བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པའམ་གེའུ་ལགས་ཐེ་ཝན་གསེར་རྟ་བྱ་དགའི་འོས་མིང་དུ་ཚུད་པ།

  སྤྱི་ཟླ10པའི་ཚེས1ཉིན། སྐབས་ང་གསུམ་པའི་གསེར་གྱི་རྟ་མཆོག་རྟགས་མའི་འོས་མིང་ཐོ་ཡིག་བསྒྲགས་ཤིང་།  འཁྲབ་ཁྲིད་པ་ཀྲང་དབྱང་གི་བརྩམས་ཆོས《རྒྱུན་བུའི་སྟེང་གི་རྣམ་ཤེས》ཀྱི་གཙོ་འཁྲབ་པ་བྱས་པ་རྒྱུ་མཚན་དུ་བྱས་ནས་གློག་བརྙན་འཁྲབ་སྟོན་པ་གསར་བ་རྩེ་གྲའི་འོས་མིང་དུ་བོད་ཀྱི་ན་གཞོན་འཁྲབ་སྟོན་པ་སྦྱིན་པའམ་གེའུ་ལགས་ཚུད་འདུག   སྦྱིན་པའམ་གེའུ་ལགས་ནི།  བོད་མདོ་སྨད་མཛོད་དགེ་ཉིན་མའི་མི་ཡིན། ཁོང་ནི་གློག་བརྙན་འཁྲབ་སྟོན་གྱི་ལས་ལ་ཞུགས་ནས་དུས་ཡུན་རིང་པོ་ལོན་མེད་ནའང་འཁྲབ་རྩལ་འཛོམས་ཤིང་སྒྱུ་རྩལ་ལ་དགའ་ཞེན་མཆོག་ཏུ་ཆེ་བས་ཀུན་ཀྱི་དང་བ་འདྲེན་ནུས་པའི་དྲ་ལམ་གྱི་མི་སྣ་ཞིག་ཏུ་གྱུར་ཡོད།

IMG_0815副本.JPG
གློག་བརྙན་འཁྲབ་དུས་ཀྱི་པར།

IMG_0994副本.JPG
འཚོ་བའི་ཁྲོད་ཀྱི་པར།

IMG_0814副本.JPG
གློག་བརྙན་འཁྲབ་དུས་ཀྱི་པར།

IMG_3838副本.JPG
འཚོ་བའི་ཁྲོད་ཀྱི་པར།

  སྦྱིན་པ་ལགས་ཀྱིས་དེ་སྔ་གློག་བརྙན་ཐུང་ངུ《ཤེས་རབ་ཀྱི་འཛུམ་མདངས》ཀྱི་གཙོ་འཁྲབ་པ་དང་། གློག་བརྙན《ཐར་ལོ》འི་འཁྲབ་རོགས་བྱས་མྱོང་། དེ་བཞིན་ཁོང་ནི་བོད་ཀྱི་དེང་རབས་སྙན་ངག་པ་ཞིག་ཀྱང་ཡིན། དེ་སྔ《འཆི་བ》ཞེས་པའི་སྙན་དེབ་ཅིག་ཀྱང་པར་དུ་བསྐྲུན་མྱོང་།

IMG_3907-2.JPG
 ཁོང་གིས་འཁྲབ་པའི་གློག་བརྙན《རྒྱུན་བུའི་སྟེང་གི་རྣམ་ཤེས》ཀྱི་དྲིལ་སྒྲོག་པར་རིས།

  མི་མང་པོ་ཞིག་གིས་གསེར་རྟ་བྱ་དགའ་ནི་རྒྱ་སྐད་ཀྱི་གློག་བརྙན་གྱི་དུས་སྟོན་དང་བྱ་དགའི་རིམ་པ་ཆེ་ཤོས་དེ་ཡིན་པར་ངོས་འཛིན་གནང་གིན་ཡོད།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།