གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་དང་པོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་དངོས་སུ་མགོ་བརྩམས་པ།

2016-01-22 10:16:16 ཆེད་བཏང་གསར་འགོད་པ་འཁོན་ལྷ་རྗེ་དཔལ། ཀློག་གྲངས། མཆན ཡོད།

ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བདུན་པའི་གཡས་གཡོན་ནས་མགོ་བརྩམས་ཏེ། བསང་ཆུའི་དུང་དཀར་ཐང་བོད་ཀྱི་རིག་གནས་ཐོན་ལས་གླིང་གི་སྒོ་འགྲམ་དུ། རིམ་བཞིན་སྐབས་དང་པོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ལ་ཕེབས་པའི་ལྟད་མོ་བ་སྐོར་དང་སྐོར་བྱས་ཏེ་འདུས་ཤིང་། ཆུ་ཚོད་བརྒྱད་པ་སླེབ་མཚམས་འཚང་ཁ་ཤིག་ཤིག་གི་གནས་སྟངས་ཤིག་གྲུབ། 

སྐབས་དང་པོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཏེ། ༢༠༡༦ལོའི་ཟླ༡ཚེས༢༠ཉིན་གྱི་དགོང་མོའི་ཆུ་ཚོད་༩པའི་སྟེང་། བསང་ཆུའི་དུང་དཀར་ཐང་བོད་ཀྱི་རིག་གནས་ཐོན་ལས་གླིང་འཁྲབ་སྟོན་ལྟེ་གནས་སུ་འཁྲལ་ཡོལ་ཕྱེས་ཤིང་། སྒྲ་སྙན་རིག་གནས་སྨྱན་བྱེད་ཚད་ཡོད་འགན་ལེན་ཀུང་ཟི་དང་གངས་ཆབ་ཟེགས་མ་རིག་གནས་རྒྱུད་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་གཙོ་སྒྲུབ་དང་། བོད་ཀྱི་རོལ་མོ་བ་གྲགས་ཅན་འཇམ་དབྱངས་བསྟན་འཛིན། བོད་ཀྱི་གཞས་པ་གྲགས་ཅན་སྒྲོལ་མ་སྐྱབས། ཡུན་རིང་ལ་བོད་ཀྱི་རོལ་མོ་ཁྱབ་གདལ་དང་དྲིལ་སྒྲོག་གི་བྱ་བ་སྒྲུབ་པའི་རྨ་ཆུའི་འཇམ་བྷེ་གསུམ་གྱིས་མཉམ་གཅིག་ཏུ་བསྡུས་པའི་དགོང་ཚོགས་དེ་ནི། བོད་ཀྱི་རིག་རྩལ་གྱི་ལས་ཀ་སྒྲུབ་མཁན་རྣམས་ཀྱིས་རྒྱ་ཆེ་བའི་ལྟད་མོ་བར་ད་ལོའི་ལོ་སར་ལ་ཕུལ་བའི་གསོལ་སྟོན་ཆེན་པོ་ཞིག་ཡིན།

དམངས་གླུ་སྙན་མོ་ཞིག་གིས་རྟེན་འབྲེལ་བསྒྲིགས་ཐོག་དགོང་ཚོགས་ཧ་ལམ་ཆུ་ཚོད་གསུམ་ལ་ཉེ་བར་རྒྱུན་བསྐྱངས་པ་དང་། དེར་གཞས་པ་སྒྲོལ་མ་སྐྱབས་དང་། ཀུན་དགའ། བཀྲ་ཤིས་ཉི་མ། དབྱངས་ཅན་ལྷ་མཛེས། ཚེ་དབང་ལྷ་མོ། བདེ་སྐྱིད་ཚེ་རིང་། གཡང་ཕྱུག་འཚོ། གཡུ་འབྲུག་ཚན་སྡེབ། རྡུང་ལེན་པ་རྡོ་རེད་སོགས་བོད་ཀྱི་གླུ་བ་གྲགས་ཅན་མང་པོས་སྙན་འཇེབས་ཀྱི་གཞས་དང་ཡིད་འོང་གི་འཁྲབ་སྟོན་མང་པོ་བྱས་པ་མ་ཟད། ཁ་ཤགས་སྒྱུ་རྩལ་བ་སྨན་བླ་སྐྱབས་དང་ཞི་བདེ་ཉི་མ་གཉིས་ཀྱིས་ཀྱང་སོ་སོས་གར་ཆུང་གཉིས་ལྟད་མོ་བར་ཕུལ་ཅིང་ལྟད་མོ་བས་ཀྱང་ཐལ་མོའི་རྡེབ་སྒྲ་གསལ་ལྷང་ངེར་བཏང་བ་དང་། རྒྱུས་ལོན་བྱུང་བ་ལྟར་ན། ཕབ་སྐྲུན་ཚར་རྗེས་ཀྱི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་ཡུལ་དངོས་བརྙན་གཟུགས་རྣམས། ༢༠༡༦ལོའི་ལོ་སར་སྐབས་དྲ་ཚིགས་ཆེ་གྲས་ཁག་དང་Appསོགས་འཕྲིན་སྟེགས་ལས་ཅིག་ཅར་གཏོང་རྒྱུ་ཡིན་པར་འདུག །

གཤམ་ཏུ་འདི་གའི་གསར་འགོད་པས་སྐབས་དང་པོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་ཡུལ་དངོས་ནས་བསྐྱོན་པའི་པར་འགའ་དགོད་པར་བྱ།


དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས།

1453430798102927.jpg
མགོ་བརྩམས་པ།

1453430797757359.jpg
རྡོ་བ་ཚེ་སྐྱིད།


དབྱངས་ཅན་སྒྲོལ་དགའ།


སྒྲོལ་མ་སྐྱབས།


དབྱངས་ཅན་ལྷ་མཛེས།


གཡང་ཕྱུག་འཚོ།


རྡོ་རེད།


གེ་རྒྱལ་པདྨ།


ཚེ་དབང་ལྷ་མོ།


བདེ་སྐྱིད་ཚེ་རིང་།


ཀུན་དགའ།


དབང་སྒྲོལ་འཚོ།


གཡུ་འབྲུག་ཚན་སྡེབ།


སྨན་བླ་སྐྱབས་ཀྱི་གར་ཆུང་།


གཡང་ཕྱུག་འཚོ་དང་ཞི་བདེ་ཉི་མའི་གར་ཆུང་།


གནམ་ལྕགས་རོལ་ཚོགས།


དགོང་ཚོགས་མཇུག་རྫོགས་པ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།