རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སྐབས་བཅུ་བཞི་པ་ནོར་ཝེ་རྒྱལ་ཁབ་ཀྱི་བྷིར་རྒན་གྲོང་ཁྱེར་གྱི་བྷིར་རྒན་སློབ་གྲྭ་ཆེན་མོར་འཚོགས་པ།

ངེད་དྲ་བའི་གསར་འགོད་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-07-02

IMG_0142 2.JPG
        ཚོགས་ར།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སྐབས་བཅུ་བཞི་པ་ནོར་ཝེ་རྒྱལ་ཁབ་ཀྱི་བྷིར་རྒན་གྲོང་ཁྱེར་གྱི་བྷིར་རྒན་སློབ་གྲྭ་ཆེན་མོར་ད་ལོའི་སྤྱི་ཟླ་༦་ཚེས་༡༩་ནས་ཚེས་༢༥བར་ཚགས་ཚུད་པོའི་ངང་ཚོགས་ཡོད་འདུག  དེར་ཁྱོན་བསྡོམས་རྒྱལ་ཁོངས་མི་འདྲ་བ་ནས་ཡིན་པའི་ཚོགས་ཞུགས་པ་༤༩༩ཡིས་ཐོ་འགོད་གནང་ཡོད་པ་དང་། དེའི་གྲས་ཀྱི་༤༦༠ནི་དཔྱད་རྩོམ་སྒྲོག་སྤྱང་བྱེད་མཁན་གྱི་ཉམས་ཞིབ་པ་དང་སློབ་དཔོན་ཆེན་མོ། འབུམ་རམས་པའི་སློབ་གཉེར་བ་སོགས་ཡིན་འདུག ཡིན་ནའང་ཐོ་འགོད་བྱས་པ་ཚང་མ་ཕེབས་ཐུབ་ཡོད་མི་འདུག  

ཟུར་ཉན་བྱེད་མཁན་དང་ཚོགས་འདུར་ལས་རོགས་གནང་མཁན་ནོར་ཝེར་གནས་པའི་བོད་མིའི་གཙོ་བྱས་པའི་དང་བླངས་པ་ཡང་གང་མང་ཕེབས་ཡོད་འདུག ཐེངས་འདིའི་ཚོགས་འདུ་གཙོ་སྐྱོང་གནང་མཁན་ཨོ་སི་ལོའི་སློབ་གྲྭ་ཆེན་མོའི་ཆོས་ལུགས་ལོ་རྒྱུས་ཀྱི་སློབ་དཔོན་ཆེན་མོ་ཧན་ན*ཧེ་ཝི་ནགས་Hanna Havnevikལགས་རེད་འདུག

ནོར་ཝེ་གཞུང་དམངས་ཀྱིས་བོད་མིར་འབྲེལ་བ་ཡུན་རིང་བྱས་ཡོད་འདུག་ལ། ཡིད་སྨོན་འཆོར་དགོས་པ་ཞིག་ནི་ཉེ་བའི་ལོ་རབས་འགར་བོད་ཡུལ་ནས་ཐད་གར་ཕེབས་པའི་སློབ་གཉེར་བ་༡༠༠་ལ་སློབ་ཡོན་སོགས་ཀྱིས་རོགས་སྐྱོར་བྱས་ནས་སློབ་ཆེན་མཐར་ཕྱིན་ཡོད་པ་དང་། དེ་ཚོའི་གྲས་ནས་སློབ་གཉེར་བ་བཅུ་ལྷག་གིས་རང་བྱུང་ཚན་རིག་དང་། སྤྱི་ཚོགས་ཚན་རིག བོད་རིག་པ་སོགས་ཆེད་སྦྱོང་བྱས་ནས་འབུམ་རམས་པའི་གོ་གནས་བླངས་ཏེ་ཕྱིར་རང་ཡུལ་ལ་ཕེབས་ནས་ཕྱག་ལས་གནང་གིན་ཡོད་འདུག

         ཐེངས་འདིར་ཚོགས་ཐེངས་སྔོན་མ་དག་དང་མ་འདྲ་བ་ཞིག་དང་། ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་ཞིག་ནི་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོའི་སྐབས་སུ་ཆེད་དུ་ཚོགས་ཞུགས་པ་ཀུན་ལ་དམིགས་བསལ་གྱི་གཏམ་བཤད་གནང་མཁན་ཞིབ་འཇུག་པ་གཞོན་སྐྱེས་རྩེ་ཕུད་གཉིས་གདན་འདྲེན་ཞུས་པ་དེ་རེད་འདུག གཅིག་ནི་ཨ་རིའི་ནུབ་བྱང་སློབ་གྲྭ་ཆེན་མོའི་(Northwestern University)ཆོས་ལུགས་རིག་པའི་སྡེ་ཁག་གི་སློབ་དཔོན་ཆེན་མོ་གཞོན་པ་སེ་ར*རྗེ་ཁོ་སྦི་Sarah Jacobyལགས་ཡིན་པ་དང་། ཅིག་ཤོས་ནི་དབྱིན་ཡུལ་ཨོཁེསེཧྥོར་ཌི་སློབ་གྲྭ་ཆེན་མོའི་(University of Oxford)ཤར་ཕྱོགས་རིག་པའི་སྡེ་ཁག་གི་དགེ་རྒན་ཆེན་མོ་དང་རྩོམ་རིག་ཉམས་ཞིབ་པ་མདའ་ཚན་བླ་མ་སྐྱབས་རེད་འདུག

        IMG_0140.JPG
         སེ་ར*རྗེ་ཁོ་སྦི་Sarah Jacobyལགས་ཀྱིས་གཏམ་འཆད་བཞིན་པའི་ཚུལ།

སེ་ར*རྗེ་ཁོ་སྦི་ལགས་ཀྱིས་༼  བོད་རིག་པ་དང་གླེང་མོལ་གྱི་སྒྱུ་རྩལ ༽ཞེས་པའི་གཏམ་བཤད་ཞིག་གནང་སོང་། མཚན་ཉིད་རིག་པ་བ་དང་རྩོམ་རིག་གཞུང་ལུགས་སྨྲ་མཁན་མི་ཁེལ*སྦག་ཁྲེན་Mikhail Bakhtinལགས་གྱི་རང་གཞན་ལྟོས་བཅས་ཀྱི་འབྲེལ་བ་ལས་བྱུང་བའི་ཐ་སྙད་དང་གླེང་མོལ་གྱི་ལྟ་གྲུབ་དང་། ཁོང་ལ་ཤུགས་རྐྱེན་གང་འཚམས་ཐེབས་མཁན་མཚན་ཉིད་རིག་པ་བ་མར་ཁྲེན*སྦུ་སྦིརMartin Buberལགས་ཀྱི་སྒྱུ་རྩལ་རིགས་གང་ཡིན་ཡང་སྐྲུན་མཁན་རང་ལས་བརྒལ་ཏེ་གཞན་དང་འབྲེལ་ཐུབ་པའི་གླེང་མོལ་གྱི་རང་བཞིན་ཞིག་ཡོད་པའི་ལྟ་གྲུབ་གཉིས་ལ་གཞི་བཅོལ་ནས་གསུང་བཤད་གཏིང་ཟབ་གནང་སོང་། ལྷག་པར་དུ་མོ་རང་གིས་གསར་དུ་པར་སྐྲུན་བྱས་པའི་༼བརྩེ་བ་དང་ཐར་བ། བོད་ཀྱི་རྣལ་འབྱོར་མ་སེ་ར་མཁའ་འགྲོའི་རང་རྣམ༽ ཅེས་པའི་དཔེ་དེབ་དུ་མི་ཁེལ*སྦག་ཁྲེན་གྱི་སྐད་ངག་མང་འདྲེསpolyphonicཅེས་པའི་བསམ་བློ་དེ་བེད་སྤྱད་བཏངས་ནས་ཞིབ་དཔྱོད་བྱས་ཡོད་པ་ཁུང་ལུངས་གང་མང་དྲངས་ནས་བསྟན་སོང་། སྐད་ངག་མང་འདྲེས་ཞེས་པའི་བསམ་བློ་ནི་ལྷུག་རྩོམ་གང་ཞིག་ཏུ་རྩོམ་པ་པོ་རང་ཉིད་ཀྱི་སྐད་ཆ་དང་། རྩོམ་པ་པོས་ཞིབ་འབྲི་བྱས་པའི་མི་སྣའི་སྐད་ཆ་དག་འདྲ་མཉམ་གྱི་ཚུལ་གྱིས་འདྲེས་ཡོད་པ་དང་། སྐད་ཆ་བཤད་སྟངས་དང་། བསམ་ཚུལ་འཛིན་སྟངས་སོགས་མང་པོ་ཞིག་གཙིགས་ཆེ་ཆུང་གི་འདུ་ཤེས་མེད་པར་ཕན་ཚུན་གླེང་མོལ་བྱེད་པ་ལྟ་བུར་འདྲེས་ཡོད་པ་ཞིག་ལ་ཟེར་གྱི་ཡོད་པ་འདྲ། སེ་ར*རྗེ་ཁོ་སྦི་ལགས་ཀྱིས་སེ་ར་མཁའ་འགྲོ་མའི་རང་རྣམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི་སྐད་ངག་མང་འདྲེས་ཀྱི་རྣམ་པ་འདི་ཡིན་ལ། ཁོ་མོའི་རང་རྣམ་ནི་བྱང་ཆུབ་སེམས་དཔའ་དག་དང་། མཁའ་འགྲོ་མའི་ཚོགས། གཞི་བདག བདུད་རིགས། སྲོག་ཆགས། སློབ་དཔོན། གཉེན་ཉེ། ཁྱིམ་མཚེས་སོགས་ཀྱི་སྐད་ངག་མ་འདྲ་བ་མང་པོ་ཞིག་གིས་གྲུབ་ཡོད་པ་དང་། སྐད་ངག་འདི་དག་མོ་རང་ཉིད་ཀྱི་སྐད་ངག་དང་འདྲ་པོ་འདྲ་རྐྱང་མིན་ནའང་། དེ་ལས་རྦད་དེ་ལྡོག་པའང་རེད་མི་འདུག་ཅེས་འདང་རྒྱག་བྱེད་དགོས་པ་མང་པོ་གསུང་འདུག་ལ། མཐའ་འཇུག་གླེང་མོལ་གྱི་བསམ་བློ་དང་རྣམ་པ་བེད་སྤྱད་བྱས་ནས་བོད་རིག་པ་ཉམས་ཞིབ་པ་ཚོས་ཕན་ཚུན་ལ་དོན་སྙིང་ལྡན་པའི་བགྲོ་གླེང་ཅི་ལྟར་བྱ་དགོས་པ་དང་། གཞན་བོད་རིག་པའི་སྡེ་ལས་བརྒལ་དེ་རིག་པའི་གནས་གཞན་དག་ལ་ཞིབ་དཔྱོད་བྱེད་པའི་མཁས་པ་ཚོ་དང་ལྷན་དུའང་གླེང་མོལ་བྱེད་ཐུབ་དགོས་བའི་སྐོར་ལ་མནོ་བསམ་མཐིལ་ཕྱིན་པ་གཏོང་དགོས་པའི་བསམ་འཆར་དང་དྲི་བ་མང་པོ་བཏོན་སོང་།

        IMG_0141 2.JPG
        མདའ་ཚན་བླ་མ་སྐྱབས་ལགས་ཀྱིས་གཏམ་འཆད་བཞིན་པའི་ཚུལ།

མདའ་ཚན་བླ་མ་སྐྱབས་ལགས་ཀྱིས་༼ བོད་ལ་འཇུག་པ། སྐད་ཡིག་སྲོག་སྙིང་དུ་བཟུང་ནས་ཤེས་བྱས་མ་བཤད་པ་དག་བཤད་པ༽ཞེས་པའི་གཏམ་བཤད་སྒྲ་དག་གསལ་གསུམ་གྱིས་བརྒྱན་པ་ཞིག་དབྱིན་སྐད་ཐོག་གསུང་སོང་ལ།ནང་དོན་གཙོ་བོ་འགའ་བོད་ཡིག་ཐོག་བརྙན་ལམ་བརྒྱུད་ནས་བསྟན་པར་ཀུན་གྱིས་གདེང་འཇོག་མཐོན་པོ་གནང་ཡོད་འདུག ཚོགས་ཞུགས་པ་མང་པོས་ཚོགས་འདུ་ཡོང་གི་ཟབ་ཚད་དང་ཁ་ཕྱོགས་ལ་ཕན་སོང་ཞེས་བསྔགས་བརྗོད་བྱེད་ཀྱིན་འདུག ཁོང་གིས་རང་གི་བརྩམས་ཆོས་༼བོད་ཀྱི་དེང་རབས་རྩོམ་རིག་གི་ཡིག་ངག་རྩོམ་རྒྱུན་ཏེ། གཡོལ་ཐབས་མེད་པའི་རང་ཡུལ།༽ཞེས་པ་དེའི་སྐྱོན་ཡོན་གཉིས་བརྗོད་ཞོར་མཁས་པའི་བགྲོ་གླེང་ལ་སྐྱོན་འཚོལ་དགག་རྒྱག་མཁོ་པ་དང་། བོད་ཤེས་པར་འདོད་ན་བོད་ཀྱི་སྐད་ཡིག་སྲོག་སྙིང་དུ་འཛིན་དགོས་པ། ཤེས་ལྡན་ཞིག་ཡིན་ན་ཀུན་གྱིས་མ་སྨྲས་པ་དང་སྨྲ་མི་ཕོད་པ་དག་ཕྱོགས་ཞེན་མེད་པར་བརྗོད་དགོས་ལ། སྨྲ་སྒོ་བཅད་པ་དག་ལ་སྨྲ་ལྕེ་སྤྲད་དགོས་པ། བོད་པའི་བུད་མེད་ཀྱི་བདེ་སྡུག་དང་ཐོབ་ཐང་ལ་དོ་སྣང་བྱེད་དགོས་པ། རྙོག་འཛིང་ཅན་གྱི་ཤེས་བྱ་དང་དབང་ཤུགས་ཀྱི་འབྲེལ་འདྲེས་ལ་ཞིབ་དཔྱོད་བྱ་དགོས་སོགས་ཀྱི་སྐོར་བློ་རིག་རྣོ་ལ་སྨྲ་བ་དག་པའི་སྒོ་ནས་ནུབ་ཕྱོགས་དང་བོད་པའི་ལྟ་གྲུབ་སོགས་དབང་པོར་བཞག་ནས་བརྗོད་སོང་། 

         IMG_0144.JPG
         རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚེ་རིང་ཤཱཀྱ་དང་མདའ་ཚན་བླ་མ་སྐྱབས།

དཔེར་ན། ཁོང་གིས་སྐད་ཡིག་ནི་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་གཅིག་པུ་མ་ཡིན་པར། དེས་མི་སྤྱི་སྒེར་གྱི་བསམ་བློ་འདྲ་མིན་གཏོང་ཐུབ་མིན་དང་། ཚོར་བ་ཡོང་སྟངས་། བརྡ་སྤྲོད་སྟངས་སོགས་ལ་བག་ཆགས་ཕྲ་ཞིང་ཕྲ་བ་འཇོག་གི་ཡོད་པ། George Orwell ལགས་ཀྱི་བརྩམས་སྒྲུང་༼   གཅིག་སྟོང་དགུ་བརྒྱ་གྱ་བཞི ༽ཞེས་པར་གསལ་བ་ལྟར། སྲིད་དབང་ཆིག་གཅོད་པས་དབྱིན་སྐད་ཀྱི་ཐ་སྙད་ཕུན་སུམ་ཚོགས་པ་ཇེ་ཉུང་དང་སྟབས་ཇེ་བདེར་བཏང་ནས་སྐད་གསར་ཞིག་བཟོས་ཡོད་ལ། དེའི་དམིགས་ཡུལ་གཙོ་བོ་ནི་མིའི་རང་དབང་གི་བསམ་བློ་དང་སྒེར་ཚུགས་ཀྱི་འཇིག་རྟེན་ལྟ་ཚུལ་སོགས་གཅུན་པར་བྱེད་པ་དེ་ཡིན་པ་གསུང་ཞིང་། ཡང་ཁོང་གིས་སྐད་ཡིག་གཞན་གྱི་ཞིབ་འཇུག་བརྒྱུད་བོད་ཀྱི་རིག་གཞུང་སྐོར་ལ་གོ་རྟོགས་བྱུང་ཡོད་ནའང་། བོད་སྐད་བྱང་ཆུབ་པ་ཞིག་མ་ཤེས་པར་བོད་མིའི་བསམ་བློ་དང་། ཚོར་བ། རྟོག་པའི་འཕྲོ་འདུ།  ཉིན་རེའི་འཚོ་བ་སྐྱེལ་སྟངས་སོགས་འགྲོ་འདུག་འཆག་གསུམ་མཐར་ཕྱིན་པ་ཞིག་ཤེས་དཀའ་ཚུལ་གསུང་།

         IMG_0143 2.JPG
         ཐེངས་འདིར་བདམས་ཐོན་བྱུང་བའི་རྒྱུན་ལས་ལྷན་རྒྱས།

ཡང་ཁོང་གིས་ཁོང་རང་གི་དེབ་ཀྱི་སྐོར་གླེང་སྐབས། ངའི་དེབ་ཀྱི་བརྗོད་བྱ་དང་སྒྲོམ་གཞིར་འཐིམ་ཡོད་ནའང་མངོན་གསལ་དོད་པོར་ཞིབ་འབྲི་བྱས་མེད་པ་ཞིག་ནི་ཤེས་བྱ་དང་དབང་ཤུགས་ཀྱི་ལྟོས་བཅས་ཀྱི་འབྲེལ་བ་རེད། བོད་ཀྱི་སྐོར་ལ་ཤེས་བྱ་འཚོལ་སྐྲུན་བྱས་ཡོད་པ་དག་གིས་བོད་པའི་ལྟ་སྤྱོད་དང་བོད་པ་མཚོན་སྟངས་སོགས་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་ཀྱིན་པ་དང་། ཤེས་རིག་ནི་གནས་ཚུལ་མཁོ་སྤྲོད་ཙམ་མིན་པར་མིས་སྤྱི་ཚོགས་སྐྱོང་སྟངས་དང་ཁེ་ཕན་རྩོད་སྟངས་སོགས་གྱི་རྒྱུ་རྐྱེན་དང་འབྲས་བུར་ཡང་སིམ་ཡོད་པས། བོད་སྐོར་ལ་ཉམས་ཞིབ་བྱེད་དུས་འདིའི་སྐོར་ལ་མནོ་བསམ་གཏིང་ཟབ་གཏོང་དགོས་འདུག་སྙམ་ཞེས་གསུང་། 

         ཁོང་གིས་Edward Saidལགས་ཀྱི་གསུང་ཚིགཤེས་ལྡན་ནི་མི་མང་ཞིག་ལ་གནས་ཚུལ་ལམ། བསམ་བློ། ལངས་ཕྱོགས། ལྟ་གྲུབ། བསམ་ཚུལ་བཅས་བརྗོད་ནུས་པའི་རྣམ་དཔྱོད་འཛོམས་པའི་མི་སྒེར་ཞིག་ཡིན་པ་མ་ཚད། འདི་དག་མི་མང་གི་ཚབ་བྱས་ཏེ་རང་སྟེང་ནས་སྟོན་མཁན་ཞིག་ལ་ཟེརཅེས་པ་སོགས་ལས་འཕྲོས་ཏེ་ཤེས་ལྡན་གྱི་ངོ་བོ་དང་འགན་འཁྲི་སོགས་གླེང་བ་དང་། དེ་བཞིན་ཁོང་གིས་གསུང་བཤད་གནང་སྐབས་Hannah Arendtདང་། Elliot Sperling, George Steiner,  Michel Foucaultསོགས་ནུབ་ཀྱི་མཁས་པ་དག་གི་ལྟ་གྲུབ་མཚོན་པའི་གསུང་ཚིག་གྲགས་ཅན་དག་དང་། ས་སྐྱ་ལེགས་བཤད་དང་བོད་ཀྱི་གཏམ་དཔེ་སོགས་དང་སྦྱར་ནས་ཁོང་རང་གི་ལྟ་བའི་གནད་རྣམས་གསལ་པོར་བཀྲལ། དཔེར་ན་ཁོང་གིས་ཤེས་ཡོན་དང་དབང་ཤུགས་བར་གྱི་འབྲེལ་བའི་སྐོར་གླེང་དུས་དབྱིན་ཇིའི་སྤྱི་འཐུས་འདས་པོ་ Tony Bennལགས་ཀྱིས་དྲིས་པའི་དྲི་བ་ལྔ་དང་སྦྱར་ཏེ་དྲི་བ་གསར་བ་ལྔ་བཏོན་པ་ལྟ་བུ་སྟེ། ༡ ང་ཚོར་བོད་ཀྱི་སྐོར་ལ་ཤེས་བྱ་ག་འདྲ་ཞིག་ཡོད་དམ། ༢ ང་ཚོར་ཤེས་བྱ་འདི་གང་ནས་རེག་བྱུང་། ༣ ང་ཚོས་སུའི་ཁེ་ཕན་གྱི་ཆེད་དུ་ཤེས་བྱ་འདི་བེད་སྤྱོད་བྱེད་ཀྱིན་ཡོད་དམ། ༤  གལ་སྲིད་ང་ཚོའི་ཤེས་བྱ་དང་དེའི་ཆ་ཤས་སོགས་རྦད་དེ་ནོར་ཡོད་ན་ང་ཚོ་སུ་ལ་འགན་འཁྲི་ཡོད། སུ་ལ་རྩིས་ལེན་བྱེད་དགོས། ༥ གལ་སྲིད་ང་ཚོས་ཤེས་པ་ཐམས་ཅད་ནོར་ཡོད་པ་ཡིན་ན་ང་ཚོས་རང་ཉིད་མེད་པ་ཅི་ལྟར་བཟོ་དགོས།

                                                            རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སྐབས་བཅུ་བཞི་པ་ནོར་ཝེ་རྒྱལ་ཁབ་ཀྱི་བྷིར་རྒན་གྲོང་ཁྱེར་གྱི་བྷིར་རྒན་སློབ་གྲྭ་ཆེན་མོར་འཚོགས་པ།

2016-07-02 ངེད་དྲ་བའི་གསར་འགོད་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།