མཚོ་བྱང་གི་རྩོམ་པ་པོ་ཞིག་གིས་ཝུའུ་ཧན་ལ་སྒོར་ཁྲི་ལྔ་དང་ལྔ་བརྒྱ་ཉི་ཤུ་བྱིན།

  2020ལོའི་ཟླ2པའི་ཚེས7ཉིན། མཚོ་བྱང་རྐང་ཚའི་རྩོམ་པ་པོ་སེང་རྡོར་གྱིས་ཀྲུང་གོའི་མཚོ་སྔོན་རྒྱ་གྲམ་དམར་པོའི་མཐུན་ཚོགས་བརྒྱུད་ནས་ཝུའུ་ཧྭན་ལ་རོགས་སྐྱོར་དུ་དམངས་སྒོར་ཁྲི་ལྔ་དང་ལྔ་བརྒྱ་ཉི་ཤུ་བྱིན།(¥50520元)

  རྒྱ་གྲམ་དམར་པོའི་མཐུན་ཚོགས་ཀྱི་གནད་ཡོད་མི་སྣར་སེང་རྡོར་ལགས་ཀྱིས་འདི་ལྟར་ཞུས།

  “ངའི་མིང་ལ་སེང་རྡོར་ཟེར་གྱི་ཡོད་ལ། བོད་རིགས་རྩོམ་པ་པོའི་མིང་ཙམ་འཛིན་མཁན་ཞིག་ཡིན། ལོ་འདི་ཚོར་ཕྲན་གྱིས་བརྩམས་ཁུལ་བྱས་པའི་དཔེ་དེབ་ཁག་ཅིག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་སོགས་གཞུང་འབྲེལ་གྱི་དཔེ་སྐྲུན་ཁང་དག་བརྒྱུད་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ལྟོས་བཅས་ཀྱིས་ཅུང་ཟད་བྲིན་པོ་ཡང་བྱུང་། ལྷག་པར་ཏུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི<<ང་དང་ངའི་སྙིང་སྡུག་འཇིགས་མེད་ནོར་བུ>>ཞེས་པ་ཐོག་མ་ཁོ་ནར་ཡང་ཚར་བདུན་སྟོང་བཙོང་ཐུབ་པ་བྱུང་། ཚུལ་དེ་ཡང་མི་རིགས་གཞན་གྱི་དཔེ་ཚོང་དང་བསྡུར་ཐབས་བྲལ་མོད། བོད་རིགས་ནང་ཁུལ་དང་དེ་ལས་ཀྱང་ཞིང་ཆེན་ནང་ཁུལ་གྱི་བོད་ཡིག་དཔེ་ཚོང་ལ་ཆ་བཞག་ན་ནི་བག་ཙམ་བཟང་གྲས་ཡིན་ཚོད་རེད། སོང་ཙང་ངས་སོ་སོའི་དཔེ་རིན་གྱི་དངུལ་ལས་དུམ་བུ་ཞིག་ཕུད་དེ་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་ལས་ཤིག་བསྒྲུབ་དགོས་ཞེས་རྟག་པར་བསམ་གྱི་ཡོད་ལ། དེ་རིང་འདི་ལྟར་སོ་སོའི་རྩོམ་རིན་ཕྲན་བུ་དེ་སྤུན་ཟླ་ཝུའུ་ཧན་པའི་ཚོགས་ལ་ཞལ་འདེབས་སུ་འབུལ་ཐུབ་སོང་བས་གློ་བ་ཤིན་ཏུ་དགའ་ཞིང་། གཏོང་སའི་ཡུལ་ནོར་མེད་ཨང་སྙམ་པ་ཞིག་ཀྱང་ཡོད་དོ།།

  ང་རང་ཏང་ཡོན་མིན་ཁར་སྤྱིར་བཏང་གི་ལས་བྱེད་པ་ཞིག་ཀྱང་མིན་མོད། <<ཏང་གི་སྒྲིག་ཡིག>>དང་གཙོ་འཛིན་ཞི་ཅིན་ཕིང་གི<<རྒྱལ་སྐྱོང་རྣམ་བཤད>>སོགས་ཆེས་ཞིབ་ཏུ་བཀླགས་མྱོང་ཞིང་། དེ་འབྲེལ་སྲིད་ཇུས་ཀྱང་རབས་དང་རིམ་པར་རྒྱུས་མངའ་ཏོག་ཙམ་ཡོད་པ་སྟེ། དཔེར་ན། འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་སུ་གཏོང་བ་བཅས་སོ།།

  དེ་མིན། སོ་སོ་རང་ཉིད་ན་རྒྱུ་ཚ་རྒྱུ་མང་ས་ཞིག་ཡིན་པས་སམ་གང་ལྟར་ནད་པ་ལ་ཤས་མི་བཟོད་པའི་གདུང་སེམས་ཡོད་མཁན་ཞིག་ཀྱང་ཡིན། གཞན་ཡང་ང་རང་ས་ཁར་ལྷུང་དུས་ནས་རྒྱལ་ཁབ་འདིའི་པང་ན་འཚོ་བཞིན་ཡོད་ཅིང་། རྒྱལ་ཁབ་འདིའི་འབྲུ་མཛོད་ཁང་གི་འབྲུས་ངའི་ལུས་ཕུང་གསོས་ནས་ལག་ཆགས་པ་ཡིན། དེ་བས་ངའི་མེས་རྒྱལ་ནི་སྐར་ལྔའི་དར་དམར་གཡོ་ས་འདི་ཉིད་ཡིན་དགོས་རྒྱུ་རེད། རྒྱལ་ཁབ་འདིས་ངའི་རུས་མིང་ཆེས་ཐོག་མར་ཁྱིམ་ཐོ་རུ་བཀོད་ལ། ནད་བྱུང་ན་སྟོན་ས་ཡང་རྒྱལ་ཁབ་འདིའི་སྨན་ཁང་ཡིན། ངས་ཟོས་པའི་སྨན་ཐོག་མ་ཡང་རྒྱལ་ཁབ་འདིའི་ཡིན། མ་འོངས་པར་ལོ་ལོན་ནའང་རྒྱལ་ཁབ་འདིའི་རྒན་གསོ་ལ་བརྟེན་ནས་ཚེ་མཇུག་བསྐྱལ་དགོས་རྒྱུ་རེད། གནོད་འཚེ་ཐེབས་དུས་ཀྱང་ཞུ་གཏུག་རྒྱག་ས་རྒྱལ་ཁབ་འདིའི་ཁྲིམས་འབྲེལ་ལས་ཁུངས་ཡིན་པ་ལས་ཡུལ་ལུང་གཞན་ཞིག་གི་མིས་བདག་སྤྲོད་བྱས་ཀྱང་མ་མྱོང་ལ་བྱེད་ཐབས་ཀྱང་བྲལ་ལོ།། དེ་བས་ང་རང་རྒྱལ་ཁབ་འདིའི་སྤྱི་དམངས་ངོ་མ་ཞིག་ཡིན་དགོས་རྒྱུ་རེད། རྒྱུ་མཚན་དེའི་ཕྱིར་ནའང་སོ་སོའི་མེས་རྒྱལ་དཀའ་ངལ་ལ་ཐུག་པའི་སྐབས་སུ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ནི་གཞན་གྱིས་ཚུར་བསྐུལ་དགོས་པ་ཞིག་མིན་ཨང་།”

  ཟུར་བཀོད། སེང་རྡོར་གྱི་རྩོམ་རྙིང་ཞིག

༈བོད་ཀྱི་མཁས་ཆེན་ས་རྡོ་དུང་སོགས་ཀྱི་དགོངས་རྒྱན།

  མཐེབ་གཞོང་སྟེང་གི་དཔའ་རྒོད་འཁྲབ་རྒྱུ་དེ་ཙམ་ཁག་པོ་མི་འདུག་སྟེ།།རང་སྡེས་གོ་ཡང་གཞན་སྡེས་མི་གོའི་ལ་འོག་ལ་རྒྱ་འབྲི་ཡང་སླ།།ལང་ཚོའི་ངར་གྱིས་འཕག་མཆོང་རྒྱག་པ་བསམས་ཤིང་བསམ་ན་མཐིལ་མེད་རེད།།གླུ་མ་དབྱངས་ཀྱི་ཙི་གུའི་ཁ་སྤུས་མགོ་རྣ་འཛིན་པ་འོ་རེ་བརྒྱལ།།དེད་ནས་ཡོང་དུས་ཉིས་འགྲེལ་སུམ་འགྲེལ་སྙིང་མེད་ཁ་སྤོབས་འགྲོས་རེ་ཆུང་།།དེ་འདྲ་ཡི་ཐང་ཆད་པ་ཞིག་ལས“བདེན་ནོ་ལེགས་སོ”འདྲ་རེ་ཆགས།།འདི་ཡི་ཕོགས་ཟ་དེ་ཡི་ཕྱོགས་འཛིན་རང་སྡེའི་མཁས་ཆུང་མང་ཚོད་རེད།།ཁ་ཤོམ་ཆེ་ཡང་ཁ་ཕོར་དམ་འཛིན་ཁ་ཁོག་ཉིས་འགལ་ཨ་བ་རི།།ངེས་པ་དོན་གྱིས་བྱ་རྒྱུ་ཡིན་ན་ས་པཎ་ནང་བཞིན་བསྟུན་མཁས་ཁར།།རྗེ་བཙུན་ཤེས་རབ་རྒྱ་མཚོ་ལྟར་བྱས་བསྟོད་ཀྱང་དགོས་པ་ཁོ་ཐག་སྟེ།།ཆེ་སར་བཞག་པའི་ཆེན་པོ་དེ་ཚོས་འུ་ཚོའི་འདི་ཙམ་ལོས་ཀྱང་ཤེས།།འུ་ཚོའི་ཀླད་པ་བཀོད་པ་འདི་ཙམ་དུང་དཀར་མཆོག་ལ་ལོས་ཀྱང་ཡོད།།འུ་ཚོའི་ཞེན་ཁོག་ཉེ་རིང་འདི་ཙམ་ད་ལྟའི་དྲུག་པར་ཡང་ལོས་ལྡན།།ལྡན་པ་བཞིན་དུ་བསམ་ཤེས་ངང་རིང་ཕྲག་ཏུ་ལེན་པར་རྒྱུ་མཚན་ཡོད།།ཨུ་ཚུགས་བྱས་པའི་འབྲས་བུ་ག་རེ་ཅི་ཡང་མེེད་པ་ད་ལྟས་སྟོན།།ཞི་བའི་གྲོས་ཀྱིས་གང་དག་གྲུབ་པ་དེ་ཡང་ད་ལྟས་ལེགས་པར་མཚོན།།རྗེས་རབས་འཁོན་ཁ་གཏུག་པ་ཙམ་གྱིས་སྙིང་པོ་ལོན་རྒྱུ་མི་དཔེ་ཨང་།།གནས་ཀྱིས་སྦྲེལ་བའི་རིགས་རྒྱུད་ཕལ་ཆེར་བསྐལ་བའི་བར་དུ་གཤིབ་དགོས་པས།།གཅིག་འོག་གཅིག་འདུས་སྟངས་ཀ་ཞིག་གིས་ནམ་ཟླ་བསྐྱལ་ཡང་མི་རུང་མེད།།བྱ་དང་སྤྲེལ་གཉིས་རེས་ཀྱིས་འཁོར་ཏེ་ནགས་ཚལ་ཧྲིལ་པོ་སྐྱོང་ཡང་སྲིད།།མི་ནག་ཁབ་ཅིག་ལོགས་སུ་གཟུགས་རྒྱུ་མི་མཐུན་གནོད་བཅས་དཀའ་མོད་དེ།།མི་ནག་ཨ་རིའི་སྲིད་ཁྲིར་འདུག་རྒྱུ་ཁྲིམས་མཐུན་ལུགས་མཐུན་ཆེར་མི་དཀའ།།སྐད་གོམས་རིག་གནས་བེད་སྤྱོད་དར་སྤེལ་ཟམ་མི་ཆད་པར་ཇེ་དབང་རེད།།འདི་ཙམ་ཞིག་གིས་བསམ་པ་རྫོགས་ཏེ་ཕན་ཚུན་འཆམ་ཞིང་དགའ་ན་ཨང་།། ༢༠༡༧ ༩ ༦

  རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་བྱང་གི་རྩོམ་པ་པོ་ཞིག་གིས་ཝུའུ་ཧན་ལ་སྒོར་ཁྲི་ལྔ་དང་ལྔ་བརྒྱ་ཉི་ཤུ་བྱིན།

2020-02-08 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།