སྨན་བླ་སྐྱབས་དང་གཡང་ཕྱུག་མཚོ་སོགས་ཕེབས་ཏེ་2016ལོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གྲ་སྒྲིག་ཚགས་སུ་ཆུད་པ།

  ཉེ་ལམ། བོད་ཀྱི་སྒྱུ་རྩལ་བ་སྨན་བླ་སྐྱབས་མཆོག་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ལ་དབུས་ལྷ་ལྡན་ནས་གྲོང་ཁྱེར་ཟི་ལིང་ལ་ཆེད་ཕེབས་སྒོས་དགོང་ཚོགས་ཇུས་འགོད་མཁན་གཙོ་གྲས་རོལ་མོ་བ་འཇམ་བྷེ་དང་ལྷན་ཅིག་དགོང་ཚོགས་ཇི་ལྟར་སྒྲུབ་པའི་སྒོ་ནས་གསུང་མོལ་མང་དུ་གནང་། གལ་སྲིད་ཁྱེད་ཉིད་སྨན་བླ་སྐྱབས་ཀྱི་ཧྥན་ཟི་ཡིན་པ་དང་སྔར་བཞིན་ཁོང་གི་སྒྱུ་རྩལ་གྱི་ལམ་བུས་ཁྱེད་ཀྱི་མིག་ཁ་དཀྲི་བཞིན་ཡོད་ན་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ལ་དོ་སྣང་བྱ་རྒྱུ་ནི་ཐམས་དམ་པ་རང་རེད།

IMG_2854.jpg

  དེ་བཞིན་བོད་ཀྱི་གློག་བརྙན་འཁྲབ་སྟོན་མ་དང་གཞས་མ་གྲགས་ཅན། གཞོན་ནུ་མང་པོའི་ཡིད་ཀྱི་དང་རྟེན་གཡང་ཕྱུག་མཚོའང་ཧྥ་རན་སི་ནས་ཆེད་ཕེབས་ཀྱིས་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གྲ་སྒྲིག་གི་ལས་ཀར་ཞུགས་ཡོད། ཉིན་འདི་གར། མོས་ཧྥ་རན་སི་ན་འཁྲབ་སྟོན་བྱེད་ཀྱིན་ཡོད་ནའང་། ཕ་ཡུལ་གངས་ལྗོངས་ན་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་སྒྲུབ་བཞིན་པའི་གཏམ་ཐོས་རྗེས། ཧྥ་རན་སིའི་ཕྱོགས་ཀྱི་གཙོ་སྒྲུབ་པ་དང་གྲོས་བྱས་ཏེ། དེ་གའི་འཁྲབ་སྟོན་སྔ་མོ་ནས་གྲིལ་བར་བྱས་ཤིང་ཕྱིར་བོད་ནང་དུ་ལོག

杨秀措和剧组人员交流.jpg

  ཐེངས་འདིའི་སྐལ་བ་དང་བསྟུན་ཏེ། མོས《དྲ་ལམ་གཡང་མཚོ》ཞེས་པའི་ལེ་ཚན་ཞིག་བསྒྲུབ་སྟེ་དེའི་ཇུས་འགོད་པ་དང་མདོ་འཛིན་པ་བྱས་ནས་ཐེངས་འདིའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ལ་ཕེབས་པའི་སྒྱུ་རྩལ་བ་དང་གཞས་པ་གཞས་མ་རྣམས་དང་ལྷན་ཅིག་ཁ་བརྡ་བྱ་རྒྱུ་རེད།

                                         

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨན་བླ་སྐྱབས་དང་གཡང་ཕྱུག་མཚོ་སོགས་ཕེབས་ཏེ་2016ལོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གྲ་སྒྲིག་ཚགས་སུ་ཆུད་པ།

2016-01-10 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

  ཉེ་ལམ། བོད་ཀྱི་སྒྱུ་རྩལ་བ་སྨན་བླ་སྐྱབས་མཆོག་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ལ་དབུས་ལྷ་ལྡན་ནས་གྲོང་ཁྱེར་ཟི་ལིང་ལ་ཆེད་ཕེབས་སྒོས་དགོང་ཚོགས་ཇུས་འགོད་མཁན་གཙོ་གྲས་རོལ་མོ་བ་འཇམ་བྷེ་དང་ལྷན་ཅིག་དགོང་ཚོགས་ཇི་ལྟར་སྒྲུབ་པའི་སྒོ་ནས་གསུང་མོལ་མང་དུ་གནང་། གལ་སྲིད་ཁྱེད་ཉིད་སྨན་བླ་སྐྱབས་ཀྱི་ཧྥན་ཟི་ཡིན་པ་དང་སྔར་བཞིན་ཁོང་གི་སྒྱུ་རྩལ་གྱི་ལམ་བུས་ཁྱེད་ཀྱི་མིག་ཁ་དཀྲི་བཞིན་ཡོད་ན་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ལ་དོ་སྣང་བྱ་རྒྱུ་ནི་ཐམས་དམ་པ་རང་རེད།

IMG_2854.jpg

  དེ་བཞིན་བོད་ཀྱི་གློག་བརྙན་འཁྲབ་སྟོན་མ་དང་གཞས་མ་གྲགས་ཅན། གཞོན་ནུ་མང་པོའི་ཡིད་ཀྱི་དང་རྟེན་གཡང་ཕྱུག་མཚོའང་ཧྥ་རན་སི་ནས་ཆེད་ཕེབས་ཀྱིས་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གྲ་སྒྲིག་གི་ལས་ཀར་ཞུགས་ཡོད། ཉིན་འདི་གར། མོས་ཧྥ་རན་སི་ན་འཁྲབ་སྟོན་བྱེད་ཀྱིན་ཡོད་ནའང་། ཕ་ཡུལ་གངས་ལྗོངས་ན་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་སྒྲུབ་བཞིན་པའི་གཏམ་ཐོས་རྗེས། ཧྥ་རན་སིའི་ཕྱོགས་ཀྱི་གཙོ་སྒྲུབ་པ་དང་གྲོས་བྱས་ཏེ། དེ་གའི་འཁྲབ་སྟོན་སྔ་མོ་ནས་གྲིལ་བར་བྱས་ཤིང་ཕྱིར་བོད་ནང་དུ་ལོག

杨秀措和剧组人员交流.jpg

  ཐེངས་འདིའི་སྐལ་བ་དང་བསྟུན་ཏེ། མོས《དྲ་ལམ་གཡང་མཚོ》ཞེས་པའི་ལེ་ཚན་ཞིག་བསྒྲུབ་སྟེ་དེའི་ཇུས་འགོད་པ་དང་མདོ་འཛིན་པ་བྱས་ནས་ཐེངས་འདིའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ལ་ཕེབས་པའི་སྒྱུ་རྩལ་བ་དང་གཞས་པ་གཞས་མ་རྣམས་དང་ལྷན་ཅིག་ཁ་བརྡ་བྱ་རྒྱུ་རེད།

                                         

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།