རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་དེབ《ཝ་ནག་ལུང་པ》ཉི་འགྱུར་མ་ལ་ཉི་ཧོང་གི་ཀློག་པ་པོའི་དགའ་བསུ་ཐོབ་པ།

09E09850-3AF9-4333-B7BC-D620DFD61E68-227-000000380E6FB8FC_tmp.JPG

སྒྲུང་དེབ《ཝ་ནག་ལུང་པ》ཉི་འགྱུར་དེབ་ཀྱི་མདུན་ཤོག

456998A4-E54C-48B7-81FA-2CFFAD7C546A-227-0000003AD368FE89_tmp.JPG

རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་ཉེ་པར།

931904DE-FE18-4141-A34A-1C73539ABB40-227-0000003ADCF24EDB_tmp.JPG

འཆི་མེད་སོགས་ལོ་ཙཱ་བ་རྣམ་པ་བཞི།

CA389447-562D-4446-A620-D3F836642ED8-227-0000003AC8E37977_tmp.JPG

ཉི་ཧོང་གི་དུས་དེབ་གྲགས་ཅན《ཁུ་རེ་ཨ》ནང《ཝ་ནག་ལུང་པའི》སྐོར་བཀོད་ཡོད་པ།

རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་དང་སྒྲུང་འབྲིང་གཅེས་བཏུས་བྱས་པའི་དེབ《ཝ་ནག་ལུང་པ》ཉིད་ཉི་ཧོང་གི་བྷེན་སའི་དཔེ་སྐྲུན་ཁང་གིས་པར་སྐྲུན་དང་འགྲེམ་སྤེལ་བྱས་པ་ཉིད་བོད་རྩོམ་ཉི་ཡིག་ཏུ་བསྒྱུར་བ་དག་ལས་བྲིན་ཤོས་ཆགས་པ་མ་ཟད་དེང་འདིར་ཀྲུང་གོ་ནས་བསྒྱུར་བའི་རྩོམ་དེབ་ནང་གི་བྲིན་ཤོས་བཅུ་གསུམ་པར་གྱུར་ཏེ་ཀློག་མཁན་གྱི་དགའ་བསུ་ཆེན་པོ་ཐོབ་འདུག དེབ་དེའི་ཁྱབ་བསྒྲགས་ཡི་གེར“བོད་ཀྱི་དེང་རབས་རྩོམ་རིག་གི་ཉིང་བཅུད་འདི་ན་ཡོད”ཅེས་བྲིས་ཡོད་ལ། ཤོག་ངོས་༤༡༢ཀྱིས་གྲུབ་པའི་དེབ་དེའི་ནང་རྩོམ་པ་པོ་ཁོང་གི་བརྩམས་ཆོས་བཅུ་བདུན་བསྡུས་ཡོད་དེ། དེ་དག་ནི《དམངས་རབ་ཏུ་དགའ་བའི་ཟློས་གར》དང་། 《རྩེ་ཆུས་ཁྲེལ་དགོད་བྱེད་བཞིན》 《རླུང་ནག་འཚུབ་མ》 《ཟླ་བའི་གཏམ་རྒྱུད》《སྤྱི་འགྲོས་ཤིག》 《ར་ལོ》 《དགྲ་ཤ་ལེན་པ》 《གཅེན་གཅུང》 《བཙུན་ཡག》 《མ་ཎི་གཅིག》 《Dསྡེ་བའི་ཀླན་ཀ》《རྨ་ཁུག་གྱི་ལིང》 《སྣ་གཅུ》 《ཆེས་མཇུག་མཐའི་ཕ་མ་སྙོར་སྐྱོང་བྱེད་མཁན》 《ཨེ་འགོག་རང་འདུན་པ་ཞིག་གི་ཟིན་ཐུན》 《འབུམ་སྐྱབས》 《ཝ་ནག་ལུང་བ》བཅས་ཡིན་པ་རེད། དེབ་དེ་ཐོ་ཁྱོ་ཕྱི་ཡིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། ལོ་ཙཱ་བ་ལྕམ་སྐུ་ཞབས་འཆི་མེད་ལགས་ཀྱིས་དབུ་ཁྲིད་དེ་ཉི་ཧོང་གསེར་ཉ་ཚོགས་པའི་ཚོགས་མི་གཡུ་མཚོ་དང་། མཁྱེན་རབ་བཟང་པོ། པདྨ་ལྷ་མོ་བཅས་ཀྱིས་མཉམ་དུ་ཉི་ཧོང་གི་ཡི་གེར་བསྒྱུར་བ་ཞིག་ཡིན་འདུག དེབ་དེའི་གནས་ཚུལ་ཉི་ཧོང་གི་ཚགས་པར《ཐོ་ཁྱོའི་གསར་འགྱུར》དང་དུས་དེབ་གྲགས་ཅན《ཁུ་རེ་ཨ》སོགས་སུ་བཀོད་འདུག

ཚེ་རིང་དོན་གྲུབ་ནི་བོད་སྐད་ནང་བརྩམས་སྒྲུང་རྐྱང་པ་གསར་རྩོམ་གནང་མཁན་གྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་གི་ཚབ་མཚོན་བརྩམས་ཆོས་ལ་སྒྲུང་རིང《མེས་པོ》དང་། 《སྨུག་པ》 《རླུང་དམར་འུར་འུར》《ང་ཡི་ཨ་ཕ་གཉིས》 སྒྲུང་འབྲིང《ར་ལོ》 སྒྲུང་ཐུང་《ཝ་ནག་ལུང་པ》སོགས་ཡོད་ཅིང་། ཁོང་གི་བརྩམས་ཆོས་རྣམས་བོད་ཀྱི་སློབ་འབྲིང་དང་སློབ་ཆེན་ཁག་གི་བསླབ་དེབ་ཏུ་བདམས་ཡོད་པར་མ་ཟད། རྒྱ་ཡིག་དང་། སོག་ཡིག དབྱིན་ཡིག ཧྥ་རན་སིའི་ཡི་གེ ཉི་ཧོང་གི་ཡི་གེ འཇར་མན་གྱི་ཡི་གེ་སོགས་ཡིག་རིགས་སྣ་ཚོགས་སུ་བསྒྱུར་ནས་པར་སྐྲུན་བྱས་ཡོད། ཁོང་གི་སྒྲུང་ཐུང་དང་སྒྲུང་འབྲིང་གཅེས་བཏུས་ཀྱི་དེབ་དབྱིན་འགྱུར་མའང་མི་འགྱངས་པར་པར་སྐྲུན་བྱ་འཆར་ཡོད་དོ།།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་དེབ《ཝ་ནག་ལུང་པ》ཉི་འགྱུར་མ་ལ་ཉི་ཧོང་གི་ཀློག་པ་པོའི་དགའ་བསུ་ཐོབ་པ།

2017-09-14 སྐྱ་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།