སྒྲུང་དེབ《ལྷམ་ཡ་གཅིག》ཅེས་པ་དངོས་སུ་པར་སྐྲུན་བྱས་འདུག

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། བོད་ཀྱི་སྐྱེས་མའི་རྩོམ་པ་པོ་དང་ཁྱད་པར་དུ་བུད་མེད་གསར་རྩོམ་པ་སྐྱེད་སྲིང་བྱེད་རྒྱུ་ནི། ང་ཚོར་མཚོན་ན་ཁ་ཚ་དགོས་གཏུགས་སུ་གྱུར་བའི་རྩོམ་རིག་གསར་བའི་ས་ཁོད་ཇེ་ཡངས་སུ་གཏོང་བའི་ཀུན་སློང་གཙང་མའི་བློས་བསླངས་ཤིག་གམ་ཡང་ཞོར་དུ་བོད་ཀྱི་སྐྱེས་མ་ཚོའི་རིག་སྟོབས་མཐོར་འདེགས་གཏོང་ཐབས་གལ་ཆེན་ཞིག་ཡིན་པས། འདིར་ཆེད་དུ་གསར་རྩོམ་ལ་འཇུག་བཞིན་པའི་སྐྱེས་མ་ཞིག་དང་ཁོང་མོའི་བརྩམས་ཆོས་ཤིག་ངོ་སྤྲོད་བྱ།  

IMG_2330.JPG

དེ་ཡང་མོ་རང་གསར་རྩོམ་གྱི་ལམ་ལ་ཞུགས་ནས་ད་ལྟའི་བར། སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། འཁྲབ་གཞུང་བཅས་གང་མང་བྲིས་ནས་འབྲེལ་ཡོད་གཞུང་སྒེར་དུས་དེབ་དང་ཚགས་པར། དྲ་ཚིགས། འཕྲིན་སྟེགས་སོགས་སུ་རྩོམ་ཡིག་སྐོར་ཞིག་བཀོད་མྱོང་འདུག

མི་འགྱངས་བར་ཁོང་མོའི་བརྩམས་ཆོས《ལྷམ་ཡ་གཅིག》ཅེས་པའི་བརྩམས་སྒྲུང་དེ་ཐོག་མའི་བརྩམས་ཆོས་ཀྱི་ཚུལ་དུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ངམ་ཡང་ན་གསར་དུ་ཚུགས་པའི་ཀློག་པ་པོ་བོད་རིག་པ་དཔེ་སྐྲུན་ལྟེ་གནས་ནས་དངོས་སུ་དཔེ་སྐྲུན་དང་འགྲེམ་སྤེལ་བྱ་འཆར་ཡོད།   གལ་ཏེ་ཉིད་ཀྱིས་བོད་ཀྱི་གཞོན་ནུ་མ་ཞིག་གིས་རྩོམ་རིག་སྒྱུ་རྩལ་ལ་བཅངས་པའི་ལྟ་བ་དང་། སེམས་ཁམས། ད་དུང་ལག་ལེན་གྱི་གོམ་ཁ་ལ་ཅི་ལྟར་སྤོས་པ་སོགས་ཤེས་འདོད་ཡོད་ན། 《ལྷམ་ཡ་གཅིག》ཅེས་བའི་བརྩམས་སྒྲུང་གི་དེབ་འདི་ལ་དོ་སྣང་བྱ་རོགས།

IMG_2332.JPG

ཁོང་མོའི་མིང་ལ་རྔ་བ་ཚེ་རིང་སྐྱིད་ཟེར་ཅིང་། ཨ་མདོ་རྔ་བའི་རྨེའུ་རུ་མར་སྐྱེས།  ཁོང་མོའི་ཆེད་ལས་ནི་གྲངས་ཉུང་མི་རིགས་བོད་སྐད་ཡིག་རྩོམ་རིག་ཡིན་ལ། ད་ལྟ་སི་ཁྲོན་མི་རིགས་སློབ་གླིང་གི་སློབ་མ་ཡིན།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།