གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ལོ་བརྒྱའི་ཁེར་རྐྱང》སོགས་འཛམ་གླིང་གྲགས་རྩོམ་འགའ་ཞིག་བོད་ཡིག་ཏུ་པར་སྐྲུན་བྱ་འཆར་ཡིན་པ།

2018-07-01 13:15:47 བྷོད་རྡོར་འཆང་། ཀློག་གྲངས། མཆན ཡོད།

IMG_2020.JPG

IMG_2021.JPG

IMG_2022.JPG

IMG_2023.JPG

IMG_2024.JPG

IMG_2025.JPG

IMG_2026.JPG

ཕྲན་གྱིས་གཙོ་སྒྲིག་གི་འགན་ཁུར་ནས་སྒྲུབ་ཀྱིན་པའི“དུས་གནད་དཔེ་འཕྲེང”གིས་བོད་ཀྱི་རྩོམ་སྟེགས་ཀྱི་སྟོང་ཆ་ཞིག་བསྐངས་དང་སྐོང་མུས་ཡིན་ཞེས་བཤད་ན་ཐལ་ཆེ་འགྲོ་མོད།བོད་ཡིག་མ་གཏོགས་མི་མཁྱེན་པའི་ཀློག་པ་པོ་མང་པོ་ཞིག་ལ་མི་རིགས་གཞན་གྱི་བརྩམས་ཆོས་ལ་མྱོང་རོལ་བྱེད་པའི་གོ་སྐབས་དང་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ཡོད།དེ་བས།དུས་ཀྱིས་བཞག་པའི་འགན་འཁྲི་དང་ཁྲག་གིས་གྲུབ་པའི་ཞེན་ཁོག་ཅིག་གིས་དེབ་འཕྲེང་འདི་མུ་མཐུད་དུ་བསྒྲུབ་རྩིས་ཡིན་ལ། མི་འགྱངས་པར་མི་སེམས་ཀྱི་འདོད་ཧམ་དང་ང་རྒྱལ། སྒེར་སེམས་སོགས་གཙང་མར་འཁྲུད་བྱེད་ཀྱི་《ཝར་ཏུན་མཚེའུ》དང་།ཚེ་སྲོག་གི་ཡས་མཐའ་ནས་འགྲེང་སྟེ་རིན་ཐང་གི་མས་མཐའ་སྟོན་པའི་《ཚེ་སྲོག་གིས་ཐེག་པར་དཀའ་བའི་ཡང་ཚད》སྙན་གྲགས་དང་དབང་ཤུགས་སོགས་སྨུག་སྤྲིན་ལྟ་བུར་སྟོན་པའི་《ལོ་བརྒྱའི་ཁེར་རྐྱང》སྙན་ངག་པ་གྲགས་ཅན་དག་གིས་རང་སྲོག་བཅད་པའི་གསང་བ་བཀྲལ་བའི་དེབ་མཆོག་སྟེ《འོད་ཀྱིས་མུན་ཁུང་བརྟོལ་བ》དེ་མིན་ད་དུང་ཡཱ་ཧུ་དཱ་པའི་མཁས་དབང་ཆིག་སྟོང་ལྷག་གི་བློ་གྲོས་ཀྱི་ཉིང་བཅུད་དུ་གྲགས་པའི《ཐལ་མུ་དྷི》དང་《ཡཱ་ཧུ་དཱ་པའི་བློ་གྲོས》《ཡཱ་ཧུ་དཱ་པའི་མི་ཚུལ་དང་ལས་དོན་སྐོར་གྱི་ཚད་ཐུབ་རྣམ་དཔྱོད》སོགས་པར་དུ་བསྐྲུན་རྒྱུ་ཡིན་ལ།འདིའང་རྒྱ་ཆེའི་ཀློག་པ་པོ་དག་གི་དགའ་སྐྱོའི་སློང་རྟེན་དང་སེམས་ཀྱི་བདུད་རྩི་རུ་འགྱུར་བར་སྨོན་ཞེས་དཔེ་ཚོགས་གཙོ་སྒྲིག་པ་བྷོད་རྡོར་འཆང་གིས་སྤྱི་ལོ༢༠༡༨ལོའི་ཟླ༦ཚེས༢༩ཉིན་སྦྱར་རོ།།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།