རྨ་ཆུའི་ཆང་ཁང་ཤར་སྒོའི་འཕྲིན་གསར།

  སྤྱི་ལོ༢༠༡༨ལོའི་ཟླ༤བའི་ཚེས༢༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་ཨ་མདོ་རྨ་ཆུ་རུ་ཡོད་པའི་ཆང་ཁང་ཆུང་ཆུང་ཤར་སྒོ་ཟེར་བ་ཞིག་ནས"ཤར་སྒོའི་ནང་གཏམ། བདུད་བྷེའི་རྡུང་ལེན་གྱི་བག་ཆགས"ཞེས་པའི་གཏམ་བཤད་དང་རྡུང་ལེན་སྦྲགས་མའི་བྱེད་སྒོ་ཆུང་ཆུང་ཞིག་སྤེལ། བྱེད་སྒོ་དེར་དུས་རབས་སྔོན་མའི་ང་བརྒྱད་ཕྱིན་གྱི་ཨ་མདོའི་རྡུང་ལེན་གྱི་སྲོལ་འབྱེད་པ་དཔལ་མགོན་ལགས་ཀྱིས་རེ་བའི་གསུང་གླེང་བརྙན་ལམ་ནས་བསྐུར་ཡོད་པ་དང་། ཡུལ་ཆེན་པོ་དབྱིན་ཇི་ན་ཡོད་པའི་མདའ་ཚན་པ་བླ་མ་སྐྱབས་ཀྱིས་སེམས་ཚོར་གྱི་འཕྲིན་ཡིག་བསྐུར་བ་ཡུལ་དངོས་ནས་སྒྲོག་འདོན་བྱས། དེ་མིན་ཀྲུང་དབྱངས་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་དང་རྡུང་ལེན་ཞིབ་འཇུག་པ་བཀའ་ཐུབ་རྒྱལ་གྱིས་བརྙན་ལམ་ནས་བདུད་བྷེའི་སྐོར་གྱི་གཏམ་བཤད་སྤེལ།  གཞན་ཡང་ཨ་མདོའི་རྡུང་ལེན་གྱི་རྒྱུན་བརྟན་ཆགས་སུ་སྲུང་མཁན་དགེ་རྒན་རྡོ་རེད་ལགས་ཀྱིས་བདུད་བྷེ་དང་འགྲོས་སྟབས་གཤིབ་སྟངས་ནས་གླེང་སྟེ་དཀྲོལ་ལེན་ཟེར་བའི་ཐ་སྙད་ཀྱི་སྐོར་ནས་སེམས་གཏམ་ལྷུག་པོར་གྲོལ་བ་དང་ཁོང་གཉིས་ཀྱི་གྲོགས་འདང་བར་གྱི་སྐད་ཆ་གསོང་བོར་སྨྲས། རྩོམ་པ་པོ་དང་རི་མོ་བ། རྡུང་ལེན་པ་རྨ་ཆུའི་བསམ་གཏན་ལགས་ཀྱིས"བདུད་བྷེ་ནི་སྒྱུ་མ་མཁན་ཞིག་དང་འདྲ"ཞེས་པའི་ཁ་བྱང་སྟེང་གཏམ་བཤད་ལྷོད་པོར་དཀྲོལ་ཞིང་། རྨོག་རུ་ཤེས་རབ་རྡོ་རྗེ་ནས"ཆང་དང་སྒྱུ་རྩལ"ཟེར་བའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་ཕྲན་བུ་སྤེལ། རྡུང་ལེན་པ་སྐད་གྲགས་ཅན་བློ་བཟང་ངམ་རྡོ་རེད་ཆུང་བ་དང་། རྨ་ཆུའི་ཆོས་འཛོམས། རྨ་ཆུའི་གདུགས་དཀར་སྐྱབས། མགོན་པོ་བཀྲ་ཤིས་བཅས་ཀྱིས་བདུད་བྷེའི་རྡུང་ལེན་༡༦ངག་ལ་བཀུགས་ཤིང་ལྟད་མོ་བ་བརྒྱ་ལྷག་ཙམ་གྱི་རེ་བ་དང་འདོད་ཐོག་ལ་སྐད་ངག་གི་ཆར་ཟིམ་བབས་པ་དེ་ཚང་མ་ཆང་ཁང་ཆུང་ཆུང་དེས་རིན་མེད་གཟིགས་འབུལ་བྱས་པ་དང་། མི་ཁང་ཆུང་གང་བོས"སྤང་རྒྱན་མེ་ཏོག"མཉམ་ལེན་བྱས་ཏེ་མཚན་ཚོགས་གྲོལ་བའི་ཟོལ་ཏུ་བྱས། 

འདི་ནི་ཨ་མདོའི་རྡུང་ལེན་དེ་LiveHouse ཆང་ཁང་ནང་དུ་ཐོག་མར་དྲངས་པ་ཞིག་ཏུའང་གླེང་གིན་འདུག་ལ་ཆང་ཁང་ཆུང་ཆུང་དེའི་ནང་གི་གཏམ་བཤད་སོགས་ཀྱི་གཞི་རྒྱ་ཆེ་བས་བདུད་བྷེའི་རྡུང་ལེན་དང་མི་ཚེ། འཚོ་བ་བཅས་ལ་ཞིབ་འཇུག་གི་སྒོ་མོ་ཞིག་ཕྱེས་ཡོད་པར་ཡང་སྨྲ་བཞིན་འདུག

IMG_0099.JPG

                                                               རྡུང་ལེན་ལ་ཉན་བཞིན་པ།

IMG_0100.JPG

         རྨོག་རུ་ཤེས་རབ་རྡོ་རྗེས《ཆང་དང་སྒྱུ་རྩལ》ཞེས་པའི་གཏམ་འཆད་ཀྱིན་པ།

IMG_0107.JPG

རྡུང་ལེན་དགེ་རྒན་རྡོ་རེད་ལགས་ཀྱིས་གཏམ་འཆད་ཀྱིན་པ།

IMG_0101.JPG

རྡུང་ལེན་པ་རྨ་ཆུའི་གདུགས་དཀར་སྐྱབས་ཀྱིས་རྡུང་ལེན་བྱེད་ཀྱིན་པ།

IMG_0102.JPG

རྨ་ཆུའི་བསམ་གཏན་གྱིས《བདུད་བྷེ་ནི་སྒྱུ་མ་མཁན་ཞིག་དང་འདྲ》ཞེས་པའི་གཏམ་འཆད་ཀྱིན་པ།

IMG_0103.JPG

རྨ་ཆུའི་ཆོས་འཛོམས་དང་བློ་བཟང་གཉིས་ཀྱིས་རྡུང་ལེན་བྱེད་ཀྱིན་པ།

IMG_0104.JPG

རྡུང་ལེན་པ་མགོན་པོ་བཀྲ་ཤིས་ཀྱིས་རྡུང་ལེན་བྱེད་ཀྱིན་པ།

IMG_0105.JPG

“ཤར་སྒོའི”ལས་མི་དང་འཁྲབ་སྟོན་པ་ལྷན་རྒྱས།

IMG_0106.JPG

འདུ་ཚོགས་ཀྱི་པར་དང་འགུལ་བརྙན་ལེན་མཁན“གཟུགས་ཁམས་ཚང”དང་ལས་མི་ལྷན་རྒྱས་ཀྱི་མཉམ་པར།

 རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།