རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རིང་《སྤྲིན་གྱི་རྫི་བོ》བོད་རྒྱ་དབྱིན་གསུམ་དུ་དཔར་སྐྲུན་འགྲེམ་སྤེལ་བྱས།

  སྒྲུང་རིང་《སྤྲིན་གྱི་རྫི་བོ》ཡི་བོད་རྒྱ་དབྱིན་གསུམ་ལས་རྒྱ་ཡིག་གི་དཔར་གཞི་ནི་2017ལོའི་ཟླ་3པར་ལོའུ་ཉིང་ན་ཆུང་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་ཡོད་ལ། དེ་ནི་གྲངས་ཉུང་མི་རིགས་ཀྱི་སྒྲུང་རིང་གསར་རྩོམ་དཔེ་ཚོགས་བཅུ་ལས་བོད་ཀྱི་རྩོམ་པ་པོའི་འཐུས་ཚབ་བརྩམས་ཆོས་སུ་བདམས། རྒྱ་ཡིག་གི་དཔར་གཞི་དཔར་བསྐྲུན་བྱས་པ་ནས་བཟུང་། བསྐྱར་དཔར་ཐེངས་གསུམ་ལ་བྱས་ཤིང་སྔ་ཕྱིར་རྒྱལ་ཁབ་རིམ་པའི་དཔར་སྐྲུན་སྐོར་གྱི་བྱ་དགའ་མང་ཙམ་ཐོབ། 2018ལོ་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་ཁག་གི་ལོ་དྲུག་ནས་བཅུ་བཞིའི་བར་གྱི་སློབ་མ་དག་གི་དབྱར་གནང་གི་འོས་སྦྱོར་ཀློག་དེབ་བཅུ་ཡི་གྲས་སུ་འདེམས། 2017ལོའི་ཟླ་8པར་སྐབས་དྲུག་པའི་པེ་ཅིན་རྒྱལ་སྤྱིའི་དཔེ་དེབ་འགྲེམ་སྟོན་ཚོགས་འདུའི་སྐབས་དང་བསྟུན་ནས་སྒྲུང་རིང་གི་དཔེ་ཚོགས་འདི་ལ་རིག་གཞུང་གི་བགྲོ་གླེང་གི་འཚོགས་འདུ་འཚོགས་ཤིང་འབྲེལ་ཡོད་ཆེད་མཁས་པ་རྣམས་ཀྱིས་སྒྲུང་རིང་《སྤྲིན་གྱི་རྫི་བོ》ཡི་རྒྱ་ཡིག་གི་དཔར་གཞི་ལ་གདེང་འཇོག་མཐོན་པོ་གནང་། དེའི་ཕྱིར་པེ་ཅིན་རྒྱལ་སྤྱིའི་དཔེ་དེབ་འགྲེམ་སྟོན་འཚོགས་འདུའི་སྟེང་དབྱིན་ཇིའི་ACAདཔེ་སྐྲུན་ཁང་གིས་དབྱིན་ཡིག་གི་དཔར་དབང་ཉོས་པ་དང་། དུས་མཚུངས་སུ་དཔེ་སྐྲུན་ཁང་འདི་ཡིས་རྒྱ་ནག་གི་རྩོམ་པ་པོ་ཅ་ཕིན་ཝ་ཡི་《ཅི་ཧྥ་མེ་ཏོག》དང་ཅང་ཙི་ལོན་གྱི་《ཞིང་པའི་བཙན་རྒྱལ》སོགས་ཀྱི་དཔར་དབང་ཡང་ཉོས། དེ་མིན་སོའུ་ཐོན་དང་ཧྥི་དབྱི་ཚེ། ཀྲུའུ་ཏ་ཞིན་སོགས་ཀྱི་རྒྱ་ཡིག་གི་སྒྲུང་རིང་ཡང་དབྱིན་ཡིག་ལ་བསྒྱུར་ཡོད་སྐད། བོད་ཀྱི་རྩོམ་པ་པོ་ཁོང་གི་སྒྲུང་རིང་《སྤྲིན་གྱི་རྫི་བོ》ཡི་དབྱིན་ཡིག་གི་དཔར་གཞི་ནི་གན་རྒྱ་ལྟར་2019ལོའི་ཟླ་11པའི་ནང་དཔེ་སྐྲུན་འགྲེམ་སྤེལ་བྱས་ཏེ་གློག་རྡུལ་དེབ་དང་ཤོག་དེབ་གཉིས་གཟུགས་སུ་ཡ་མ་ཞོན་སོགས་རྒྱལ་སྤྱིའི་དྲ་ཚིགས་ཆེ་གྲས་ཁང་ནས་དབྱིན་ཡིག་གི་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཡོད། ཟླ་11པའི་ཚེས་8ཉིན་ལོན་ཊོན་འབྱོར་བའི་འབྲེལ་ཡོད་གསར་འགྱུར་ལྟར་ན་《སྤྲིན་གྱི་རྫི་བོ》ནི་དབྱིན་ཇིའི་ACAདཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་བོད་ཀྱི་བརྗོད་དོན་མཚོན་པའི་བརྩམས་ཆོས་ཐོག་མ་ཡིན་ལ། བྱིས་པའི་མཐོང་སྣེ་ཡིས་བྲིས་པའི་རྒྱ་ཡིག་གི་སྒྲུང་རིང་བསྒྱུར་བ་ཐོག་མ་ཡང་ཆགས་ཡོད་འདུག ACAདཔེ་སྐྲུན་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་Ying Mathiesonལགས་ཀྱིས་“དབྱིན་ཇི་རུ་ཁྱིམ་བདག་དང་སློབ་གསོ་དོན་གཉེར་བ་སོགས་གང་ཡིན་རུང་། བྱིས་པའི་རྩོམ་རིག་གི་དགོས་མཁོ་ཆེན་པོ་ཡོད་པས། ང་ཚོའི་དཔེ་སྐྲུན་ཁང་གིས་ཀྲུང་གོའི་བྱིས་པའི་རྩོམ་རིག་བསྒྱུར་བ་ནི་དབྱིན་ཡིག་གི་ཀློག་པ་པོ་རྣམས་ཀྱིས་རིག་གནས་སྣ་མང་ཅན་དང་ལེན་བྱེད་པའི་ཆེད་དུ་ཡིན”ཞེས་གསུངས་ཡོད།《སྤྲིན་གྱི་རྫི་བོ་》ཡི་བོད་ཡིག་གི་དཔར་གཞི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྒྲུང་རིང་དཔེ་ཚོགས་ཁག་གཉིས་པའི་གྲས་སུ་བདམས་ནས་2019ལོའི་ཟླ་9པའི་ཚེས་1ཉིན་དཔར་དུ་བསྐྲུན་ལ།“ལོ་ལྔའི་འཆར་གཞི་བཅུ་གསུམ་”གྱི་རྒྱལ་ཁབ་ཀྱི་གནད་ཆེའི་དཔེ་དེབ་དཔར་སྐྲུན་འཆར་གཞིའི་རྣམ་གྲངས་དང་། མི་རིགས་སྐད་ཡིག་དཔར་སྐྲུན་ལས་གཞི་ཆེད་བཀོལ་མ་རྩའི་རོགས་སྐྱོར་རྣམ་གྲངས་སུ་ཚུད། དཔར་ཐེངས་དང་པོ་དེབ་ཁྲི་གཅིག་དང་སྟོང་གཅིག་དཔར། དེ་ལ་ཁྲིན་ཏུའུ་བོད་ཀྱི་བྲིན་རྩོམ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་འགྲེམ་སྤེལ་གྱི་འགན་བླངས་ཏེ་ལྷ་ས་དང་ཟི་ལིང་ཡུལ་ཤུལ་ཁྲིན་ཏུའུ་བཞི་ནས་དུས་ཐོག་གཅིག་ཏུ་འགྲེམ་སྤེལ་བྱེད་པའི་འཆར་གཞི་བཟོས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན་《སྤྲིན་གྱི་རྫི་བོ》ཡི་བོད་ཡིག་གི་དཔར་གཞི་ནི་རྩོམ་པ་པོས་ལོ་ལྔ་ཡི་རིང་ལ་གཟབ་ནན་གྱིས་བྲིས་པས་རྒྱ་ཡིག་དང་དབྱིན་ཡིག་གི་དཔར་གཞི་དང་བསྡུར་ན་ནང་དོན་ཕྲ་ཞིབ་དང་འཐུས་ཚང་དུ་བཏང་ཡོད་པས། ཀློག་པ་པོ་དང་ཞིབ་འཇུག་པ་སུ་ཡིན་ཡང་བོད་ཡིག་གི་དཔར་གཞི་ནི་ཚད་མར་འཛིན་པར་འོས་སོ།།

  ACA དཔེ་སྐྲུན་ཁང་གི་དབྱིན་ཡིག་དཔར་གཞིའི་ལོ་ཙཱ་པ་དང་རྩོམ་སྒྲིག་སྡེ་ཁག

  གྲངས་ཉུང་མི་རིགས་ཀྱི་སྒྲུང་རིང་གསར་རྩོམ་དཔེ་ཚོགས་ཀྱི་རྩོམ་པ་པོའི་འཐུས་ཚབ་བཅུ་ཡི་འདྲ་པར།

  2017ལོར་པེ་ཅིང་ནས་བསྡུས་པའི《སྤྲིན་གྱི་རྫི་བོ》ཡི་རྒྱ་ཡིག་དཔར་གཞིའི་དཔྱད་གླེང་འཚོགས་འདུ།

  《སྤྲིན་གྱི་རྫི་བོ》ཡི་དཔྱད་གླེང་ཚོགས་འདུའི་སྟེང་རྩོམ་པ་པོས་གསུང་བཤད་གནང་བཞིན་པ།

  《སྤྲིན་གྱི་རྫི་བོ》ཡི་བོད་རྒྱ་དབྱིན་གསུམ་གྱི་དཔར་གཞི།

  འགྲེམ་སྤེལ་ལྟེ་གནས། ཁྲིན་ཏུའུ་བོད་ཀྱི་བྲིན་རྩོམ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི།

  འབྲེལ་ཡུལ། ལྷག་པ་དཀར། 13438313763

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རིང་《སྤྲིན་གྱི་རྫི་བོ》བོད་རྒྱ་དབྱིན་གསུམ་དུ་དཔར་སྐྲུན་འགྲེམ་སྤེལ་བྱས།

2019-11-19 ལྷག་པ་དཀར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།