བསྟན་འཛིན་བདེ་སྐྱིད་ཀྱིས་རྩོམ་སྒྲིག་གནང་བའི《འདྲེ་རྙིང་པ་དང་ལྷ་གསར་པ》ཞེས་པའི་སྒྲུང་དེབ་ཧོ་ལན་ཌིའི་སྐད་དུ་པར་སྐྲུན་བྱས་པ།

005XZyKlgy1fjxcxlfklnj30n70zkkjl.jpg
《འདྲེ་རྙིང་པ་དང་ལྷ་གསར་པ》དབྱིན་ཡིག་དཔར་མའི་མདུན་ཤོག

སྲས་མོ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་རྩོམ་སྒྲིག་གནང་ཞིང་བོད་ཀྱི་རྩོམ་པ་པོས་བརྩམས་པའི་སྒྲུང་ཐུང་དེབ་སྟེ། མིང་ལ《འདྲེ་རྙིང་པ་དང་ལྷ་གསར་པར》འབོད་པ་དེ་དབྱིན་ཡིག་ནང་པར་སྐྲུན་བྱས་ནས་གང་འཚམ་སོན་རྗེས་ད་ལྟ་དེབ་དེའི་ནང་གི་སྒྲུང་དག་ཧྲག་བསྡུས་ཀྱིས་ཧོ་ལན་ཌིའི་སྐད་ནང་བསྒྱུར་ཏེ་པར་སྐྲུན་བྱས་འདུག་པའི་གནས་ཚུལ་འདུག

ཉི་ཡོག་ཏུ་རྟེན་གཞི་བྱས་པའི་ལ་རྩེ་དཔེ་མཛོད་ཁང་གིས་ཆ་འཕྲིན་བཀོད་པ་ལྟར་ན།  《འདྲེ་རྙིང་པ་དང་།  ལྷ་གསར་པ》ཟེར་བ་དེ་ནི་ནུབ་ཕྱོགས་སུ་བོད་ཀྱི་དེང་དུས་ཀྱི་སྒྲུང་ཐུང་དབྱིན་ཡིག་ཏུ་ཕྱོགས་བསྒྲིགས་བྱས་པ་ཐེངས་དང་པོ་ཡིན་ལ།  དེའི་་ནང་དུ་བོད་ཕྱི་ནང་གཉིས་སུ་བོད་ཡིག་དང་དབྱིན་ཡིག  རྒྱ་ཡིག་ཏུ་འབྲི་མཁན་གྱི་རྩོམ་པ་པོ་རྩེ་ཕུད་རྣམས་འདུས་ཡོད་པ་རེད།

IMG_2073.JPG
《འདྲེ་རྙིང་པ་དང་ལྷ་གསར་པ》ཧོ་སྐད་དཔར་མའི་མདུན་ཤོག

བོད་ཀྱི་དེང་རབས་རྩོམ་རིག་ནི་ལོ་ངོ་བཞི་བཅུ་མ་ཟིན་ཙམ་ཞིག་ཡིན་པ་དང་།  དེའི་འཁྲུངས་ལོ་ནི་ ༡༩༨༠ ལོར་ལྷ་སར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ཞེས་པའི་དུས་དེབ་དེ་གསར་འདོན་བྱས་པའི་ལོ་དེ་ལ་ཆ་འཇོག་བྱེད།  དེ་ནས་བཟུང་སྒྲུང་ཐུང་ནི་དེང་རབས་ཀྱི་བོད་ཀྱི་རྩོམ་རིག་གི་རྩོམ་སྟངས་འགངས་ཆེན་ཞིག་ཏུ་མངོན་ཡོད།  སྐབས་འགར་བསམ་ཡུལ་ལས་འདས་ཤིང་།  སྐབས་འགར་ཁྱད་མཚར་དུ་མངོན་པ།  མཐའ་གཅིག་ཏུ་སེམས་རྩ་སྒུལ་བའི་སྒྲུང་ཐུང་དེ་དག་གིས་དབྱིན་ཡིག་གི་ཀློག་པ་པོ་རྣམས་ལ་དེང་རབས་བོད་པ་དཀྱུས་མ་དང་སྐྱ་བོ་རྣམས་ཀྱི་མི་ཚེ་དང་།  ཁོ་ཚོས་དེང་རབས་དང་སྲོལ་རྒྱུན་གཉིས་ཀྱི་བར་འཚོ་ལམ་འཚོལ་བ།  གཞིས་བྱེས་གཉིས་ཀྱི་བོད་པ་སྤྱི་དང་བྱེ་བྲག་གི་གནས་སྟངས་བཅས་ལ་ཤེས་རྟོགས་རྣལ་མ་ཞིག་སྐྱེད་པའི་གོ་སྐབས་ཤིག་བསྐྲུན་ཡོད།  སྒྲུང་འདི་དག་གི་བྱུང་ཡུལ་ནི་ཧི་མ་ལ་ཡ་རི་རྒྱུད་དང་།  རྒྱ་གར་གྱི་ལྕགས་ལམ་ཞིག  ཡང་ན་ནེའུ་ཡོག་གི་གྲོང་ཁྱེར་གྱི་སྨད་འཚོང་ཁང་གང་ཞིག་ཡིན་ཡང་རུང་།  འདི་དག་གི་ཐུན་མོང་གི་མཚོན་དོན་ནི་གནའ་བའི་རིག་གཞུང་ཞིག་དང་།  དེང་རབས་ཀྱི་བོད་པའི་མི་ཚེ་ངོ་མ་དེ་ཡིན། 

IMG_2076.JPG
རྩོམ་པ་པོ་དང་ལོ་ཙཱ་བ་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་ངོ་སྤྲོད་བསྡུས་པ།

སྒྲུང་རྩོམ་ཕྱོགས་བསྒྲིགས་འདིའི་རྩོམ་སྒྲིག་པ་དང་ཡིག་སྒྱུར་པ་བསྟན་འཛིན་བདེ་སྐྱིད་ལགས་ནི་ད་ལྟ་འཚོ་བཞུགས་ཡིན་པ་དང་།  མོ་ནི་ཨ་རིའི་ཧར་ཝར་ཌི་སློབ་ཆེན་གྱི་དབྱིན་ཡིག་གི་རྩོམ་རིག་ཆེད་ལས་དང་་ཁོ་ལོམ་བྷེ་ཡ་སློབ་ཆེན་གྱི་སྒྱུ་རྩལ་ཆེད་ལས་ཀྱ་ི་ཤེས་རམས་པའི་བསླབ་གནས་་བླངས་པའི་་རྩོམ་པ་པོ་དང་ལོ་ཙཱ་བ་ཞིག་ཡིན། དེབ་དེའི་ནང་སྙན་གྲགས་ཅན་གྱི་རྩོམ་པ་པོ་པད་མ་འབུམ་དང་།  པད་མ་ཚེ་བརྟན།  ཚེ་རིང་དོན་གྲུབ།  འོད་ཟེར།  དོམ་པ་ཚེ་རིང་དབང་མོ།  སྐྱབས་ཆེན་བདེ་གྲོལ།  འཇམ་དབྱངས་ནོར་བུ། སྟག་འབུམ་རྒྱལ། རིག་འབྱུང་དོན་གྲུབ་བཀྲ་ཤིས་སོགས་བོད་ཕྱི་ནང་གི་རྩོམ་པ་པོ་བཅུ་དྲུག་གི་སྒྲུང་རྩོམ་ཉི་ཤུ་རྩ་གཅིག་བདམས་ཡོད་པ་རེད།

ད་ཆ་ཧོ་ལན་ཌིའི་སྐད་ནང་དཔར་དུ་བསྐྲུན་པའི་དེབ་དེའི་ནང་དབྱིན་ཡིག་མའི་ནང་བཀོད་པའི་བརྩམས་སྒྲུང་ཉེར་གཅིག་པོ་ལས་ལྔ་མ་གཏོགས་པ་ཡོངས་སུ་བསྒྱུར་ཡོད་པ་དང་། དེའང་ཧོ་ལན་ཌིའི་སྐད་ནང་པར་དུ་བསྐྲུན་པའི་བོད་ཀྱི་རྩོམ་པ་པོའི་སྒྲུང་ཐུང་ཧྲག་བསྡུས་དེབ་ཐོག་མ་དེ་ཆགས་ཡོད་སྲིད།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།