གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《སྣང་ཚོར་རོ་མཉམ》ཞེས་པའི་དེབ་གསར་པ་ཞིག་དགྲམ་འཆར་ཡོད་པ།

2017-08-29 11:27:54 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

New book.jpg

དེ་ཡང་ཟླ་འདིའི་ཟླ་སྨད་དུ། པེ་ཅིང་གི་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་པ་པོ་སྒོ་ཡོན་གྱི་སྙན་ངག་ལེགས་བསྒྲིགས<<སྣང་ཚོར་རོ་མཉམ>>ཞེས་པའི་དེབ་གསར་པ་ཞིག་དངོས་སུ་དཔེ་སྐྲུན་བྱས་ཡོད་པ་དང་།  མི་རིང་བར་ཕྱོགས་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་སོ་སོ་བརྒྱུད་དེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་དགྲམ་ངེས་རེད།

<<སྣང་ཚོར་རོ་མཉམ>>ཞེས་པར་རྩོམ་པ་པོའི་མི་ལོ་ལྔ་ལྷག་གི་རིང་ལ་བྲིས་པའི་ཚིགས་བཅད་སྙན་ངག་རྣམས་ལས་ཐུན་མོང་མ་ཡིན་པའི་བརྩམས་ཆོས་སུམ་ཅུ་ལྷག་ཙམ་བདམས་ཡོད་ཅིང་།   དེ་ནི་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་པར་སྐྲུན་གྱི་ལོ་རྒྱུས་ཁྲོད།   དེབ་ཀྱི་སྤུས་ཀ་ལེགས་ཤིང་སྙན་ངག་གི་གྲངས་ཀ་ཉུང་བའི་སྙན་དེབ་མཐོང་དཀོན་ཤོས་ཆགས་ཡོད་འདུག  

 

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།