གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་མེ་སྟག

2008-12-07 13:59:00 tibetcm ཀློག་གྲངས། མཆན ཡོད།

རུས། "བཀའ་རྒྱུད" "ཀ་རྒྱ"༼འདིའི་སྐོར་ལ་ཞིབ་འཇུག་བྱས་མ་མྱོང༽ 
མཚན། བསོད་ནམས་བརྟན་པ།
སྨྱུག་མིང༌། གཅན་མེ་སྟག རྒྱལ་སྲས་སོགས། 
འཁྲུངས་ཡུལ། མཚོ་སྔོན་གཅན་ཚ་རྫོང་ལྷ་སའི་གྲོང༌།
འཁྲུངས་སྐར། ༡༩༧༠ལོའི་ཟླ་༡ཚེས༢༦ཉིན།
ད་ལྟའི་ལས་ཀ བོད་ཡིག་དགེ་རྒན།
གློག་འཕྲིན་ཡིག་སྒམ། 
ཡོན་ཚད། སློབ་ཆེན།
ལས་ཐོབ། སློབ་འབྲིང་མཐོ་རིམ་དགེ་རྒན།
རྩོམ་འབྲི་མགོ་རྩོམ་དུས། ༡༩༨༦ལོའི་སྟོན་ཀ༼ཕལ་ཆེར༽
དགའ་ཕྱོགས།(མང་དུ་བསྐང་ཡང་ཆོག) སྙན་ངག རི་མོ། དཔེ་ཆར་བལྟ་བ། གཅིག་པུར་སྡོད་པ། ཁེར་རྐྱང༌།བུད་མེད། བདུད་རྩི། ལབ་གླེང་། 
ཚབ་མཚོན་བརྩམས་ཆོས།(གཅིག་ནས་གསུམ་པར་གང་རུང་འབྲི་ཆོག) <<བདག་མེད>>༼རང་གི་བསམ་ཚུལ་ཙམ༽
ཉེ་བའི་འཆར་གཞི། <<བདག་མེད>>བསྐྱར་བཅོས་བྱེད་པ།
ཡར་སྔོན་བྲིས་མ་མྱོང་བའི་བརྩམས་སྒྲུང་གསར་བ་<<མཐའ་མཇུག་གི་ལྷ་ས>>ཞེས་པའི་སྒྲུང་རིང་ཞིག
དད་པ་བྱེད་སའི་མི།(མང་དུ་བསྐང་ཡང་ཆོག) རྗེ་བཙུན་མི་ལ་རས་པ། ཙོང་ཁ་པ། དགེ་འདུན་ཆོས་འཕེལ། ཚངས་དབྱངས་རྒྱ་མཚོ།༼ཡེ་ཤུ་མ་ཤི་ཀའི་སྙིང་སྟོབས། ཉི་ཚེ་སྙིང་སྟོབས༽སོགས། 
ཆེས་ཀློག་སྤྲོ་བའི་དཔེ་དེབ།(མང་དུ་བསྐང་ཡང་ཆོག) <<དག་ཡིག་གསར་བསྒྲིགས>> <<དམངས་གླུ་ཕྱོགས་བསྒྲིགས>> <<མི་ལའི་མགུར་འབུམ>>
<<ཆུ་ངོགས་གཏམ་རྒྱུད>> <<中外美术史>> <<快乐的哲学>>སོགས།
སོང་མྱོང་བའི་ས་ཆ། ལྷ་ས། བལ་བོ། བླ་བྲང༌། རྨ་ཆུ། ཡུལ་ཤུལ།༼ཁུང་རྨིན་དང་ཞི་ཨན་མ་གཏོགས་རྒྱ་ནང་དུ་སོང་མ་མྱོང་བ་དང༌། མཐའ་མཚམས་ཀྱི་གྲོང་ཚོ་རེ་གཉིས་མ་གཏོགས་བོད་ཁུལ་དུ་མ་སོང་ས་མི་འདུག༽ 
ཆེས་བརྗེད་དཀའ་བའི་བྱ་བ། ༡ རྨོ་མོ་ཚེ་ལས་འདས་སྐབས་ངོ་མ་འཕྲད་པ། ཡབ་ཆེན་སྐུ་གཤེགས་ཁར་ཞལ་མ་མཇལ་བ།༢ གནའ་མཁར་འདྲེ་བཞི་འཚོགས་སྐབས་ཀྱི་ཚུགས་ཀ་དང་གཞན་གྱི་ལྟ་ཚུལ། 
ཁྱེད་ཀྱི་འདོད་པ་ལྟར་འཇིག་རྟེན་འདིའི་ངོ་བོ་ཚིག་གཅིག་གིས་མཚོན་དགོས་ན་ཚིག་དེ་ནི། ད་དུང་མི་འདུག
བུད་མེད་ཀྱིས་བཞག་པའི་ཚོར་བ་ནི། ༡ འདོད་པ། ༢ སྡུག་བསྔལ། ༣ མཐོང་ཆེན། ༤ བཅིངས་གྲོལ། ༥ བརྩི་སྲུང༌། ༦ མྱི་ཁ་སོགས།
ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ། དགེ་འདུན་ཆོས་འཕེལ། འཇུ་མི་ཕམ་པ། 
ཆེས་དགའ་སའི་རྒྱ་ནག་གི་རྩོམ་པ་པོ། 北岛、海子、李白
ཆེས་དགའ་སའི་ཕྱི་གླིང་གི་རྩོམ་པ་པོ། པོ་ཏི་ལེར། ཕ་སི། པོར་ཧི་ཟི།
འདང་ཆེ་བའི་གྲོགས་པོ།(མང་དུ་བསྐང་ཡང་ཆོག) འབྲོང༌།༼འབྲུག་ལྷ་རྒྱལ༽ འཇུ་སྐལ་བཟང༌།༼ཏིག་ཏ༽ སྙན་ངག་པ་དང་བོད་ཀྱི་མི་རྣམས།
ཀློག་པ་པོར་བརྗོད་འདོད་པའི་སྐད་ཆ། ངས་སྙན་ངག་འབྲི་དོན་ནི་ང་ལ་སྡུག་བསྔལ་མང་བས་ཡིན།ང་རང་ཉིད་ནམ་ཡང་བརྩེ་སེམས་ཀྱི་བྲན་དུ་གྱུར་བས་ཡིན།
གལ་ཏེ་རྩོམ་རིག་ཅེས་པ་དེ་མེད་ཚེ་དེའི་ཚབ་ཅི་ཞིག་གིས་བྱེད་སྲིད་ཅེས་ན། ཡང་ན་ཨ་རག ཡང་ན་དྲག་ཆས། ཡང་ན་སྲིད་དོན།ངེས་པར་དུ་གདམ་དགོས་ཚེ་ངས་ཅི་ཡང་གདམ་མི་སྲིད། འཚོ་བ་ལས་གཞན།
ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབས་དེ་ཅི་འདྲ་ཞིག་རེད་ཅེས་ན། ༡ གོ་རིམ་ངེས་ཅན་ཞིག་ཏུ་སླེབས་འདུག རེ་གཉིས་ཀྱི་ཆུ་ཚད་འཛམ་གླིང་སྤྱིའི་ཁ་ཕྱོགས་
དང་མཐུན་འདུག དགའ་འོས་པ་དེ་རེད།༢ འཕེལ་རྒྱས་ཟེར་བ་རྫུན་དུ་འདུག རང་དབང་རང་འཐད་ཀྱི་ཤེད་ཤུགས་ཆེན་པོར་གདའ། བཙའ་ཆགས་འདུག སྐྱོ་འོས་པ་དེ་རེད། 
རང་རེའི་བོད་ཀྱིས་འཛམ་གླིང་ལ་ངོམ་དུ་རུང་བ་དེ་གང་རེད་ཅེས་ན། ལྷག་བསམ། ཤེས་རིག དེའི་ཁོངས་སུ་རིག་གནས་ཁོ་ན་འདུས༼འདི་སྔོན་རབས་པ་ལ་ཟེར༽
དེ་མིན་ད་དུང་བཟོ་སྐྲུན། ས་གནས། འདི་ཡོད་ཚད་སྔོན་རབས་པ་རེད་ཨང༌། 
རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་འཛོམས་དགོས་པའི་ཆ་རྐྱེན་དེ་གང་རེད་ཅེས་ན། ༡རིག་པའི་སྟོབས། ༢བསམ་བཀོད། ༣ཤེས་བྱ་སྣ་མང༌། ༤ཚོར་བ། ༥འཚོ་བའི་ཉམས་མྱོང༌།༦གཞན་ཕན། ༧སྐད་ཆ། ༨ཐ་སྙད། ༩ལ་རྒྱ། ༡༠སྔོན་ཤེས། ༡༡མཛེས་དཔྱོད་ནུས་པ། ༡༢སྒུལ་ཤུགས།༡༣སྙིང་སྟོབས༼འདི་གཙོ་ཆེ༽ ༡༤འབད་བརྩོན། ༡༥ཁོར་ཡུག
༼སྐྱེད་སྲིང་ལ་མཁོ་བ༽༡༦ཕུན་སུམ་ཚོགས་པ།
ཆང་རག་སྤྱད་པར་ལེགས་ཉེས་ཅི་ཡོད་ཅེས་ན། ༡ ལེགས་པ་རང་ཉིད་འཇོམས་བྱེད་དང༌།༢ ཉེས་པ་ཡང་རང་ཉིད་རྟོགས་བྱེད་རེད། 
རྩོམ་རིག་དང་དངུལ་ལོར་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། ༡ ང་ཚོར་དཔལ་འབྱོར་གྱི་འདུ་ཤེས་ངེས་པར་དུ་མཁོ།༢ གསེར་ལ་རིན་ཐང་མེད་ན་ས་རྡོ་དང་མཚུངས་ཞེས་པས་མཚོན། 
རྩོམ་རིག་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། ༡ ཤ་དང་ཁྲག་གི་འབྲེལ་བ།༢ གྲི་དང་མདུང་གི་འབྲེལ་བ།༣ ཕ་དང་བུའི་འབྲེལ་བ།
་་་་་་་་་་་་་
རྩོམ་འབྲི་བར་སྨྱུ་གུ་བཀོལ་ན་ལེགས་སམ་གློག་ཀླད་བཀོལ་ན་ལེགས་ཞེས་ན། སྨྱུ་གུ་ལེགས་པ་འདྲ༼ང་ལ་མཚོན་ན༽ བསམ་བློ་གཏོང་དུས་གཅིག་རྗེས་གཉིས་འབྲངས་ཀྱི་ཚུལ་དུ་ཡོད་པ་འདྲ། འཚོ་བའི་སྲོག་རྩའམ་དྲོད་ཁོལ་དང་ཉེ་བར་སྙམ། 
འཆི་བའི་ཕྱོགས་ལ་མནོ་བསམ་བཏང་ཨེ་མྱོང་ཞེས་ན། མྱོང༌། འཆི་བ་ནི་མཐའ་མཇུག་གི་རྒྱལ་ཁ་དང་ཕམ་ཁ་ཡིན་པས།རིག་གནས་དང་ཚན་རིག་ཡོད་ཚད་ཀྱི་གཙོ་གནད་ཡིན་པས།ཆོས་ལུགས་དང་འབད་འབུངས་ཡོད་ཚད་ཀྱི་ལྟེ་གནས་ཡིན་པས། 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།