གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་འདུ་འཚོགས་གཏེར་ལེན་ཁ་རུ་བསྡུས་པ།

2015-12-01 18:20:40 བདེ་སྐྱིད་སྒྲོལ་མ་དང་བོང་སྟག་ལྷག་ག ཀློག་གྲངས། མཆན ཡོད།


  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཉེ་ཆར། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་མཚོ་ནུབ་ཁུལ་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་བོང་སྟག་རི་ལུ་ཡི་སྙན་ངག་བགྲོ་གླེང་དང་རྒྱ་འགྱུར་སྙན་དེབ《ནུབ་རླུང་ལ་སྒུག་པ》ཞེས་པའི་འགྲེམ་སྤེལ་མཛད་སྒོ་གཏེར་ལེན་ཁ་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས།

image001.jpg
  བགྲོ་གླེང་སྟེང་དུ་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་རྟེན་འབྲེལ་ཤིས་ཚིག་ཕུལ་བ་དང་ཆབས་ཅིག་རྩོམ་པ་པོ་གྲགས་ཅན་ཉྭ་ནག་པ་བ་རེས་དང་འབྲོག་བསམ་གཏན། ཐུ་བོ་ཆེ། མོག་བུ་ཡེ་ཤེས་སྐྱབས། ཁ་བ་རི་སོགས་ཕྱོགས་སོ་སོའི་རྩོམ་པ་པོ་དང་ཀློག་པ་པོ་དག་གིས་བོང་སྟག་རི་ལུའི་སྙན་ངག་ལ་དཔྱད་བརྗོད་དང་བགྲོ་གླེང་ཕུན་སུམ་ཚོགས་པ་བྱས།

image005.jpg
  རྩོམ་པ་པོ་གྲགས་ཅན་ཉྭ་ནག་པ་བ་རེས་ལགས་ཀྱིས་བོང་སྟག་རི་ལུའི་སྙན་ངག་ལ་དཔྱད་བརྗོད་གནང་བཞིན་པ།

image007.jpg
རྩོམ་པ་པོ་འབྲོག་བསམ་གཏན་ལགས་ཀྱིས་ཁ་གསལ་ཞིང་གོ་བདེ་བའི་བོང་སྟག་རི་ལུའི་གླུ་ཚིག་དང་སྙན་ངག་ཐད་ནས་བགྲོ་གླེང་བྱེད་བཞིན་པ།

image009.jpg
མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་རྒན་ཐུ་བོ་ཆེའམ་བུན་ཁྲང་རྒྱལ་ལགས་ཀྱིས་བོང་སྟག་རི་ལུའི་སྙན་ངག་ལ་དཔྱད་བརྗོད་གནང་བཞིན་པ།

image011.jpg
  སྙན་ངག་པ་བོང་སྟག་རི་ལུས་རང་ཉིད་ཀྱི་ཀྱག་ཀྱོག་ལྡན་པའི་རྩོམ་རིག་གི་ལམ་བུའི་སྟེང་གི་ཕྱིར་དྲན་དང་འབྲེལ་མ་འོངས་པའི་ཕུགས་བསམ་འཚོལ་སྙེག་གི་སྐོར་ནས་ཁ་བརྡ་བྱེད་བཞིན་པ།
  རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བགྲོ་གླེང་ནི་ཚྭ་འདམ་རྩོམ་རིག་ཕྲེང་བསྟར་བྱ་འགུལ་ཁྲོད་ཀྱི་གཅིག་ཡིན་ཞིང་། 2013ལོར་བོད་ཀྱི་རྩོམ་པ་པོ་ཉྭ་ནག་པ་བ་རེས་ལགས་ཀྱི་རྩོམ་རིག་བགྲོ་གླེང་ཐེངས་དང་པོར་སྤེལ་བ་ཡིན་ལ། བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་ནི་ཐེངས་གཉིས་པར་སྤེལ་བ་ཡིན།བགྲོ་གླེང་འདི་བརྒྱུད་ནས་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་ཚྭ་འདམ་གཞོང་གི་ན་གཞོན་རྩོམ་པ་པོ་ལ་རྒྱབ་སྐྱོར་བྱེད་པའི་གར་སྟེགས་བཟང་བོ་འདི་བསྐྲུན་པ་དང་རྗེས་ཕྱོགས་མུ་མཐུད་དུ་ན་གཞོན་རྩོམ་པ་པོ་མང་པོ་སྐྱེད་སྲིང་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་རེད།  


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།