ང་རང་ཡང་ཕྱིར་འབུད་རྒྱུ་ཡིན།

  སྙན་ངག་གི་མི་རབས་གསུམ་པའི་བསྒྲགས་གཏམ་གཏོར་འཇོམས་བྱེད་མཁན་ཏེ།  ཤུལ་དུ་ལུས་པའི་མི་རབས་གསུམ་པའི་ཚོགས་མི་དེ་དག་ལས་ང་རང་ཕྱིར་འབུད་བྱ་རྒྱུ་ཡིན།
༼ང་ཚོས་མི་རབས་གསུམ་པ་གྲུབ་པ་ནི་སྙན་ངག་ལ་བཟུང་བའི་རྣམ་འགྱུར་གཅིག་ལས་བསྒྲགས་གཏམ་ཞིག་གྲུབ་ཏེ་ཚོགས་པ་ཞིག་གི་ངོ་བོར་གྱུར་ཡང་། དེ་རིང་བསྒྲགས་གཏམ་ལ་ངོས་ལེན་མེད་པའི་སྙན་ངག་པ་རྣམས་དེའི་ནང་དུ་འཚང་ཁ་རྒྱག་རྒྱུ་ཡིན་ན། དེ་ཡིས་མི་རབས་གསུམ་པའི་ཚབ་མཚོན་བྱ་མི་ཐུབ་པས་ང་ཡང་མི་རབས་གསུམ་པའི་དང་མའི་བསྒྲགས་གཏམ་དང་འགལ་ཟླར་གྱུར་བའི་མི་དེ་དག་དང་སྙན་ངག་ལ་འཛིན་པའི་རྣམ་འགྱུར་གཅིག་མཚུངས་མིན་པས་མི་དེ་དག་གིས་གྲུབ་པའི་མི་རབས་གསུམ་པ་དེ་ལས་ཕྱིར་འབུད་བྱ་རྒྱུ་ཡིན། ༽
  མི་རབས་གསུམ་པའི་བསྒྲགས་གཏམ་སྤེལ་བ་ནས་ང་རང་ཉིད་ཀྱི་སྙན་ངག་གི་སྤུས་ཀ་དང་རིན་ཐང་དེ་མི་རབས་གསུམ་པའི་ཁྲོད་དུ་ཚུད་མིན་གང་ལྟར་རུང་། ང་རང་གིས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་དེ་ཡིས་ང་རང་མི་རབས་གསུམ་པའི་བསྒྲགས་གཏམ་དང་ཧ་ཅང་གིས་མཐུན་པར་འདོད་དེ་མི་རབས་གསུམ་པར་ཞུགས་པ་ཡིན། རྗེས་སུ་མི་ཁ་ཤས་ཀྱིས་ང་རང་མི་རབས་གསུམ་པའི་སྒོ་བྱང་ཙམ་རེད་ཟེར་མྱོང་མོད། ངས་ངེས་པ་དོན་གྱི་མི་རབས་གསུམ་པའི་སྙན་ངག་གི་བསྒྲགས་གཏམ་དང་འགལ་འཛོལ་གཏན་ནས་ཕྱིན་མེད་པར་སྙན་ངག་གི་མི་རབས་གསུམ་པའི་ཚོགས་མི་ཡིན་པར་སྤོབས་པ་དང་དགའ་དད་གཉིས་འདྲེས་ཡིན།
  ཡང་མི་ལ་ཤས་ཀྱིས་སྔོན་ཆད་མི་རབས་གསུམ་པ་ནི་འགན་འཁྲི་མེད་པའི་གསར་བུ་རྐྱལ་སྟོང་འགའ་རེད་ཅེས་ཤོད་མྱོང་མོད། བོད་ཀྱི་སྙན་ངག་གི་འཕེལ་རིམ་ལ་འགན་བླངས་པ་ནི་མི་རིགས་ཤིག་གི་རིག་གནས་ཀྱི་ཡ་གྱལ་ཞིག་ལ་ཞབས་ཞུ་སྒྲུབ་པ་ཡིན་པས། མི་རིགས་དང་སྤྱི་ཚོགས་ལ་འགན་ལེན་དགོས་ན་ལ་རྒྱ་དང་སེམས་ཤུགས་ཟེར་ནས་སྟོང་བཤད་དང་ཁྱི་ལབ་རྒྱག་རྒྱུ་ཞིག་གཏན་ནས་མ་ཡིན་པ་མ་ཟད། བོད་མི་རིགས་ཀྱི་རིག་གནས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་ཟ་ཟུར་གང་རུང་ནས་རང་ལ་བབས་པའི་ལས་འགན་དེ་རིགས་གཅིག་རྐང་འཛིན་གྱིས་སྒྲུབ་པ་ཡིན་ན་དེ་ནི་མི་རིགས་དང་སྤྱི་ཚོགས་ལ་འགན་བླངས་པའི་ལས་དོན་རླབས་པོ་ཆེ་ཞིག་ཡིན་པས། མི་རྣམས་ཀྱིས་ཆབ་སྲིད་ཀྱི་ཚོར་བ་རྣོ་བོ་དང་ཡང་ན་བྱ་སྤུ་ལྟ་བུའི་སྐད་ཆ་ཡངས་མོ་རེ་ཁྱེར་ཡོང་ནས་སྙན་ངག་པའི་འཚོལ་སྙེགས་དང་འཚོ་བ་ལ་སྡོམ་རྩིས་མ་རྒྱག་རོགས་ཞུ་རྒྱུ་ཡིན། 
  ད་ལྟ་སྙན་ངག་གི་མི་རབས་གསུམ་པ་ཡི་བསྒྲགས་གཏམ་ཐལ་བར་གྱུར་བ་ཤེས་པ་དང་ལྷག་པར་དུ་མི་རབས་གསུམ་པའི་བསྒྲགས་གཏམ་རྩིས་མེད་ཀྱིས།  ཐོག་མའི་མི་རབས་གསུམ་པའི་བསྒྲགས་གཏམ་གྱི་སྙན་ངག་ལ་འཛིནཔའི་་རྣམ་འགྱུར་དེ་དང་ཡོངས་སུ་ཁ་གྱེས་བའི་སྙན་ངག་པ་ཁ་ཤས་ཤིག་ཨུ་ཚུགས་ཀྱིས་མི་རབས་གསུམ་པའི་ཚོགས་མིང་དེ་འཛིན་རྩིས་ཡོད་པ་སོགས་ཀྱིས། ད་ལྟ་མི་རབས་གསུམ་པའི་དང་མའི་བསྒྲགས་གཏམ་གྱི་རྩ་དོན་དང་འགལ་ཞིང་ད་ལྟ་མི་རབས་གསུམ་པའི་ཁྲོད་དུ་ཨུ་ཚུགས་ཀྱིས་འགྱིང་བའི་སྙན་ངག་པ་དེ་དག་དང་ང་ཡིས་མི་རབས་གསུམ་པ་ངོས་ཟིན་ཐོབ་པ་གཉིས་ཧ་ཅང་ཐ་དད་པ་ཡིན་ཕྱིར་ད་ལྟ་མི་རབས་གསུམ་པའི་ངོ་བོ་བརྗེ་བསྒྱུར་བྱེད་མཁན་གྱི་སྙན་ངག་གི་མི་རབས་གསུམ་པ་ལས་ཕྱིར་འབུད་བྱ་རྒྱུ་ཡིན་ལ། རབ་ཡིན་ན་མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་པ་དེ་དག་ཏེ། དང་ཐོག་མི་རབས་གསུམ་པའི་བསྒྲགས་གཏམ་སྤེལ་མཁན་གྱི་སྙན་ངག་པ་ཚོས་ཀྱང་མི་རབས་གསུམ་པའི་མིང་དེར་བདག་པོ་དང་གཅེས་སྤྲས་བྱེད་དེ། ཐེངས་འདིའི་འགལ་ཟླ་དེ་གཙང་སེལ་བྱ་བའི་རེ་བ་ཡོད་ལ་སྙན་ངག་གི་མི་རབས་གསུམ་པའི་ཚོགས་པ་ནི་ངོ་བོ་ཙམ་ཡིན་ཡང་། དེ་དག་གི་ཚབ་མཚོན་མི་སྣའི་སྙན་ངག་རྒྱུན་མི་ཆད་པའི་རེ་བ་དང་བཅས། སྙན་ངག་གི་མི་རབས་གསུམ་པའི་བསྒྲགས་གཏམ་དང་མཉམ་དུ་སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་མིང་དེ་ཁྱེར་ཏེ་འགྲོ་རྒྱུའམ། ཡང་ན་གཏེར་དུ་འཇོག་རྒྱུ་གང་ལྟར་མི་རབས་གསུམ་པའི་བསྒྲགས་གཏམ་གྱི་ངོ་བོ་ལ་བརྗེ་བསྒྱུར་མ་གཏོང་རོགས་ཞུ་རྒྱུ་དང་། ལྷག་པར་དུ་མི་རབས་གསུམ་པའི་ཚོགས་པ་དེ་ངེས་པར་དུ་དགོས་དོན་མེད་པར་སྙན་ངག་གི་མི་རབས་གསུམ་པའི་བསྒྲགས་གཏམ་རྩ་དོན་ལ་འཛིན་པའི་སྙན་ངག་པ་དེ་དག་གི་སྙན་ངག་ཡོད་པས་ཆོག་པར་འདོད་རྐྱེན། ཚོགས་པ་དེ་མཇུག་སྒྲིལ་ངེས་ཀྱང་བརྩམས་ཆོས་མུ་མཐུད་དུ་སྤེལ་རོགས་ཞུ་རྒྱུ་ཡིན། ཡིན་ན་ཡང་མ་མཐར་ཡང་བསྒྲགས་གཏམ་རྩ་དོན་ལ་འཛིན་པའི་སྙན་ངག་གི་མི་རབས་ཞེས་པའི་མིང་དེ་བསྒྲགས་གཏམ་་དེ་མཐོང་བ་ཙམ་གྱིས་ཞེ་འདར་མཁན་གྱི་མི་དེ་ཚོའི་ལག་ནས་རུལ་དུ་མ་མཇུག་རོགས།   
  དེ་བཞིན་ངས་ནི་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པ་ཞེས་འབོད་དུས་ཐོག་མར་སྙན་ངག་གི་མི་རབས་གསུམ་པའི་བསྒྲགས་གཏམ་སྤེལ་ཏེ་དེ་རྩ་དོན་ལ་འཛིན་མཁན་རྣམས་ལ་ངོས་འཛིན་བྱ་རྒྱུ་ལས། ད་ལྟ་ཤུལ་དུ་ལུས་པའི་བསྒྲགས་གཏམ་གྱི་རྩ་དོན་གཏོར་བཅོམ་བྱེད་མཁན་དེ་དག་ལ་ངོས་ལེན་བྱ་རྩིས་ཀྱང་མེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་ཡང་ཕྱིར་འབུད་རྒྱུ་ཡིན།

2011-06-23 ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།