རྟག་མི་རྟག་མི་རབས་གསུམ་པ།

                  ___མི་ལོ་དྲུག་གི་རིང་ལ་འཇིག་རྟེན་མི་ཁ་མཉམ་དུ་འཁུར་རོགས་ཀྱི་གྲོགས་པོ་དག་དྲན་པ།
དོན་དམ་དུ་མི་རྟག་པའི་དཔེ་ལ
མི་རབས་གསུམ་པ་བ་འཐོར་སོང་བ་རེད
ཀུན་རྫོབ་ཏུའང་རྟག་པའི་དཔེར
མི་རབས་གསུམ་པ་བ་ག་ས་ག་རུ་འཛོམས་འདུག
བོད་ཀྱི་རྩོམ་རིག་གི་གྲུ་ག་སོ་སོར་འཛོམས་འདུག
༼ཁ་བྱང་གི་འགྲེལ་བ།༽
 
ལང་ཚོ་དར་ལ་བབ་པའི་གཞོན་ནུའི་དཔུང་རྡང་ཤིག་ཤིག།
སྙན་ངག་སྲོག་ཏུ་བྱས་པའི་བསམ་བློའི་ཚ་དབལ་ལམ་ལམ།།
འགའ་རེའི་སྣང་ངོར་མ་ཤོང་ཞེ་སྡང་མེ་ལྕེ་འབར་འབར།།
དེ་ནི་ཡིན་ཡང་ལོས་ཡིན་གངས་ཅན་མི་རབས་གསུམ་པ།།
 
དབྱངས་ཀྱི་རང་མདངས་བཀྲ་བའི་སྙིང་གི་ལོ་མ་དེ་དག།
གསེར་དང་ལྕཊ་ནི་མིན་ཡང་མདོག་ལ་འགྱུར་བ་མེད་པ།།
མི་ལོ་དྲུག་གི་རིང་ལ་མི་ཁས་བཤད་ཡམས་འཁོར་འཁོར།།
དོན་གྲུབ་རྒྱལ་ནི་ཡིན་ན་སྔར་ནས་རང་ཉིད་བརླག་ཚར།།
 
ཆང་ནི་འཐུང་གི་ཟེར་ཡང་རང་གིས་ཉོས་པའི་ཆང་ཡིན།།
ཐ་མག་བཏུང་གི་ལབ་ཀྱང་མི་རབས་གསུམ་པའི་གློ་རེད།།
སྤྱི་དོན་ཁུར་ལ་བླངས་ན་འགན་འཁྲི་མི་འདུག་གསུང་གི།
རང་དོན་ཁ་ནས་བསྒྲགས་ན་རྗེས་སུ་ཡི་རང་གནང་གིས།།
 
དབུས་པ་འཐོམ་ནས་བསྡད་ན་བསམ་ཚུལ་ཞུ་ནི་མེད་པ།།
ཁམས་པས་སྐྱིད་ཉལ་རྒྱབ་ཀྱང་འབོད་པ་གཏོང་ནི་སུའོ།།
ཨ་མདོ་ཧོར་རྒྱུག་བྱས་པར་གསལ་ཁ་འདོན་ནི་མི་འདུག།
ང་ཚོས་རྩོམ་རིག་སྤེལ་བར་དེ་འདྲ་སྡང་དགོས་ཡོད་དམ།།
 
ཆེན་པོ་བོད་ཀྱི་རྒྱལ་ཁམས་ཆུང་ཆུང་གྲོག་ཤུར་འདྲ་འདྲ།།
ཡིན་མིན་རྩོད་དགོས་མི་འདུག་མིག་ལ་ཤར་ནས་ཡོང་བ།།
ཁ་བཤད་ཉི་མ་གཞོན་ནུ་ལག་ལེན་མུན་པ་འཐིབས་འདྲ།།
རང་རེའི་མངོན་སུམ་འཚོ་སྡོད་ཇི་འདྲའི་ཡ་མ་བརླ་ཞིག།
 
ཡོད་པས་ཡོད་གོ་མ་ཆོད་མེད་ཀྱང་འོས་པར་གྱུར་ཡང་།།
མི་རབས་གསུམ་པ་མེད་ན་དྲ་བར་བཀྲག་མདངས་ག་ལ།།
དུས་དེབ་ལོ་དེབ་སོགས་ཀྱི་ནང་སྙིང་ལྕི་ཁོག་སྟོངས་འགྲོ།
དེ་དག་མིག་མཐོང་ལག་ཟིན་ཡིན་སྐོར་གཞན་པས་སྨྲ་བ།།
 
ཞོགས་པའི་ཁོམ་སྐབས་འདི་ལ་གྲོགས་པོ་རེ་རེ་དྲན་བྱུང་།།
རིགས་ཀྱི་ཤ་ཞེན་ལྡན་ལ་དཔྱོད་པའི་མིག་རྒྱང་རིང་བར།།
ཡུལ་ནི་གང་དུ་གནས་ཤིང་བྱ་བཞག་ཅི་ཞིག་སྒྲུབ་བཞིན།།
འཚམས་པོ་བདེ་མོ་ཡིན་པར་གསོལ་བ་སྨོན་ལམ་ཞུས་སོ།།
                  ༢༠༡༡ལོའི་ཕྱི་ཟླ་བཅུ་བའི་ཚེས་ཉེར་དྲུག་གི་ཞོགས་པར་ཤར་མར་སྦྱར་རོ།།
 
རྩོམ་ཁུངས། དུང་གི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟག་མི་རྟག་མི་རབས་གསུམ་པ།

2011-10-26 དུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།