གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

2016ལོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་དངོས་སུ་སྒྲུབ་མགོ་བརྩམས་སོང་།

2016-01-05 13:31:50 དྲ་བའི་གསར་འགོད་པ། ཀློག་གྲངས། མཆན ཡོད།

 

扎木念传媒LOGO.jpg
སྒྲ་སྙན་རིག་གནས་སྨྱན་བྱེད་ཚད་ཡོད་འགན་ལེན་ཀུང་ཟིའི་རྟགས།

2016ལོའི་གནམ་ལོ་གསར་དུ་ཚེས་དུས། སྒྲ་སྙན་རིག་གནས་སྨྱན་བྱེད་ཚད་ཡོད་འགན་ལེན་ཀུང་ཟི་དང་གངས་ཆབ་ཟེགས་མ་རིག་གནས་རྒྱུད་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་གཙོ་སྒྲུབ་དང་། བོད་ཀྱི་རོལ་མོ་བ་གྲགས་ཅན་འཇམ་དབྱངས་བསྟན་འཛིན་དང་། བོད་ཀྱི་གླུ་བ་གྲགས་ཅན་སྒྲོལ་མ་སྐྱབས། ཡུན་རིང་ལ་བོད་ཀྱི་རོལ་མོ་ཁྱབ་གདལ་དང་དྲིལ་སྒྲོག་གི་བྱ་བ་སྒྲུབ་པའི་རྨ་ཆུའི་འཇམ་བྷེ་གསུམ་གྱིས་མཉམ་གཅིག་ཏུ་བསྡུ་འཆར་ཡོད་པའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་དེ་ཁ་སང་།(ཚེས4ཉིན)དངོས་སུ་སྒྲུབ་མགོ་བརྩམས།

极地圣音LOGO.jpg
གངས་ཆབ་ཟེགས་མ་རིག་གནས་རྒྱུད་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིའི་རྟགས།

ཐེངས་འདིའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་འཁྲབ་ཁྲིད་པ། བོད་ཀྱི་རོལ་མོ་བ་གྲགས་ཅན་འཇམ་བྷེ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་མདོ་དབུས་ཁམས་གསུམ་དང་ཕྱི་སྡོད་བོད་མི་དག་གི་ལོ་སར་སྤྲོ་སྐྱིད་ཡོང་བ་དང་། སྐབས་དེར་ཀུན་ལ་གླུ་གར་གཏམ་གསུམ་གྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་འབུལ་ཆེད་ང་ཚོས་དྲ་ཚིགས་ལ་གཞི་རྐང་བཅོལ་ཅིང་། དྲ་དམངས་རྣམས་གཙོར་བྱས་ཐོག  དཔལ་ཡོན་ཡར་ཐོན་ཡིན་པའི་སྔོན་འགྲོའི་འོག་དྲ་ལམ་ནས་སྐད་གྲགས་མཆེད་དུ་འཇུག་པ་དང་། ཀུན་གྱིས་བརྗོད་གཞིར་གྱུར་བའི་མི་དམངས་མི་སེར་དཀྱུས་མའི་སྒྱུ་རྩལ་ནང་སྙིང་དུ་བྱས་ནས། ན་གཞོན་དྲ་དམངས་ཀྱི་མཐོང་སྣེ་གསར་བ་དང་ལང་ཚོའི་མངོན་རྟོགས། མ་འོངས་པའི་སྒྱུ་འཕྲུལ་ལྟ་བུའི་འདོད་མོས་དང་དུས་ཆེན་གྱི་སྤྲོ་སྣང་ཆེན་པོ་བརྒྱུད་ནས། སྲོལ་རྒྱུན་གྱི་གར་སྟེགས་འཁྲབ་སྟོན་དང་དྲ་ལམ་གྱི་དངོས་ཞུགས་སོགས་མཉམ་འབྲེལ་བྱེད་པའི་རྣམ་པས་བོད་མདོ་དབུས་ཁམས་གསུམ་དང་ཕྱི་སྡོད་བོད་མི་དག་གི་ལོ་སར་སྤྲོ་སྐྱིད་ཡོང་བ་དང་། སྐབས་དེར་ཀུན་ལ་གླུ་གར་གཏམ་གསུམ་གྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་འབུལ་བར་བྱ་རྒྱུ་ཡིན།
  

卓玛加.jpg
གངས་ཅན་པ་སྒྲོལ་མ་སྐྱབས།

བོད་ཀྱི་རོལ་མོ་བ་གྲགས་ཅན་འཇམ་བྷེ་དང་། བོད་ཀྱི་གླུ་བ་གྲགས་ཅན་སྒྲོལ་མ་སྐྱབས། ཡུན་རིང་ལ་བོད་ཀྱི་རོལ་མོ་ཁྱབ་གདལ་དང་དྲིལ་སྒྲོག་གི་བྱ་བ་སྒྲུབ་པའི་རྨ་ཆུའི་འཇམ་བྷེ་གསུམ་གྱིས་མཉམ་གཅིག་ཏུ་བསྡུ་པའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱིས་དྲ་དམངས་ཁྲི་སྟོང་མང་པོ་དང་།བོད་ཡུལ་མཉམ་སྤྲོ་ཆེན་མོར“གཞན་དང་མི་མཚུངས་པའི”གསོལ་སྟོན་ཐེངས་ཤིག་བཤམ་ངེས།

འདི་ནི་ཆེས་དུས་བསྟུན་གྱི་ལོ་སར་དགོང་ཚོགས་ཤིག་སྟེ། ད་ལོ་གང་ཞིག་དར་ཁྱབ་ཆེ་ན་དེ་གར་སྟེགས་འདིའི་སྟེང་མངོན་སྲིད། འདི་ནི་ལོ་ན་ཆེས་གཞོན་པའི་ལོ་སར་དགོང་ཚོགས་ཤིག་སྟེ། ལྟད་མོ་བའི་ཚོགས་གཙོ་བོ་ནི་ན་གཞོན་དྲ་དམངས་དག་ཡིན། འདི་ནི་མི་སྣ་གྲགས་ཅན་ཆེས་མང་པའི་ལོ་སར་དགོང་ཚོགས་ཤིག་སྟེ། ལོ་ཆུང་དག་སུ་ལ་དགའ་ན། དྲ་དམངས་རྣམས་སུ་ལ་མོས་ན་དེ་གར་སྟེགས་འདིར་མངོན་སྲིད། འདི་ནི་ཆེ་གསོན་ཤུགས་འབར་བའི་ལོ་སར་དགོང་ཚོགས་ཤིག་སྟེ། ཇུས་འགོད་གསར་ཞིང་བཀོད་སྒྲིག་ལེགས་པས། ཡིད་ཀྱིས་མ་དྲན་པ་མ་གཏོགས་ལུས་ཀྱིས་སྒྲུབ་མི་ཐུབ་པ་མེད་པ་ར་སྤྲོད་བྱས་ཡོད།

加贝.jpg
རོལ་མོ་བ་གྲགས་ཅན་འཇམ་བྷེ།

རྒྱུས་ལོན་བྱུང་བ་ལྟར་ན།  དགོང་ཚོགས་སྟ་གོན་གྱི་སྐབས་སུ་བོད་མདོ་དབུས་ཁམས་གསུམ་ཀུན་གྱི་སྒྱུ་རྩལ་པ་དག་གི་བརྩམས་ཆོས་གང་མང་འབྱོར་ཡོད་ལ།མིག་སྔར་ད་དུང་གླུ་གཞས་བརྩམས་ཆོས་སོགས་བསྡུ་བཞིན་པའི་སྒང་ཡིན།  དགོང་ཚོགས་འདི་ཉིད2016ལོའི་ཟླ1ཟླ་དཀྱིལ་དུ་བརྙན་ལེན་བྱ་རྒྱུ་ཡིན་ལ། ལོ་སར་སྐབས་སུ་རྒྱ་ཆེའི་རང་རིགས་སྤུན་ཟླ་རྣམས་དང་དྲ་དམངས་ཡོངས་ཀྱི་གཟིགས་རྟེན་དུ་འབུལ་རྒྱུ་རེད། ཐེངས་འདིའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ནི་ཀྲུང་གོའི་བོད་ཀྱི་རོལ་དབྱངས་དྲ་བ་དང་། ཀྲུང་གོའི་བོད་ཀྱི་དྲ་བ།  བོད་མིའི་རིག་གནས་དྲ་བ། མཚོ་སྔོན་པོ་དྲ་བ།  དྲི་ཟའི་རོལ་དབྱངས་དྲ་བ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། ཞིན་ཧྭ་དྲ་བ་སོགས་རྒྱལ་ནང་གི་བོད་ཀྱི་དྲ་བ་གྲགས་ཅན་དག་དང་མཉམ་འབྲེལ་སྒོས་སྒྲུབ་པ་ཞིག་ཡིན་པས། ཆེས་ལྟ་རིན་ཡོད་ལ་ཆེས་སྒུག་རན་ཡོད་པའི་དྲ་ལམ་ལོ་སར་དགོང་ཚོགས་ཤིག་ཡིན།

བོད་ཀྱི་རོལ་མོ་བ་གྲགས་ཅན་འཇམ་བྷེ་ལགས་ཀྱིས་སྔར་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ《རྨ་ཁུགས་དང་པོའི་ལྷན་འཛོམས།》དང《རེབ་གོང་གསེར་མོ་ལྗོངས》སོགས་ཀྱི་ཇུས་འགོད་པ་དང་འཁྲབ་ཁྲིད་པ་གཅིག་ལྕོགས་སུ་བྱས་མྱོང་བ་དང་།  སྤྲོ་ཚོགས་དེ་དག་ལ་ལྟ་མཁན་དག་གི་དགའ་བསུ་བླ་ལྷག་ཐོབ་མྱོང་བར་མ་ཟད།  རྗེས་ཕྱོགས་ཀྱི་དགོང་ཚོགས་སྒྲུབ་སྟངས་ཐད་རྨང་རྡོ་ལྟ་བུའི་ནུས་པ་ཐོན་ཡོད།

加白.jpg
རྨ་ཆུའི་འཇམ་བྷེ།

བོད་ཀྱི་གླུ་བ་གྲགས་ཅན་སྒྲོལ་མ་སྐྱབས་ཀྱིས2014ལོར་རང་ཉིད་ཀྱི་གླུ་གཞས་བརྩམས་ཆོས་དགོང་ཚོགས་ཇུས་འགོད་དང་འཁྲབ་ཁྲིད་བྱས་ནས་བསྒྲུབས་ཏེ། ཨ་མདོ་བརྙན་འཕྲིན་ནས་སྟོན་སྐབས་ལྟ་མཁན་ཆེས་མང་བའི་ཚད་དུ་སླེབས་ཤིང་། ད་ལྟའི་བར་བོད་ཀྱི་གླུ་བ་གླུ་མས་བསྡུས་པའི་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་ཁྲོད་ལྟ་མཁན་གྱི་ཁྱབ་རྒྱ་ཆེས་ཆེ་བ་དང་ལྟ་མཁན་ཆེས་དགའི་གླུ་གཞས་ཆེད་ཚོགས་ཤིག་ཏུ་གྱུར་ཡོད།

ཡུན་རིང་ལ་བོད་ཀྱི་རོལ་མོ་ཁྱབ་གདལ་དང་དྲིལ་སྒྲོག་གི་བྱ་བ་སྒྲུབ་པའི་རྨ་ཆུའི་འཇམ་བྷེ་ལགས་ཀྱིས་སྔ་གཞུག་ཏུ་ཐེངས་ལྔ་ལ“གངས་ཆབ་ཟེགས་མའི་འགྱུར་ཁུག”ཅེས་པའི་རིག་རྩལ་དགོང་ཚོགས་ཆེན་མོ་བདེ་བླག་ངང་བསྒྲུབས་ཤིང་། དགོང་ཚོགས་དེ་དག་བོད་ཡུལ་ན་ཤུགས་རྐྱེན་ཆེས་ཟབ་པའི་དགོང་ཚོགས་གྲས་ཀྱི་གཅིག་ཏུ་གྱུར་འདུག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།