ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་འགྲེམས་སྤེལ་དང་སྐབས་དྲུག་པའི་ཡར་ཀླུང་སྨྱུག་ཚོགས་བསྐངས་པ།

རྒོད་རྒྱལ་བློ་ཕུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-11-29

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ༢༠༡༥ལོའི་ཟླ་༡༡ཚེས་༢༧ཉིན་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཁང་གིས་སྣེ་ཁྲིད་དང་《ལྷོ་ཁའི་རྩོམ་རིག་སྒྱུལ་རྩལ》རྩོམ་སྒྲིག་ཁང་གིས་རྒྱབ་སྐྱོར་འོག་ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་དང་སྐབས་དྲུག་པའི་ཡར་ཀླུང་སྨྱུག་ཚོགས་ཞེས་པ་ཁག་སོ་སོར་བོད་མིའི་རིག་འབྱུང་གི་ས་སྐྱིད་གནས་སྐྱིད་རྩེད་ཐང་གྲོང་གི་ལྷོ་ཁའི་རིག་གནས་ཅུད་དང་ཨེ་པ་ཚང་དཔེ་ཁྱིམ་དུ་བསྐངས།
image001.jpg
སྔ་དྲོར་ལྷོ་ཁའི་རིག་གནས་ཅུད་དུ་གཉེར་པའི་འགྲེམས་སྤེལ་མཛད་སྒོའི་ཟུར་ཅིག

  ད་ཐེངས་ཀྱི་འགྲེམས་སྤེལ་མཛད་སྒོར་ལྷོ་ཁ་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ལོ་གཅིག་ལྷག་ཙམ་རིང་ཕྱོགས་བསྒྲིགས་བགྱིས་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་དེང་རབས་དཔེ་ཚོགས་ཐོག་མ་འགྲེམས་སྤེལ་གནང་བ་རེད། འགྲེམས་སྤེལ་ལས་དོན་ཐད་ལ་ལྷོ་ཁ་ས་ཨུད་དྲིལ་བསྒྲགས་པུའུ་དང་སྲིད་འཛིན་ཀུང་ཧྲུའུ། རིག་གནས་ཅུད། རིག་རྩལ་ལྷན་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་ལྷོ་ཁ་བའི་རྒྱབ་སྐྱོར་ཚད་མེད་ཐོབ་ཡོད། དཔེ་ཚོགས་ཕྱོགས་བསྒྲིགས་དབུ་འཛིན་ནི་ལྷོ་ཁའི་སྙན་ངག་པ་གྲགས་ཅན་ཨོ་རྒྱན་རྡོ་རྗེ་དང་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་ལས་མི་ཡོངས་རེད།

image003.jpg
བོད་ཡིག་དཔེ་ཚོགས་འགྲེམས་སྤེལ།
  
  བོད་ཡིག་དཔེ་ཚོགས་གྲས་སུ་《ཡར་ཀླུང་གི་རླུང་བུ》དང་《ཕ་ཡུལ་གྱི་གླུ་སྒྲ》  《མཁའ་མཐའི་ཆུ་འཛིན》སོགས་ལྷུག་རྩོམ་དང་བརྩམས་སྒྲུང་། སྙན་ངག་སོགས་རྩོམ་ལུས་འདུས་ཡོད། དཔེ་ཚོགས་ནང་ཕ་ཡུལ་ལྷོ་ཁའི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་ཉེ་བའི་ལོ་ཤས་ནང་བརྩམས་པའི་རྩོམ་ལུས་མི་གཅིག་པའི་བརྩམས་བྱ་སྤུས་དག་མང་པོ་འདུས་ཡོད། དཔེ་ཚོགས་འདི་དག་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན་ནས་རྒྱལ་ཡོངས་དཔེ་ཁང་དུ་བཀྲམས་ཟིན་པས་ས་ཕྱོགས་ཁག་གི་ཤིན་ཧྭ་དཔེ་ཁང་ནས་ཉོ་ཐུབ་བོ།

image005.jpg
སྐབས་དྲུག་པའི་ཡར་ཀླུང་སྨྱུག་ཚོགས་དབུ་ཚུགས་པའི་རྣམ་པ།

  ཉིན་དེའི་ཕྱི་དྲོ་ལྷོ་ཁའི་ཨེ་པ་ཚང་དཔེ་ཁྱིམ་དུ་སྐབས་དྲུག་པའི་ཡར་ཀླུང་སྨྱུག་ཚོགས་དངོས་སུ་དབུ་ཚུགས་པ་རེད། དབུ་ཚུགས་བྱེད་སྒོར་རྩོམ་པ་པོ་གྲགས་ཅན་མཁས་གྲུབ་དང་། སྙན་ངག་པ་གྲགས་ཅན་ཨོ་རྒྱན་རྡོ་རྗེ། བྱམས་པ་བསྟན་འཛིན། ཤེའུ་ཀུན་དཔལ། གཉལ་ཟླ་དགྲ། སྟོབས་རྒྱལ། གཉལ་གཞུང་བཀྲ་རྣམ། པ་སངས། ཀརྨ་དབང་གྲགས། སྙན་པོ་དབྱངས་གྲོལ། གསེར་ནག རལ་གྲི་སྒང་སྤེལ་རྒྱལ་དང་བརྩམས་སྒྲུང་བ་ཨེ་ཉི་མ་ཚེ་རིང་། རྒྱང་སྒྲོག་པ་བློ་བཟང་དོན་ཡོད་དང་རྩོམ་སྒྲིག་པ་པད་གཡང་། སྦྱིན་བདག་ཞོལ་གསར་བཀྲ་སྟོབས་སོགས་ལས་རིགས་ཁག་གི་ལྷོ་ཁ་བ་མང་དུ་འདུས་འདུག

image007.jpg
དྲན་རྟེན་མཉམ་པར།

  ཉིན་དེའི་ཕྱི་དྲོར་མཁས་གྲུབ་ལགས་དང་ཨོ་རྒྱན་རྡོ་རྗེ་མཆོག་གིས་གཙོས་སྙན་ངག་པ་སོ་སོས་ཚ་ཚ་འུར་འུར་ངང་སྙན་ངག་གྱེར་ཀློག་གི་བྱེད་སྒོ་སྤེལ་བ་རེད།

image009.jpg
མཁས་གྲུབ་ལགས་ནས་སྙན་ངག་གྱེར་བཞིན་པ། 

image011.jpg
ཨོ་རྒྱན་རྡོ་རྗེས་སྙན་ངག་གྱེར་བཞིན་པ། 

image013.jpg
ཚོགས་རའི་ཟུར་ངོས་ཤིག

  གཞན་ཡང་བྱེད་སྒོ་འདིར་དངོས་སུ་ཞུགས་མ་ཐུབ་པའི་ལྷོ་ཁའི་སྙན་ངག་པ་དང་རྩོམ་ལས་པ་མང་བོས་ས་ཕྱོགས་སོ་སོ་ནས་བཀྲ་ཤིས་སྨོན་འདུན་མཚོན་པའི་ཡི་གེ་དང་ཐུགས་རྗེ་ཞུ་ཡིག་བསྐུར་ནས་བྱེད་སྒོ་གཟབ་རྒྱས་ངང་ལེགས་གྲུབ་ཡོང་བར་བཀྲ་ཤིས་བདེ་ལེགས་ཞུས་འདུག
  མཛད་སྒོ་དང་བགྲོ་གླེང་གི་ཐོག་མཐའ་བར་གསུམ་དུ་རྒན་རབས་པ་དག་གིས་གཞོན་སྐྱེས་རྣམ་ལ་རྩོམ་རིག་ཐད་ཀྱི་བཀའ་སློབ་མང་དུ་གནང་ཞིང་གསར་རྩོམ་སྐོར་ལ་རང་རང་གི་ཉམས་མྱོངས་དང་སྦྲགས་ནས་བསམ་ཚུལ་བརྗེ་རེས་མང་པོ་བྱས་འདུག
  གཞིར་ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མ་འགྲེམས་སྤེལ་བྱས་པ་འདིས་ལྷོ་ཁའི་སྔར་འདས་ཕྱི་གསུམ་གྱི་རྩོམ་རིག་ལས་དོན་ལ་སྐྱེས་སུ་ཕུལ་བའི་ལེགས་སྐྱེས་བླ་ན་མེད་པ་ཞིག་ཡིན་ན། ལྷག་པར་དུ་ཕྱི་རབས་པས་མི་རིགས་རང་གི་སྐད་དང་ཡི་གེར་གཞི་བཅོལ་བའི་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་དག་《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》སྟེགས་བུ་བརྒྱུད་དེ་ཀློག་མཁན་མང་བོར་དབུལ་དགོས་པ་འགངས་ཆེ་བར་མཐོང་ལ། ཡང་སྒོས་མདོ་དབུས་མཐོ་སྒང་རིགས་གཅིག་ཀུན་གྱིས་རྩོམ་རིག་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་དགོས་པ་ཁ་ཚ་དགོས་གཏུགས་རེད་སྙམ་མོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་འགྲེམས་སྤེལ་དང་སྐབས་དྲུག་པའི་ཡར་ཀླུང་སྨྱུག་ཚོགས་བསྐངས་པ།

2015-11-29 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།