ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་སློབ་མའི་རྩོམ་རིག་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་བདེ་བླག་ངང་འཚོགས་པ།

 image001.jpg

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་སློབ་མའི་རྩོམ་རིག་དཔྱད་གླེང་ཚོགས་འདུ་སྐབས་དང་པོ——རྩོམ་རིག་གཤིབ་སྡུར་གྱི་ཆེན་དོན་ཚོགས་འདུ་ཟླ་5པའི་ཚེས་9ཉིན་ཚོགས་ཤིང་།  དགེ་རྒན་བཀྲ་བྷ་ལགས་ཀྱིས་ཚོགས་འདུ་སྤྱི་ལ་སྣེ་ཁྲིད་མཛད་པ་དང་། དགེ་རྒན་བན་དེ་མཁར་གྱིས་མཐར་ཕྱིན་སློབ་མ་ཚོའི་དཔྱད་རྩོམ་སྒྲོག་སྦྱོང་ལ་དཔྱད་འཇོག་དང་དགོངས་འཆར་ལྷུག་པར་བཏོན།  མཐར་དགེ་རྒན་བཀྲ་བྷ་ལགས་ཀྱིས་ཚོགས་འདུ་འདིའི་དམིགས་ཡུལ་དང་དགེ་མཚན་བརྗོད་པ་དང་ཆབས་ཅིག སློབ་མ་རྣམས་ལ་ཤ་ཚ་བའི་སྙིང་གཏམ་དང་རེ་བ་དུ་མའང་ཞུས་སོ། ། 

image003.jpg
དགེ་རྒན་བྱམས་ཕྲུག་གིས་དཔྱད་འཇོག་སྤེལ་བཞིན་པ།

ཚེ་རིང་མགོན་པོ་སོགས་མཐར་ཕྱིན་སློབ་མ་ཁོང་ཚོས་དང་ཐོག་ཕྱི་རྒྱལ་གྱི་རྩོམ་པ་པོ་རེའི་བརྩམས་ཆོས་བོད་ཡིག་ཏུ་བསྒྱུར་རྗེས།  བོད་ཀྱི་རྩོམ་པ་པོ་རེའི་བརྩམས་ཆོས་དང་བསྡུར་ནས་དཔྱད་པ་བཏང་བས་ན། དཔྱད་རྩོམ་གྱི་མགོ་རྔ་བར་གསུམ་ཀུན་ལ་དཀའ་ལས་མང་པོ་བརྒྱབ། རྔུལ་ཆུ་མང་པོ་བཏོན།  ཚོགས་འདུའི་སྟེང་ཁོ་ཚོས་རང་གི་དཔྱད་རྩོམ་སྒྲོག་སྦྱོང་བྱས་ཤིང་། དགེ་རྒན་བན་དེ་མཁར་གྱིས་དཔྱད་རྩོམ་རེ་རེའི་དཀར་ཆག་དང་སྒྲིག་གཞི།  ནང་དོན་དང་བརྗོད་སྙིང་།  PPTབཟོ་ལུགས།  ད་དུང་ལེགས་པའི་ཆ་དང་མི་འདང་བའི་ཆ་བཅས་ནས་དཔྱད་འཇོག་དང་དགོངས་འཆར་ལྷུག་པར་བཏོན།

image005.jpg
image007.jpg
གནམ་ལྷ་ཚེ་རིང་གིས་དཔྱད་རྩོམ་སྒྲོག་སྦྱོང་བྱེད་བཞིན་པ།

image009.jpg
image011.jpg
ཚེ་བརྟན་རྡོ་རྗེ་ཡིས་དཔྱད་རྩོམ་སྒྲོག་སྦྱོང་བྱེད་བཞིན་པ།

image013.jpg
image015.jpg
མཚོ་སྐྱེས་རྡོ་རྗེ་ཡིས་དཔྱད་རྩོམ་སྒྲོག་སྦྱོང་བྱེད་བཞིན་པ།

image017.jpg
image019.jpg
ཚེ་རིང་མགོན་པོས་དཔྱད་རྩོམ་སྒྲོག་སྦྱོང་བྱེད་བཞིན་པ།

image021.jpg
དགེ་རྒན་བཀྲ་བྷས་གཏམ་བཤད་གནང་བཞིན་པ།

ད་རེས་ཚོགས་འདུ་འདི་ནི་རྩོམ་རིག་གཤིབ་སྡུར་གྱི་ཆེད་དོན་ཚོགས་འདུ་ཞིག་ཡིན་པས་ན། དོན་སྙིང་དང་དགེ་མཚན་ཆེན་པོ་ལྡན་ཏེ། དགེ་རྒན་བཀྲ་བྷ་ལགས་ཀྱིས་གསུངས་དོན། གཅིག་ཏུ་འདི་ལྟ་བུའི་རྩོམ་རིག་གཤིབ་སྡུར་གྱི་ཆེད་དོན་ཚོགས་འདུ་ཞིག་ད་སྔ་བོད་ཁམས་གང་ནས་ཀྱང་ཕལ་ཆེར་ཚོགས་མ་མྱོང་བས་རྩོམ་རིག་གཤིབ་སྡུར་གྱི་ཐབས་ལམ་སྤྱད་ནས་བོད་ཀྱི་རྩོམ་པ་པོ་དག་ལ་ཡང་བསྐྱར་ཞིབ་འཇུག་བྱེད་པ་ལ་དགེ་མཚན་མི་དམན་པ་མཆིས། གཉིས་ནས་སློབ་མ་ཚོར་མཚོན་ནའང་འདི་ནི་རིག་གཞུང་ཞིབ་འཇུག་གི་ཐབས་ལམ་གསར་པ་ཞིག་ཡིན་པ་དང་དཔྱད་རྩོམ་དམ་བཅའ་འཇོག་པར་སྟ་གོན་ལེགས་པོ་ཞིག་སྔོན་དུ་སོང་བས་ན་ཕན་ཐོགས་ཤིན་ཏུ་ཆེ།  གསུམ་ནས་འདི་ལྟར་ཞིབ་འཇུག་བྱས་ན་བོད་ཀྱི་རྩོམ་པ་པོ་དག་ལ་རང་གི་དགེ་སྐྱོན་དང་ལེགས་ཉེས། བཟང་ངན་སོགས་ལ་ངོས་ཟིན་དང་ཡོ་བསྲང་བྱེད་པར་སྐུལ་སློང་གི་ནུས་པའང་ངེས་ཅན་ཞིག་ཐོན་སྲིད།  བཞི་ནས་ང་ཚོ་ལ་རིག་གནས་ཕུན་སུམ་ཚོགས་པ་འདི་འདྲ་ཞིག་ཡོད་གཤིས། རྒྱལ་ཁབ་ཕྱི་ནང་ན་ང་ཚོར་ཞིབ་འཇུག་བྱེད་མཁན་ཧ་ཅང་མང་པོ་འདུག འོན་ཀྱང་ང་ཚོ་ལའང་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་ཞིབ་འཇུག་བྱེད་པའི་ང་རྒྱལ་དང་སྤོབས་པ་ལྡན་དགོས་པ་དང་། ནམ་ཡང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཞིབ་འཇུག་བགྱིས་ན་འབྲས་བུ་གཡུར་དུ་ཟ་བ་ལོན་པར་ཡིད་ཆེས་བྱས་ཆོག   མཇུག་མཐར་དགེ་རྒན་བཀྲ་བྷ་ལགས་ཀྱིས་སློབ་ཁྲིད་བྱེད་ལུགས་དང་འཆད་ཁྲིད་བྱེད་ལུགས། ད་དུང་དཔྱད་རྩོམ་སྒྲོག་སྦྱོང་བྱེད་ལུགས་བཅས་ཀྱི་ཐད་ནས་ཚོགས་ཞུགས་སློབ་མ་ཡོངས་ལ་ཁ་གཏད་དེ་རང་གི་ཉམས་མྱོང་དང་སྦྲགས་ནས་བསམ་ཚུལ་བཏོན་ཞིང་ཐབས་ལམ་ཁྲིད་རྗེས།  ཚོགས་མི་ཡོངས་ཀྱི་དགའ་བསུ་དང་དགོད་སྒྲའི་ཁྲོད་ནས་ཚོགས་འདུ་བདེ་བླག་ངང་མཇུག་བསྒྲིལ།

image023.jpg
མདོ་འཛིན་པ། གནམ་ལྷ་རྒྱལ།

image025.jpg
མཉམ་པར།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།