མི་རབས་གསུམ་པའི་སྙན་ངག་པ་རྐང་གླིང་ལ་གླེང་མོལ་བྱས་པ།

    ཡུན་དུ་འདྲིས་ཤིང་། གཤིས་ལུགས་ཆ་རུ་སོང་བའི་དབང་གིས་ད་སྔའི་བར་ཕན་ཚུན་ལ་རྒྱུས་མངའ་ཤིན་ཏུ་ཟབ་པའི་གྲོགས་པོ།བདག་གིས་དོ་ནུབ་མཆོད་མེ་ཟིན་བྲིས་ལས་གཞོན་སྐྱེས་སྙན་ངག་པ་ན་རོས་མི་རབས་གསུམ་པར་ཕུལ་བའི་སྙན་ངག་ཅིག་ཡོད་པ་མཐོང་བའི་རྐྱེན་བྱས་ཏེ་གྲོགས་པོ་གང་ལ་རང་གི་སེམས་ཚོར་འདི་འབྲི་དགོས་བྱུང་སོང་།ཁྱེད་ཅག་མི་རབས་གསུམ་པ་བ་དག་ནི་རླུང་གིས་བསེད་ཅིང་།ཆུ་ཡིས་བཤེར་བའི་ཡང་མོའི་རིགས་སུ་གཏོགས་པའི་གྲས་སུ་མ་ལྷུང་བར།ཟུར་ཟ་ནི་ངར་ཤུགས་དང་གནོན་ཤུགས་ནི་སྐུལ་ལྕག་གི་ཚུལ་དུ་སོང་བའི་མི་རབས་ཤིག་ཏུ་མཐོང་བས་ཁོ་བོས་རྟེན་འབྲེལ་ཞུ།
    སྐུ་ཞབས་ན་རོས་བཤད་ན་ཁྱེད་ཅག་ནི་མཚུངས་པ་གསལ་བཤད་ལས་དམིགས་བསལ་གྱི་མཚུངས་གསལ་ཞིག་ཏུ་གླེང་བ་ནི།ཁོ་བོས་བལྟས་ན་ཡང་ཤིན་ཏུ་འོས་པར་མཐོང་བར་མ་ཟད།ཁྱེད་ཅག་མི་རབས་གསུམ་པ་བ་དག་ནི་བར་སྣང་ན་རིན་པོ་ཆེའི་ཕོ་བྲང་གཞེངས་མཁན་གྱི་གྲས་སུ་སོང་ཡོད་པར་བཤད་པ་དེ་ཡང་དོན་དངོས་སུ་སོང་འདུགཁྱེད་ཅག་ནི་དོན་དམ་པའི་སྒྱུ་འཕྲུལ་གྱི་རོལ་བ་དེའི་ཀློང་དུ་སིམ་པའི་མི་རབས་ཤིག་ཡིན་པས་ན།དངོས་ཡོད་ཀྱི་འཚོ་བ་སྐྱ་ཐང་ཐང་བོ་འདི་ལས་རིང་དུ་སོང་ཞིང་།མིའི་ལྷན་སྐྱེས་ཀྱི་གཉུག་གཤིས་རྐྱོང་བ་དང་སྐུམ་པའི་བདག་ཉིད་ཅན་དེར་འཇུ་གིན་འདུག་པས།ཁོ་བོས་མི་རབས་གསུམ་པ་ནི་གཏན་ཚིག་ལས་གྲོལ་བ་དང་།དགག་སྒྲུབ་དང་བྲལ་བ་ཞིག་ཏུ་ངོས་འཛིན་གྱིན་ཡོད།འོན་ཀྱང་མི་རེ་འགས་མི་རབས་གསུམ་པ་དང་མི་རབས་གཉིས་པ་མི་རབས་དང་པོ་ཞེས་འདྲ་ཆག་པའི་གྲངས་འདྲེན་ཞིག་གི་སྣེ་ལ་མི་རབས་གསུམ་པ་སྦྱོར་གྱིན་འདུག་པ་ནི་མི་རབས་གསུམ་པའི་སྙན་ངག་བཀླགས་ཏེ་འོང་ན་འོས་སུ་མ་མཐོང་།                           

           མི་རབས་གསུམ་པ་ཞེས་པའི་ཐ་སྙད་འདི་རྒྱུ་དང་རྐྱེན་ཅི་ལ་ཡང་མ་བལྟས་པར་བཏགས་པ་ཞིག་ཏུ་འདོད་ན་ནི་ཤིན་ཏུ་མཛེས་པར་འདོད།ཁྱེད་ཅག་གི་ཚོགས་པ་དང་ཁྱེད་ཅག་གི་སྙན་ངག་གི་བར་དུ་རྒྱུ་མེད་རྐྱེན་མེད་ཀྱི་མཚུངས་སྲིད་ཅིག་གྲུབ་འདུག་པས་རེད།ཁྱེད་ཅག་གིས་བཤད་ན་ཁོ་ཚོ་ནི་མཛེས་མར་སྐེད་པ་ཡོད་མེད་བཤད་མཁན་གྱི་གྲས་དེ་མ་ཡིན་པར་གླེང་ཞིང་།སྨད་འཚོང་མ་སངས་རྒྱས་སྒྲོལ་མ་དང་ཁང་བ་འདིའི་ནང་གི་རྟོག་པ་དམར་རྗེན་རྗེན་པ་དེ་དག་གླེང་མཁན་ཡིན་པར་དོན་གྱིས་ཁས་བླངས་ཡོད།དེ་ཡང་ཡིན་ཏེ་ཕྱི་གཟུགས་ལས་ནང་གཟུགས་སུ་བསླེབས་ཤིང་།རགས་པ་ལས་ཞིབ་མོར་བསྣུན་པའི་སྟ་གོན་ཞིག་རེད་འདུགཁྱེད་ཅག་གིས་བཤད་ན་དཔེ་མཚམས་གཅོད་བྱེད་དུ་བཞག་པའི་ཕྱེ་མ་ལེབ་ཤི་བོ་དེ་འང་ཁོ་ཚོ་མིན་པར་གླེང་།ཚིག་འདི་ལ་ང་ནི་ཤིན་ཏུ་མི་འཐད་དེ།ཁྱེད་ཅག་གི་སྙན་ངག་དང་ཁྱེད་ཅག་གི་བར་ན་འདི་ལྟའི་ཡིན་དང་མིན་གྱི་ལ་དང་ལུང་བ་ཞིག་ཡོད་ན་ནི་ཁྱེད་ཅག་མི་རབས་གསུམ་པ་མ་ཡིན་པར་འགྱུར་བའི་ཉེན་ཁ་འདུག  མི་རབས་གསུམ་པའི་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་གྱིས་རི་དང་གཙང་བོ་ལྷ་སྐུ་དག་གི་ངོ་བོ་ཕྲ་བ་ནས་ཕྲ་བར་བཏང་དེ་མཐར་རྡུལ་ཕྲན་གྱི་ངོ་བོར་བསྒྱུར་བའི་ཚུལ་དེ་དང་།ཁྱེད་ཀྱིས་སྨད་འཚོང་མ་སངས་རྒྱས་སྒྲོལ་མ་ཕྱི་ནས་བལྟས་ན་ནང་གསལ་བ་དང་ནང་ནས་བལྟས་ན་ཕྱི་གསལ་བའི་ཤེལ་གྱི་ལྡེབས་རིས་ཤིག་ཏུ་བསྒྱུར་བའི་གོ་རིམ་འདིས་ཅི་ཞིག་སྟོན་བཞིན་པ་ལོས་ཀྱང་ཤེས།ཚུལ་འདི་ལ་བལྟས་ན་ཁྱེད་ཅག་གིས་ཡིན་དང་མིན་གྱི་ཚད་གཞི་དེ་འདོར་དགོས་པའི་དུས་སུ་བསླེབས་ཡོད།ཡིན་ན་ཡང་ད་དུང་མི་རབས་གསུམ་པའི་སྙན་ངག་པ་ཡིན་ཚད་ཀྱི་སྙན་ངག་ནི་དེ་ལྟའི་ཚུལ་དུ་སྦྱོར་མི་རིགས་སོ།།                

        གུ་རུ་དོན་འགྲུབ་ལགས་ཀྱི་སྨྲ་ར་སྐྱེས་ཚུལ་དང་།ཁུ་བྱུག་སྔོན་མོའི་འུག་པ་གླེང་བ་སོགས་ནི་རྗེས་སུ་དཔགས་པའི་རིག་པ་དང་ལག་རྡང་གཅིག་ཏུ་སྦྲེལ་འདུག་པས་བར་སྣང་གི་རིན་པོ་ཆེ་ཡི་ཕོ་བྲང་དེའི་གདོང་གི་ནག་ཐིག་ཅིག་ཏུ་སོང་ཡོད་པ་འདྲ།སྙན་ངག་དེ་གཉིས་ཀྱི་ཟུར་ན་ཆིག་རྐྱང་བའི་མཚོན་ཐབས་ནི་སྒྱེ་ནང་གི་སྙུང་བུ་ལྟར་གཟེངས་སུ་འདུག་པས་རྒྱུགས་ཤིག་དང་མཆོངས་ཤིག་གི་གྱེས་ཙམ་གྱི་རྣམ་པར་བཞག་ཆོགདེ་ལས་གཞན་མདའ་བཙན་པོའི་སྙན་ངག་གང་མང་མང་ཞིག་ནི་ཐ་སྙད་ཀྱི་རྩེད་མོ་དང་སྡེབ་སྦྱོར་གྱི་བསྣོལ་སྟངས་ཤིག་གིས་བཞུར་འོང་བས།མཚུངས་གསལ་ལས་གཟུགས་ཅན་འཕར་མའི་མཚུངས་གསལ་ཞིག་དང་འདྲ་བོ་ཆགས་ཡོད་པས།མེ་ལོང་མ་དང་གྱེས་ཚུལ་དེ་ཐ་སྙད་སྡེབ་བསྒྲིགས་ཤིག་ལས་སྐྱེས་པར་མངོན་ཞིང་། ནང་གི་རྟོག་ལྡང་ཁྱད་པར་བས་ཟིན་ཚུལ་ཞིག་ཏུ་ལབ་ན་རྫུན་དུ་འགྲོ་སྙམ་ཆེའོ།། 

        གྲོགས་པོ་ལགས།ཁྱེད་ཅག་མི་རབས་གསུམ་པའི་སྙན་ངག་དག་ཀུན་གྱི་བཤད་ན་ཀློག་དཀའ་བ་རྟོགས་དཀའ་བ།ཡང་ན་ཅི་ཡང་གོ་རྒྱུ་མེད་པ་ཞིག་རེད་ཟེར་བ་དེ་ནི།ངས་བལྟས་ན་ཁྱེད་ཅག་གིས་རང་གི་ང་རྒྱལ་དུ་བཟུང་ཆོག  སྒྱུ་འཕྲུལ་གྱི་སྙན་ངག་ནི་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཞིག་མ་ཡིན་པར། སྨག་རུམ་ཁྲོད་ཀྱི་སྤྱང་ཀི་ལྟ་བུ་ཞིག་ཡིན་པས་སྒྱུ་རྩལ་གྱི་བློ་ཁ་གསལ་བོ་ཞིག་དང་མིག་དབང་གསལ་བོ་ཞིག་མེད་ན་ལོང་བས་གླང་ཆེན་ལ་རེག་པས་དཔེ་ལས་མ་འདས་སོ།། རྒྱུ་མཚན་ནི་སྒྱུ་འཕྲུལ་སྙན་ངག་ལ་སྒྱུ་འཕྲུལ་གྱི་རྩལ་དགོས་ཤིང་།དེ་ཡང་སྒྱུ་འཕྲུལ་ཞེས་པའི་ཚིག་གིས་བསྟན་དོན་ནི་ཆིག་རྐྱང་བ་དང་གཏན་ཚིགས་ཀྱི་འགྲོས་ལྟར་གདོང་འདེད་བྱ་ཆོག་པ་དེ་མ་ཡིན་པར།མགོ་འཁོར་ཕོ་བྲང་བཞིན་ཕུ་དང་མདའ་རྙེད་དཀའ་བ་ཞིག་ཡིན་ནོ།།
      དག་ཡིག་ལྟར་འགྲེལ་ན་སྒྱུ་ནི་གཞན་བསླུ་བར་བྱེད་པའི་གཡོ་ལྟ་བུ་དང་འཕྲུལ་ནི་སེམས་དང་དབང་པོར་དོན་རྫུན་མ་དེ་དོན་ངོ་མ་ཡིན་པའི་སྣང་བ་ཤར་དུ་འཇུག་པའི་ཐབས་ཤིག་ལ་གོ་བས།སྒྱུ་འཕྲུལ་ནི་ཀློག་པ་པོའི་ཡིད་བསླུ་བར་བྱེད་ཅིང་གཏན་ཚིགས་ཀྱིས་ཡོངས་སུ་གཅུན་པར་མི་ནུས་པའི་ཟབ་ཚད་ཅིག་ཏུ་མཐོང་བས་ན།སྒྱུ་འཕྲུལ་གྱི་སྙན་ངག་ནི་ཀློག་པ་པོ་དང་ངང་གིས་ཁད་རིང་དུ་སོང་ཡོད་པས་དེ་ནི་སྐྱོན་ཞིག་ཏུ་ཁོ་བོས་མི་འདོད་།དེ་ལས་གཞན་བོད་པའི་སྙན་ངག་མང་པོ་ཞིག་ལ་ང་རང་ཉིད་ཀྱིས་ཚོད་དཔགས་ཙམ་བྱས་པ་ཡིན་ན།བུ་རམ་ཤིང་ཤུན་སྙིང་བོ་ཅི་ཡང་མེད།།དགའ་བར་བྱ་བའི་རོ་ནི་ནང་ན་འདུག། ཅེས་པའི་གོ་རིམ་ལས་བུར་ཤུན་གྱི་སྟེང་དུ་ལུས་འདུག་པས་མི་རབས་གསུམ་པའི་སྙན་ངག་པ་སྐྱབས་ཆེན་དང་གྲོགས་པོ་ཉིད་གཙོས་གྱུར་བའི་སྙན་ངག་ལ་བློ་དཀར་ཞིང་།སྙན་ངག་ཅེས་པའི་གསང་བའི་རིག་པ་ཕྲ་མོར་ཤེས་རབ་ཀྱི་དབལ་ཚ་བ་དག་གིས་བུར་རམ་གྱི་རོ་ལ་ཅི་འདོད་སྙོབ་ཐུབ་པའི་རེ་བ་ཡོད།
གྲོགས་པོ་ལགས་ཁོ་བོས་ཁྱེད་ཅག་མི་རབས་གསུམ་པའི་སྙན་ངག་བཀླགས་པའི་ཚོར་བ་ཞིག་གཞན་དུ་འབྲི་འདོད་ཡོད་པའི་དེ་རིང་འདི་ཡིས་འཐུས་པར་བྱའོ།།    ལྷམ་ཀོག་ཏུ་འབོད་པས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་སྙན་ངག་པ་རྐང་གླིང་ལ་གླེང་མོལ་བྱས་པ།

2010-07-20 ལྷམ་ཀོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།