བོད་ཀྱི་ཚན་སྡེབ་དང་རོལ་ཚོགས་ཀྱི་གླུ་ལེན་ཆེད་ཚོགས་དབྱངས་ལམ་དཀར་ཞེས་པ་ཁྲིན་ཏུའུ་རུ་བསྡུ་འཆར་ཡིན་པ།

བོད་ཀྱི་རོལ་ཚོགས་དང་ཚན་སྡེབ་ཀྱི་ཁ་ཕྱོགས་ལ་འཕེལ་རྒྱས་དང་ཐོལ་བརྒལ་བྱེད་པར་དམིགས་ནས། གཡུ་འབྲུག་སྒྲ་བརྙན་རིག་གནས་ལས་ཤག་དང་སི་ཁྲོན་མནྡ་ལ་གློག་བརྙན་སྨྱན་སྦྱོར་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས། དབྱངས་ལམ་དཀར་གླུ་ལེན་ཆེད་ཚོགས་སྐབས་དང་པོའམ་བོད་ཁུལ་གྱི་རོལ་ཚོགས་དང་ཚན་སྡེབ་ལྷན་འཛོམས་ཀྱི་གླུ་ལེན་ཆེད་ཚོགས་དེ་སྤོས་ལྡན་ཁྲིན་ཏུའུ་གྲོང་ཁྱེར་དུ་བསྒྲུབ་འཆར་བྱས།

IMG_1274.JPG

གླུ་ལེན་ཆེད་ཚོགས་དེའི་དམིགས་ཀྱི་སྙེག་ས་ནི། རོལ་ཚོགས་དང་ཚན་སྡེབ་ཀྱི་ལམ་ནས་གླུ་གར་སྒྱུ་རྩལ་གྱི་ཕུགས་འདུན་རིང་དུ་སྐྱོང་བ་དག་དང་། རོལ་དབྱངས་སྒྱུ་རྩལ་གྱི་ལས་འདིར་དགའ་ཞེན་ཡོད་པའི་གཞོན་རབས་པ། ལྷག་དོན། རོལ་ཚོགས་དང་ཚན་སྡེབ་ཀྱི་ལམ་ནས་མི་རིགས་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དེ་ཡིན་ལ། མ་ཟད་གར་སྟེགས་འདི་བརྒྱུད་དེ་འཇོན་ལྡན་གསར་བྱུང་གི་རོལ་ཚོགས་དང་ཚན་སྡེབ་གང་མང་ཞིག་གསར་རྙེད་བྱུང་རྒྱུ་དང་། དེ་མིན། འདིའི་ཕྱོགས་ཀྱི་རོལ་མོ་བ་གང་མང་དང་དཔུང་བ་མཉམ་གཤིབ་ཀྱིས་རོལ་ཚོགས་དང་ཚན་སྡེབ་ལ་དེ་ལས་ལྷག་པའི་གར་སྟེགས་དོན་ལྡན་ཞིག་བསྐྲུན་ལ་རེ་རྒྱུ་དེའོ།།

IMG_1270.JPG
གཡུ་འབྲུག་ཚན་སྡེབ་ཀྱི་ཉེ་པར།

དུས་རབས་འདིར། ང་ཚོས་ལྷོད་མེད་ངང་ལྟ་མཁན་གྱི་དགའ་བ་འདྲེན་པར་འབད།

དུས་རབས་འདིར། ང་ཚོས་རང་གི་ནོར་བུ་གང་མང་ཞིག་རྒྱང་དུ་བསྐྱུར།

དུས་དེ་རིང་། ང་ཚོས་དབྱངས་ཀྱི་ལམ་ཡིག་དཀར་པོའི་གར་སྟེགས་ཤིག་བཞེངས།

དུས་དེ་རིང་། ང་ཚོས་རོལ་ཚོགས་དང་ཚན་སྡེབ་རང་གི་རྨི་ལམ་འཁོད་སའི་གར་སྟེགས་ཤིག་བཞེངས།

ཐེངས་འདིའི་ཆེད་ཚོགས་སུ། བོད་ཁུལ་ན་སྙན་གྲགས་ཆེ་བའི་གནམ་ལྕགས་རོལ་ཚོགས་དང་། གཙོད་རྭ་རོལ་ཚོགས། བླ་དད་རོལ་ཚོགས། ཐང་དཀར་རོལ་ཚོགས། མ་ཎི་རྡོ་འབུམ་རོལ་ཚོགས། ཨ་ཅག་ཚན་སྡེབ། གཡུ་འབྲུག་ཚན་སྡེབ། ཐུ་བྷོད་སྤུན་ཟླ་ཚན་སྡེབ་སོགས་ཀྱིས་ཁྱེད་ལ་གླུ་གཞས་སྒྱུ་རྩལ་གྱི་གསོལ་སྟོན་གྱ་ནོན་པ་ཞིག་བསྩལ་སྲིད་དོ།།
IMG_1272.JPG
སྤ་སེ་ཉོ་སའི་བཤེར་རིས།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།