སེང་རྡོར་གྱི་སྙན་དེབ་གསར་པ《མི་ཀོ་དམར་པོའི་འབྲེང་ལྕག》ཅེས་པ་དཔར་དུ་བསྐྲུན་འཆར་ཡོད་པ།

སེང་རྡོར་གྱི་སྙན་དེབ་གསར་པ《མི་ཀོ་དམར་པོའི་འབྲེང་ལྕག》ཅེས་པ་ཉེ་ལམ་དཔར་དུ་བསྐྲུན་འཆར་འདུག དེབ་དེའི་ཟུར་བཀོད་ཀྱི་ཚན་པ་གཉིས་པོ་དང་གོང་མ་དག་ལས་རྩོམ་གཅིག་མ་གཏོགས་གཞན་ཆ་ཚང་དྲྭ་ལམ་དུའང་བཀོད་མ་མྱོང་བ་ཤ་སྟག་ཡིན་ལ། གསར་པ་དག་ལས་སྐོར་ཞིག་རྩོམ་མཁན་གྲགས་ཅན་རྣམས་ལ་སྤྱན་བསྟར་ཞུས་ཏེ་དགོངས་འཆར་སྣ་ཚོགས་ཐོན་པ་དཀར་ཆག་གི་མགོར་ཡོད་པའི་མི་ཀོ་དམར་པོའི་འབྲེང་ལྕག་གླེང་བའི་ཆེད་སྒྲིག་ཅེས་པ་དེ་ཡིན་ཞིང་། དེ་མིན་པ་དག་རྩོམ་པོ་དང་བདག་རྩོམ་སྒྲིག་པས་མ་གཏོགས་ད་སྔ་སུས་ཀྱང་བཀླགས་མྱོང་མེད་དོ།། 《རྣམ་ཐར་སྐོར་གྱི་དཔེ་ཀློག་ཟིན་ཐོ》དང《རྩོམ་རིག་གི་རྫུན》ཞེས་པ། 《ཁོག་རྒྱ་ཆེ་ཞེས་ལབ་པ་ཙམ་གྱིས་ནི་ཆེ་ལུགས་མཚོན་མི་ཐུབ་པ་འདྲ》ཞེས་པ། 《བྱིས་གླུའི་སྐོར་གླེང་བ》སོགས་ལའང་མཁས་པ་མང་པོས་དགྱེས་དྲགས་བསྟོད་པ་གནང་བཞིན་འདུག་མོད། ལྷུག་རྩོམ་གྱི་དཔྱད་བརྗོད་དག་འདིར་མ་བསྡུས་པ་ནི། ཡིག་ཚོགས་ཀྱིས་འཇིགས་པས་སོ།། ཞེས་དྭངས་རྩེ་སྤྱི་གཉེར་ཁང་གི་གཅན་སྐོར་ལྷ་བཙན་དབང་ཕྱུག་གིས་ཕུལ།

དེང་གི་དུས་ལ་སེང་རྡོར་གྱི་སྙན་ངག་ནི་ཁྱེད་ཀྱིས་བཀག་ཀྱང་མི་ཁོགས་པའི་ཤྭ་འོད་ཆེན་པོ་བཞིན་སྙན་དེབ་ཀྱི་རྣམ་པས་དང་། གཞུང་སྒེར་གཉིས་ཀྱི་དྲ་བ་དང་དུས་དེབ། ཚགས་པར། སྐད་འཕྲིན་སོགས་རྩོམ་རིག་གི་སྟེགས་བུ་ཆེ་ཆུང་ཀུན་ཏུ་ཆལ་ཆིལ་དུ་གཡོ་ཞིང་འཕྱུར་འོངས་པས་ན། བོད་རྩོམ་ལ་རྒྱུས་མངའ་ཅུང་ཟད་མཆིས་པ་ཞིག་གིས་སེང་རྡོར་གྱི་སྙན་ངག་གོ་མ་མྱོང་དང་བཀླགས་མ་མྱོང་ཟེར་ན་དེ་ནི་རྫུན་གཏམ་འབའ་ཞིག་ཏུ་ཟད་དོ།།
                                    — ཁྲི་སེམས་དཔའ།

གཅིག་ནས་ཁོང་ནི་སྨྲ་བརྗོད་དག་ཅིང་། ཐ་ན་སྤྱིར་བཏང་གི་ཁ་བརྡ་ཚུན་ཆད་ལའང་སྒྲ་དག་གསལ་གསུམ་གྱི་ཁྱད་ཆོས་མངོན་པར་གསལ་ལ། གཉིས་ནས་ཁོང་གི་བརྩམས་ཆོས་ཀྱི་སྐད་ཆ་དེ་སྐད་ཆའི་གཏིང་དང་ཚིག་གི་བརྗོད་པ་ཕུན་སུམ་ཚོགས་པའི་སྤྱི་འདུས་ཀྱི་གོང་བུ་ཞིག་ཏུ་ཆགས་ཀྱིན་འདུག ། མི་ཞིག་ལ་བསླུ་བྲིད་གཏོང་དགོས་ན་ཐོག་མར་སྐད་ཆའི་སྒྱུ་རྩལ་གྱིས་བསླུ་བྲིད་གཏོང་དགོས་ལ། སྐད་ཆའི་སྒྱུ་རྩལ་ཁོ་ནས་ད་གཟོད་བརྗོད་དོན་མཐའ་དག་ལྷང་ལ་འཕུད་ཐུབ་པ་རེད།《མི་ཀོ་དམར་པོའི་འབྲེང་ལྕག》ལ་མཚོན་ན་ཡང་སྐད་ཆའི་སྒྱུ་རྩལ་གྱི་བང་མཛོད་ཞིག་སྟེ།
                                  —— ཁྱུང་ཐར་རྒྱལ།

སེང་རྡོར་ནི་བོད་རྩོམ་གྱི་དར་ཆ་ཞིག་ཏུ་གྱུར་ནས་ཀྱང་དུས་ཡུན་གང་མཚམས་ཤིག་སོང་ཡོད་ལ་དེའི་རིང་དུ་མི་ཁོ་རང་ཡང་དྲ་སྟེང་གི་སྐད་ཆ་སྣ་ཚོགས་ཀྱི་ཆར་ནག་བྱོ་སའི་ཡུལ་དུ་གྱུར་ཀྱང་དེས་ནི་སེང་རྡོར་གྱི་གསར་རྩོམ་ལ་བར་ཆད་ཅིའང་མ་ཐེབས་པར་མ་ཟད་ལོ་འདི་ཚོར་ཁོ་ནི་རྩོམ་རྒོད་དག་དེབ་ལ་བཟོས་པ་མང་ཤོས་དང་ཀློག་མཁན་གྱི་དགའ་བསུ་ཐོབ་ཚད་མཐོན་པོར་སོན་པའི་རྩོམ་མཁན་ཞིག་ཏུ་གྱུར་ཡོད།
                             —— རྨོག་རུ་ཤེས་རབ་རྡོ་རྗེ།

        ཕྱིར་འཚོང་སྐད་འཕྲིན་འབྲེལ་ཡུལ།

རྩོམ་སྒྲིག་པ། དབང་མོ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།