མེ་ལྕེ་ལགས་ཀྱིས་མི་རབས་གསུམ་པར་བྲིས་པའི་ལན་དུ་བྲིས་པ།

  
    སྐུ་ཞབས་མེ་ལྕེས་རྩོམ་ཡག་པོ་མང་པོ་བྲིས་འདུག་ནའང་མི་རབས་གསུམ་པར་བྲིས་པ་ལ་འཐད་པ་མ་བྱུང་། དེ་ནི་མི་རབས་གསུམ་པའི་སྒེར་གྱི་བརྩེ་ཞེན་གྱིས་མིན་པར་གནས་ལུགས་ཀྱིས་ཡིན། ཁོང་གིས་རྒུད་པའི་མི་རབས་ཞེས་པ་ངན་པར་རྩི་བ་དང་དེའི་དཔང་བོར་ཀུན་སྤྱོད་སྲུང་མིན་ཙམ་བཞག་པ་ནི་སྙན་ངག་གི་རང་དབང་འཕྲོག་པའི་རྟགས་ཤིག་ཏུ་མངོན། ཁོས་མི་རབས་གསུམ་པར་རྒུད་པའི་མི་རབས་ཞེས་དུས་རབས་ཉི་ཤུ་བའི་ནང་གི་ཆེས་རླབས་ཆེ་བའི་སྙན་ངག་གི་གྲུབ་མཐའི་མཚན་དེ་བསྐྱར་དུ་གསོལ་བ་ནི་ཁོང་གིས་མི་རབས་གསུམ་པ་དམན་སར་བཀོད་པ་ཡིན་ཡང་དོན་དུ་མཐོ་སར་བཞག་འདུག གནའ་དེང་གི་ལོ་རྒྱུས་གང་ལ་བལྟས་ནའང་སྙན་ངག་པ་ནི་ཀུན་སྤྱོད་ལས་གྲོལ་བར་བརྩོན་པའི་དབྱངས་ཅན་མའི་ཕྲུ་གུ་གཤོག་པ་ཅན་དེ་ཡིན་པ་ལས་གོམས་སྲོལ་དང་གུས་ལུགས་ཀྱི་སྒོ་སྲུང་བ་དང་། མི་ཆོས་ཀུན་སྤྱོད་ཀྱི་གཟེབ་ནང་དུ་བཙུད་པའི་ནེ་ཙོ་དེ་མ་ཡིན། དེ་བས་མེ་ལྕེ་ལགས་ཀྱིས་ཁ་གཙོག་དང་ངོ་ཚ་འགེབས་བྱེད་ཀྱི་སེང་རས་སྲབ་མོའི་གསེང་ནས་མི་རབས་གསུམ་པ་དང་སྒོས་སུ་བོད་ཀྱི་སྙན་ངག་ལ་ལྟ་བ་ནི་འོས་ཤིང་འཚམས་པ་མིན་ལ་ཁོ་རང་ཚོས་གོང་དུ་བཀུར་བའི་དམངས་གཙོ་དང་འདྲ་མཉམ། རང་དབང་བཅས་ཀྱི་རྩ་དོན་དང་འགལ་བའོ།། གལ་སྲིད་སྲིད་པ་ཆེན་པོའི་གདོད་མའི་ཐབས་ཤེས་འགྲུབ་བྱེད་ཀྱི་ཁམས་དཀར་དམར་དང་། འཇིག་རྟེན་མཛེས་པའི་སྣང་བ་གྲུབ་བྱེད་ཕོ་རྟགས་དང་མོ་རྟགས་སོགས་སྙན་ངག་གི་གད་སྙིགས་སུ་བརྩི་བ་ཡིན་ན་ང་ཚོ་གྲོང་བ་དག་ཀྱང་ཕྱིའི་འདོད་སྡོམ་དང་ནང་གི་ཟུག་གཟེར་གྱི་ཡ་མ་གཟུགས་ཀྱི་འཇིག་རྟེན་དེ་ནས་འཚོ་དགོས་པ་ཡིན་ལ། མེ་ལྕེ་སོགས་ཀྱིས་བཞེངས་ཀྱིན་པའི་མ་འོང་བའི་འཇིག་རྟེན་དེ་ནི་སྔར་བཞིན་མིའི་རང་དབང་ལ་འཆིང་སྡོམ་བྱེད་པའི་སྒེར་གཅོད་ཀྱི་སྤྱི་ཚོགས་ཤིག་རེད་དོ།། དེ་བས་བདག་གིས་མེ་ལྕེ་དང་མེ་ལྕེའི་རིགས་སུ་གཏོགས་པའི་བོད་ཀྱི་ཤེས་ཡོན་པ་ཚོར་བསམ་བློར་རང་དབང་དགོས་པ་དེ་བཞིན་དུ་སྙན་ངག་ལའང་རང་དབང་སྟེར་རོགས། སྙན་ངག་གི་ཚིགས་མལ་ལ་ཉེ་དུས་རྟ་ཁ་མ་སྒོགས་རོགས་ཞེས་ཞུ་བ་ལགས། 
                                  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལྕེ་ལགས་ཀྱིས་མི་རབས་གསུམ་པར་བྲིས་པའི་ལན་དུ་བྲིས་པ།

2011-02-19 སེངྒེ་རྒྱལ་བོ། ཀློག་གྲངས། མཆན ཡོད།

  
    སྐུ་ཞབས་མེ་ལྕེས་རྩོམ་ཡག་པོ་མང་པོ་བྲིས་འདུག་ནའང་མི་རབས་གསུམ་པར་བྲིས་པ་ལ་འཐད་པ་མ་བྱུང་། དེ་ནི་མི་རབས་གསུམ་པའི་སྒེར་གྱི་བརྩེ་ཞེན་གྱིས་མིན་པར་གནས་ལུགས་ཀྱིས་ཡིན། ཁོང་གིས་རྒུད་པའི་མི་རབས་ཞེས་པ་ངན་པར་རྩི་བ་དང་དེའི་དཔང་བོར་ཀུན་སྤྱོད་སྲུང་མིན་ཙམ་བཞག་པ་ནི་སྙན་ངག་གི་རང་དབང་འཕྲོག་པའི་རྟགས་ཤིག་ཏུ་མངོན། ཁོས་མི་རབས་གསུམ་པར་རྒུད་པའི་མི་རབས་ཞེས་དུས་རབས་ཉི་ཤུ་བའི་ནང་གི་ཆེས་རླབས་ཆེ་བའི་སྙན་ངག་གི་གྲུབ་མཐའི་མཚན་དེ་བསྐྱར་དུ་གསོལ་བ་ནི་ཁོང་གིས་མི་རབས་གསུམ་པ་དམན་སར་བཀོད་པ་ཡིན་ཡང་དོན་དུ་མཐོ་སར་བཞག་འདུག གནའ་དེང་གི་ལོ་རྒྱུས་གང་ལ་བལྟས་ནའང་སྙན་ངག་པ་ནི་ཀུན་སྤྱོད་ལས་གྲོལ་བར་བརྩོན་པའི་དབྱངས་ཅན་མའི་ཕྲུ་གུ་གཤོག་པ་ཅན་དེ་ཡིན་པ་ལས་གོམས་སྲོལ་དང་གུས་ལུགས་ཀྱི་སྒོ་སྲུང་བ་དང་། མི་ཆོས་ཀུན་སྤྱོད་ཀྱི་གཟེབ་ནང་དུ་བཙུད་པའི་ནེ་ཙོ་དེ་མ་ཡིན། དེ་བས་མེ་ལྕེ་ལགས་ཀྱིས་ཁ་གཙོག་དང་ངོ་ཚ་འགེབས་བྱེད་ཀྱི་སེང་རས་སྲབ་མོའི་གསེང་ནས་མི་རབས་གསུམ་པ་དང་སྒོས་སུ་བོད་ཀྱི་སྙན་ངག་ལ་ལྟ་བ་ནི་འོས་ཤིང་འཚམས་པ་མིན་ལ་ཁོ་རང་ཚོས་གོང་དུ་བཀུར་བའི་དམངས་གཙོ་དང་འདྲ་མཉམ། རང་དབང་བཅས་ཀྱི་རྩ་དོན་དང་འགལ་བའོ།། གལ་སྲིད་སྲིད་པ་ཆེན་པོའི་གདོད་མའི་ཐབས་ཤེས་འགྲུབ་བྱེད་ཀྱི་ཁམས་དཀར་དམར་དང་། འཇིག་རྟེན་མཛེས་པའི་སྣང་བ་གྲུབ་བྱེད་ཕོ་རྟགས་དང་མོ་རྟགས་སོགས་སྙན་ངག་གི་གད་སྙིགས་སུ་བརྩི་བ་ཡིན་ན་ང་ཚོ་གྲོང་བ་དག་ཀྱང་ཕྱིའི་འདོད་སྡོམ་དང་ནང་གི་ཟུག་གཟེར་གྱི་ཡ་མ་གཟུགས་ཀྱི་འཇིག་རྟེན་དེ་ནས་འཚོ་དགོས་པ་ཡིན་ལ། མེ་ལྕེ་སོགས་ཀྱིས་བཞེངས་ཀྱིན་པའི་མ་འོང་བའི་འཇིག་རྟེན་དེ་ནི་སྔར་བཞིན་མིའི་རང་དབང་ལ་འཆིང་སྡོམ་བྱེད་པའི་སྒེར་གཅོད་ཀྱི་སྤྱི་ཚོགས་ཤིག་རེད་དོ།། དེ་བས་བདག་གིས་མེ་ལྕེ་དང་མེ་ལྕེའི་རིགས་སུ་གཏོགས་པའི་བོད་ཀྱི་ཤེས་ཡོན་པ་ཚོར་བསམ་བློར་རང་དབང་དགོས་པ་དེ་བཞིན་དུ་སྙན་ངག་ལའང་རང་དབང་སྟེར་རོགས། སྙན་ངག་གི་ཚིགས་མལ་ལ་ཉེ་དུས་རྟ་ཁ་མ་སྒོགས་རོགས་ཞེས་ཞུ་བ་ལགས། 
                                  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།