གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐལ་བཟང་བཟོད་པ་མཆོག་གིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཆད་ཁྲིད་བྱས་པ།

2016-03-31 02:50:41 གངས། ཀློག་གྲངས། མཆན ཡོད།

IMG_0444.JPG

 ཉིས་སྟོང་བཅུ་དྲུག་ལོའི་སྤྱི་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན།སློབ་གསོ་བ་དང་རིག་གཞུང་ཞིབ་འཇུག་པ་སྐལ་བཟང་བཟོད་པ་(དངུལ་རྭའི་བཟོད་ པ)མཆོག་གིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པ་སློབ་གླིང་ནས་《མི་རིགས་ཀྱི་གཞི་རིམ་སློབ་གསོའི་གནས་བབ་དང་དེར་དཔྱད་པ་》ཞེས་པའི་འཆད་ཁྲིད་ཅིག་སྤེལ་སོང་།

     ཁོང་གིས་ཚེ་ཕྱེད་ལ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ལས་དོན་གཉེར་བ་དང་།སྒོས་སུ་ལོ་ངོ་མང་པོ་ཞིག་གི་རིང་ལ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དུ་སློབ་གསོ་འཛིན་སྐྱོང་སྤེལ་གསུམ་བྱས་པའི་ཉམས་མྱོང་ལས་འཕྲོས་ཏེ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ད་ལྟའི་གནས་བབ་ནི་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད། སློབ་གྲྭ་ཆུང་འབྲིང་དག་ན་སྐད་ཡིག་རིག་གནས་བཀོལ་སྤྱོད་ཀྱི་ཁོར་ཡུག་གི་རྒྱ་ཇེ་ཆུང་དུ་འགྲོ་བ་དང་།བོད་མི་རང་ངོས་ནས་དགེ་རྒན་ལ་སློབ་མ་གསོ་སྐྱོང་ཐད་འགན་ཁུར་གྱི་འདུ་ཤེས་དགོས་པ།སློབ་མར་རང་སྐྱོན་ངོས་ལེན་བྱེད་པའི་འདུ་ཤེས་དང་རང་གི་མི་རིགས་ཀྱི་སྐད་ཡིག་རིག་གནས་ལ་སློབ་སྦྱོང་བྱེད་པའི་རང་རྟོག་གི་འདུ་ཤེས་བསྐྱེད་བསྲིང་བྱེད་དགོས་པའི་ལྟ་ཚུལ་བཏོན།

IMG_0462.JPG

     ད་ལྟའི་བོད་ཙམ་མིན་པར་རྒྱ་ཡོངས་ཀྱི་སློབ་གསོའི་ཕམ་ཁའམ་ནག་ཉེས་ཤིག་ནི་སློབ་ཆུང་སློབ་མར་སློབ་ཁྲིད་དང་ལས་བྱ་མང་པོ་བཀོད་སྒྲིག་བྱས་ཏེ་དཀའ་ཚེགས་ཆེ་ཞིང་ཐབས་དང་རིགས་པ་བྲལ་བའི་སློབ་གསོ་བྱེད་སྟངས་དེས་སློབ་མ་ཚོའི་སློབ་སྦྱོང་བྱེད་པའི་སྤྲོ་སྣང་མེད་པར་བཟོ་བ་དང་།སློབ་སྦྱོང་ལ་སུན་སྣང་སྐྱེ་བའི་སེམས་ཁམས་ངན་པ་ཞིག་བསྐྲུན་བཞིན་པས་ང་ཚོས་ཕྱི་གླིང་གི་སློབ་གསོའི་ལེགས་ཆ་ལ་སློབ་སྦྱོང་བྱེད་དགོས།ཡིན་ནའང་ཐམས་ཅད་ཞྭ་དཔེ་ལྷམ་འགེབས་བྱེད་མི་རུང་བར་གདམས།

      བོད་ཀྱི་རིག་གནས་པའི་སྡེ་རུ་སྔར་གྱི་གཞན་དྲིང་མི་འཇོག་པའི་སློབ་སྦྱོང་བྱེད་ཐབས་ལེགས་པོ་སྟེ།དཔེར་ན་ཤེས་བྱ་ཚིག་མཛོད་དང་གླེགས་བམ་ལ་མི་བཅོལ་བར་རང་རང་སོ་སོའི་ཡིད་ལ་འཛིན་པ་དང་ངག་ནས་སྐྱོར་བའི་སྲོལ་རྒྱུན་ལེགས་པོ་དག་ད་ལྟ་གཞི་ནས་ཉམས་ཀྱིན་པ་དང་།སློབ་གྲྭ་ཆུང་འབྲིང་དུ་བོད་ཀྱི་སྐད་ཡིག་རིག་གནས་བཀོལ་སྤྱོད་ཀྱི་རྒྱ་ཁྱོན་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་གྱིན་པའི་གནས་སྟངས་ལ་དམིགས་ཏེ་དེ་ཉིད་སླར་གསོ་དང་རྒྱུན་འཛིན་བྱེད་དགོས་ན་ང་ཚོ་ཚང་མས་ངེས་པར་དུ་མི་རིགས་སློབ་ཆེན་སོ་སོ་ནས་རིག་ཚན་འཛུགས་སྐྲུན་གྱི་བྱ་བར་ཤུགས་རྒྱག་དགོས་པ་གལ་བོ་ཆེ་ལ་ནན་གྱི་ཚུལ་དུ་གསུང་སོང་།

                                        རྩོམ་སྒྲིག་པ། དབང་མོ།

                                                                   མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང་།                                                                                  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།