གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྫ་སྐྱེས་ཕུར་བའི་སྙན་དེབ་《འཕྲུལ་བའི་ཟླ་བ》པར་སྐྲུན་བྱས་པ།

2018-09-25 15:05:26 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

56550b6f3ab1b.jpg 

རྫ་སྐྱེས་ཕུར་བ་ལགས་ཀྱི་སྙན་དེབ་གཉིས་པ«འཕྲུལ་བའི་ཟླ་བ»པར་སྐྲུན་ལེགས་འགྲུབ་བྱུང་སྟེ།  མི་འགྱང་བར་སྤྱི་ཚོགས་སུ་འགྲེམ་འཚོང་བརྒྱུད་སྤེལ་གྱི་རྩིས་འདེབས་ཀྱིན་ཡོད།  དེབ་འདིར་ཁོང་གི2013ནས2017བར་གྱི་ཉིང་རྩོམ་ཁུ་བསྡུས་ཀྱི་ཚུལ་དུ་བཀོད་ཡོད་ལ།  རྩོམ་ལུས་ཀྱི་ཆ་ནས་ཚིགས་སུ་བཅད་པ་ཁོ་ནར་གཏོགས་ཤིང་དེབ་ཧྲིལ་པོ་འུབ་ཀྱིས་བསྡུས་ཚེ་སྡེ་ཚན་བཞི་དང་།  སྡེ་ཚན་དེ་དག་ཀྱང་ལོ་ཚིགས་ཀྱི་སརྒས་བཅིངས་པ་ཞིག་ཡིན།  འདིར་ཁུ་བསྡུས་བྱས་པའི་རྩོམ་ཕལ་མོ་ཆེ་ཁོང་གི་ཉིང་རྩོམ་ལྟ་བུར་ཡོད་གཤིས།  སྡེབ་སྦྱོར་གྱི་ཞུན་བརྡར་ཆོད་ཚུལ་ལ་ཆ་བཞག་ནའང་འདྲ།  རྟོག་འཆར་གྱི་བང་རིམ་སྒྲིག་ཚུལ་ལ་དཔེ་བཞག་ནའང་འདྲ་སྟེ།  ཅུང་ཐུན་མོང་མ་ཡིན་པའི་རྟགས་མཚན་སྣ་ཚོགས་ཀྱིས་ཁེངས་ཡོད་པ་ཞིག་ཡིན།  དེབ་འདིར་རྩོམ་ཡིག་གསེས་འདོར་དང་འཁྲུལ་ནོར་ཡོ་འཆོས།  ཕྱི་ཤོག་ཇུས་འགོད་དང་དཔར་རྩ་གསར་བཟོ་ཚུན་ཆད་ལ་ཆེས་ཞིབ་ཏིག་དང་ཆེས་གཟབ་ནན་གྱི་རྣམ་འགྱུར་ཐོན་ཡོད་པ་མ་ཟད།  ཇུས་འགོད་པ་དང་རི་མོ་པ།  ཞུ་དག་པ་སོགས་མི་སྣ་དུ་མའི་བློ་གྲོས་དང་འཆར་སྒོའི་ཡང་རྩལ་གྱིས་བསྐྲུན་པ་ཞིག་ཀྱང་ཡིན་ནོ། །ད་དུང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུ་རྒྱུ་ཞིག་མཆིས་པ་ནི། འགྲེམ་སྤེལ་གྱི་བདག་དབང་ཆ་ཚང་ལྷ་སའི«གངས་ལྗོངས་དཔེ་ཀློག་ཁང»ལ་སྤྲད་ཡོད་པས། ཕྱོགས་སོ་སོའི་དགོས་མཁོ་ཅན་དག་གིས“གངས་ལྗོངས་དཔེ་ཀློག་ཁང”ལ་འབྲེལ་གཏུགས་གནང་བར་ཞུའོ། །

55d71715ca163.jpg

གྲོགས་རྫ་སྐྱེས་ཕུར་བའི་སྙན་དེབ«འཕྲུལ་བའི་ཟླ་བ»ལ་སྨོན་ཚིག་ཏུ།  

རྫིག་རྫིག་མེད་པ་སྙན་ངག་དྭངས་གསལ་འདི།།
         ཡ་ཡོར་མེད་པ་རྫ་སྐྱེས་ཕུར་བས་བྲིས།།
         འདི་ཀོ་མིག་འབྱེད་གསེར་ཐུར་མ་ཡིན་ཡང་།།
         མཛེས་མ་གཅིག་ལ་མཐོང་ཕྱོགས་མང་བ་ལྟར།།
         ང་རང་ལ་ནི་འོད་སྣང་ཆེམ་ཆེམ་འཕྲོ།། 

                           —ཞེས་གཅན་མེ་སྟག་ནས།

གྲོགས་རྫ་སྐྱེས་ཕུར་བ་ལགས་ཀྱི་སྙན་དེབ་འདི་ནི། ཁོང་གི་མི་ཚེའི་འགྲུལ་བཞུད་ཀྱི་གོམ་སྟབས་རེ་རེའི་ཁྲོད། ཚོགས་དྲུག་གི་ངོར་གང་ཤར་བའི་ཡུལ་གྱི་འཇིག་རྟེན་དང་།  མ་ངེས་དཔྱིད་རླུང་ལྟ་བུའི་དགའ་སྐྱོའི་མྱོང་སྣང་གང་སྐྱེས་པ་རྣམས་དབྱངས་གསལ་གྱི་རི་མོར་བརྒྱུས་པའི་ཡི་གེའི་ཚོམ་ཞིག་ཡིན་འདུག་པས། འདི་ནི་རྩོམ་མཁན་དང་ཀློག་མཁན་གཉིས་ཀྱི་སེམས་དང་སེམས་པ་འདྲེས་ཆོག་པའི་སྐྱེད་ཚལ་ཆུང་ཆུང་ཞིག་ཏུ་འགྱུར་བར་སྨོན།

                           —སྒོ་ཤེས་རབ་ཀྱིས། 

  མངག་ཉོའི་འབྲེལ་གཏུགས་བྱེད་ཡུལ་ལྷ་སའི་གངས་ལྗོངས་དཔེ་ཀློག་ཁང་།
          ས་གནས།   ལྷ་ས་གྲོང་ཁྱེར་བར་སྐོར་ཚོང་ཁྲོམ་ཟས་མཆོག་གླིང་ཆབ་མདོ་ཁུལ་ཐོག་བརྩེགས་བཞི་པ།

                                         ཁ་པར་ཨང་།  17808913375

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།