ན་གཞོན་སྙན་ངག་པ་བཅུ་གཉིས་ཀྱི་སྙན་ངག་གཅེས་བསྡུས་དེབ《རྒྱང་རིང》དཔར་དུ་བསྐྲུན་པ།

གུས་པར་འོས་པའི་ཀློག་པོ་རྣམས་ཁམས་བཟང་། <<རྒྱང་རིང>>ནི་ན་གཞོན་སྙན་ངག་པ་བཅུ་གཉིས་ཏེ། འཇུ་སྐུད། ལྡོང་རྡོ། གངས་བུ་སྨྱུག་འཛིན། དྲེལ་པ། བསྟན་ཆོས། རྦབ་ཆུ། རིན་གདའ་བ། རེ་སད། འཕན་ཕྲུག་ཆོས་འཕེལ། སྨར་བརྩེ་སྨྱོན། གཙང་དྲག་ཆར། གསར་བུ་བཅས་སོ་སོས་ཉེ་བའི་ལོ་ཤས་ནང་བྲིས་པའི་རང་མོས་སྙན་ངག་ལས་ཅུང་ཡག་པ་རྣམས་བསྡུས་པའི་སྙན་དེབ་ཅིག་ཡིན། ཉེ་འཆར།  རྩོམ་ཆོས་བསྡུ་རུབ་དང་ཡི་གེ་ཞུ་དག   དཔར་གཞི་འཆར་འགོད།   དཔེ་བསྐྲུན་འགྲེམ་སྤེལ་བཅས་ཀྱི་ལས་རིམ་ཡོངས་སུ་མཇུག་བསྒྲིལ་ཅིང་། ད་ལྟ་ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་ནས་དངོས་སུ་ཕྱིར་འཚོང་བགྱིས་ཏེ་ཁྱེད་རྣམ་པའི་སྤྱན་ལམ་དུ་བསྟར་ཡོད་ལགས།

ན་གཞོན་སྙན་ངག་པ་ཁོ་ཚོ་ནི་རང་རང་གི་རྩོམ་གཤིས་གྲུབ་ཟིན་པ་ཤ་སྟག་ཡིན་པས། དབུས་གཙང་ཁུལ་ནས“གཞོན་ནུའི”ཁྱད་ཆོས་མངོན་ཐུབ་པའི་སྙན་ངག་པའི་སྡེ་ཞིག་རེད་ཅེས་ལབ་ནའང་ཅང་མ་འགྲིག་པ་མེད་དེ། ཁོ་ཚོས་རང་རང་གི་ཐུན་མིན་ཚིག་སྦྱོར་ལ་བརྟེན་ནས་རང་གི་ལང་ཚོའི་འཇིག་རྟེན་བཞེངས་ཡོད། དེ་བཞིན<<སྦྲང་ཆར>> <<བོད་ཀྱི་རྩོམ་རིག་སྒྱུ་རྩལ>> <<མི་རིགས་རྩོམ་རིག>> <<གངས་རྒྱན་མེ་ཏོག>> <<ཟླ་ཟེར>> <<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>>སོགས་དུས་དེབ་ཆེ་གྲས་རྣམས་ཀྱི་སྟེང་དུའང་སྙན་ངག་གཙོས་པའི་ཁོ་ཚོའི་རྩོམ་ཡིག་མཐོང་རྒྱུ་ཡོད། མི་ལོ་གཉིས་གསུམ་གྱི་གོང་སྟེ། སློབ་ཆེན་སྐབས། དགེ་རྒན་བཟང་པོའི་བཀའ་དྲིན་དང་སྔོན་བསགས་ལས་སྨོན་བཟང་པོའི་བག་ཆགས་ཀྱིས། ཁོ་ཚོས་དུས་ཚོད་མང་པོ་ཞིག་དཔེ་ཀློག་དང་བསམ་གཞིག   རྩོམ་འབྲི་སོགས་ལ་བཀོལ་ཐུབ་པས། ན་ཚོད་དེ་ལ་འཚམ་པའི་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད། དུས་ད་ཆ། ཁོ་ཚོ་གནས་གང་སར་རླུང་བུ་བཞིན་འཁྱར་ཏེ། སྤྱི་ཚོགས་ཞེས་པའི་ས་ཁྲའི་ཐོག་རང་ཉིད་ཀྱི་གནས་ས་རེ་ཡང་ཨུ་ཚུགས་ཀྱིས་བཟུང་ཏེ། ནན་ཏན་ངང་འཚོ་བའི་ཞིམ་མངར་ལ་རོལ་གྱིན་ཡོད།

ཡིན་ནའང་། དངོས་ཡོད་འཇིག་རྟེན་གྱི་བསླུ་བྲིད་ཇི་ལྟར་ཆེ་རུང་། ཁོ་ཚོས་རང་གིས་བཞེངས་པའི་རྩོམ་རིག་འཇིག་རྟེན་གྱི་མཛེས་སྡུག་ལར་ནས་མ་སྟོར་བར། བྱིས་བློ་ལྟ་བུའི། ཁ་བ་ལྟ་བུའི། རྩྭ་ཐང་ལྟ་བུའི། ཆེས་དྭངས་ཤིང་གཙང་བའི་རང་གཤིས་དེ་སྲུང་གིན། དབྱངས་གསལ་སོ་བཞིའི་བཀའ་དྲིན་སྙིང་ལ་བཅངས་ཤིང་། ལེགས་ཚོགས་ཐམས་ཅད་རྒྱང་རིང་ཞིག་ཏུ་བགྲོད་ཐུབ་པའི་སྨོན་ལམ་དུས་ཀུན་དུ་བཏབ་སྟེ། སྔར་བཞིན་འབྲེལ་ཟིང་གི་ཀློང་ནས་ཐ་སྙད་ཀྱི་མགུལ་ལ་རྣམ་དག་གིས་འཁྱུད་བཞིན་ཡོད།

<<རྒྱང་རིང>>ནི། ལས་དབང་གཅིག་པོའི་ན་གཞོན་བཅུ་གཉིས་པོ་འཛོམས་སའི་འདུ་ར་ཆུང་ཆུང་ཞིག་དང་། རྒ་བའི་དུས་སུ་གཞོན་ནུའི་སྤོབས་པ་མཐོང་ཐུབ་སའི་མེ་ལོང་ཆུང་ཆུང་ཞིག་ཡིན།

<<རྒྱང་རིང>>དུ།  ན་གཞོན་བཅུ་གཉིས་པོས་མཐོང་བའི་དཀར་ནག་འཇིག་རྟེན་གྱི་མངོན་བརྗོད་ལྟ་བུའི་སེམས་བྱུང་གི་ཟིན་ཐོ་བཀོད་ཡོད་ཅིང་། རྒུད་བཞིན་པའི་མི་རབས་ཤིག་གི་གྲིབ་གཟུགས་ཀྱང་མངོན་པར་བྱས་ཡོད།

མདོར་ན། རྒྱང་རིང་ནི་ང་ཚོ་ཐུན་མོང་གི་ཡོད་ཚད་མཚོན་ཐུབ་པའི་ཡིད་བརྙན་ཞིག་ཏུ་འགྱུར་ཐུབ་ནའང་བསམས།

                                                     ༢༠༡༩  ༠༣  ༢༡

དཔེ་ཆ་ཕྱིར་འཚོང་དང་འགྲེམ་སྤེལ།

སིལ་ཚོང་སྡེབ་ཚོང་བྱ་ས།  ཤེས་རབ་འོད་སྣང་དཔེ་ཁང་།
སྐད་འཕྲིན།    LouDan14523922763
ས་གནས། ལྷ་ས་སྒམ་ཆུང་ཇ་ཁང་གི་ཉེ་འགྲམ་གངས་ལྗོངས་ཡུལ་སྐོར་ཁྲོམ་རའི་ཐོག་བརྩེགས་གཉིས་པ། 光明港琼甜茶馆附近雪域旅游商城2楼(慧光书店)

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།