣམས་གདན་ཞུ་བྱས་ཏེ་ཁོང་རྣམས་ལ་སློབ་ཐོན་གྱིས་སྐྱེལ་མ་མཚོན་པར་བྱས་ཡོད། དེ་བཞིན་མི་རིགས་རིག་གནས་ལ་དུང་ཞེན་ཆེ་བའི་སློབ་མ་སྟོང་ལ་ཉེ་བ་བྱེད་སྒོའི་ནང་བཞུགས་ཡོད་ལ་ཁོང་རྣམས་པའི་ཚད་མཐོའི་འདེང་འཇོག་ཡང་ཐོབ་ཡོད།
 ད་ཐེངས་ཡིག་བསྒྱུར་བྱེད་སྒོ་འདི་བརྒྱུད་གཅིག་ནས་རང་སློབ་ཚོགས་ཀྱི་རྣམ་ཀུན་བྱེད་སྒོ་དེ་སྔོན་དང་མི་འདྲ་བར་ཕུན་སུམ་ཚོགས་སུ་བཏང་ཡོད་པ་དང་གཉིས་ནས་ཡིག་བསྒྱུར་ལས་རིགས་ལ་དགའ་བའི་སློབ་མ་དུ་མའི་ཤེས་བྱ་ཁ་སྣོན་དང་གྲ་རྒྱས་སུ་སུ་བཏང་ཡོད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་དང་པོའི"སྐད་གཉིས་སེམས་དང་སེམས་པ་སྦྲེལ། ལོ་ཙཱ་བ་ཆུང་ཆུང་ང་ཡིས་བྱེད"ཅེས་པའི་བྱེད་སྒོ་སྤེལ་བ།

2015-05-14 ཚེ་རིང་དཔལ་འབྱོར། ཀློག་གྲངས། མཆན ཡོད།

IMG_6918.JPG

IMG_6889.JPG

IMG_6745.JPG

IMG_6853.JPG

IMG_6754.JPG

  ཀུན་གྱིས་མཁྱེན་གསལ་ལྟར་སྤྱི་ཚོགས་ལས་རིགས་ཁག་གི་འཕེལ་རིམ་ཁྲོད་ལོ་ཙཱའི་ལས་རིགས་ནི་མེད་དུ་མེད་རུང་ཞིག་ཡིན། གལ་ཏེ་ལོ་ཙཱ་བའི་བྱ་འགུལ་མེད་ན་འཛམ་གླིང་མི་རིགས་ཕན་ཚུན་དབར་འབྲེལ་ཟམ་འཛུགས་ཐབས་མེད་པས་རྒྱལ་ཁབ་དང་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་ཕུལ་བྱུང་ལག་རྩལ་སོགས་སྤེལ་རེས་བྱེད་ཐབས་བྲལ་བར་བརྟེན་ཡིག་བསྒྱུར་ལས་རིགས་ནི་ཆེས་གལ་འགངས་དང་ཆེས་རིན་ཐང་ལྡན་པ་ཞིག་ཡིན་པར་སྤོབས།
  ཉེ་ཆར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པའི་ཚོགས་མི་ཡོངས་ཀྱིས་ཀྱང་ཡུན་རིང་འབད་བརྩོན་དང་དེ་བཞིན་སྤུན་ཟླའི་སློབ་ཚོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་གཉེར་བའི་སྐབས་དང་པོའི་༼སྐད་གཉིས་སེམས་དང་སེམས་པ་སྦྲེལ། ལོ་ཙཱ་བ་ཆུང་ཆུང་ང་ཡིས་བྱེད།༽ཅེས་བརྗོད་གཞི་གཙོ་བོར་བཟུང་བའི་སྣ་མང་ཕུན་སུམ་ཚོགས་པའི་ཡིག་བསྒྱུར་བྱེད་སྒོ་ཞིག་རང་སློབ་གྲྭའི་རིག་རྩལ་སྙན་ཞུ་ཁང་དུ་བདེ་བླག་སྤེལ་ངང་ཡོད། ཐེངས་དེའི་བྱེད་སྒོའི་ནང་དེང་རབས་སྤྱོད་སྒོ་ཆེ་བའི་མིང་ཚིག་དང་ལེགས་བཤད། གཏམ་དཔེའི་ནང་དོན་དེ་བཞིན་སྙན་འཇེབས་ལྡན་པའི་གླུ་གཞས་སོགས་བཀོད་སྒྲིག་བྱས་ཏེ་བྱེད་སྒོའི་རྣམ་པས་སྔར་བས་ཕུན་སུམ་ཚོགས་སུ་དང་འཁྲུག་ཆ་ལྡན་པ་ཞིག་གྱུར་ཡོད།
  ཐེངས་འདིའི་བྱེད་སྒོའི་ཁྲོད་སློབ་ཐོན་བྱེད་ལ་ཉེ་བའི་སྔོན་གྱི་བོད་ཡིག་སློབ་ཚོགས་ཁག་གི་འགན་འཁུར་མི་སྣ་རྣམས་གདན་ཞུ་བྱས་ཏེ་ཁོང་རྣམས་ལ་སློབ་ཐོན་གྱིས་སྐྱེལ་མ་མཚོན་པར་བྱས་ཡོད། དེ་བཞིན་མི་རིགས་རིག་གནས་ལ་དུང་ཞེན་ཆེ་བའི་སློབ་མ་སྟོང་ལ་ཉེ་བ་བྱེད་སྒོའི་ནང་བཞུགས་ཡོད་ལ་ཁོང་རྣམས་པའི་ཚད་མཐོའི་འདེང་འཇོག་ཡང་ཐོབ་ཡོད།
 ད་ཐེངས་ཡིག་བསྒྱུར་བྱེད་སྒོ་འདི་བརྒྱུད་གཅིག་ནས་རང་སློབ་ཚོགས་ཀྱི་རྣམ་ཀུན་བྱེད་སྒོ་དེ་སྔོན་དང་མི་འདྲ་བར་ཕུན་སུམ་ཚོགས་སུ་བཏང་ཡོད་པ་དང་གཉིས་ནས་ཡིག་བསྒྱུར་ལས་རིགས་ལ་དགའ་བའི་སློབ་མ་དུ་མའི་ཤེས་བྱ་ཁ་སྣོན་དང་གྲ་རྒྱས་སུ་སུ་བཏང་ཡོད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།