མི་རབས་གསུམ་པ་བ་ཚོར་ཕུལ་བའི་འཕྲིན་ཡིག་ཅིག

ཉེ་བའི་ཆ་ན།བོད་ཀྱི་དྲ་བ་གང་མང་ཞིག་ལ་ཆག་འཇིག་ཉམ་ང་ཐེབས་པར་བརྟེན།མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནི་ཀློག་མཁན་གང་མང་ཞིག་གི་མིག་གི་བལྟ་ས་དང་།རེ་བའི་ཉན་ས་ཁོ་ནར་གྱུར་འདུག་ལ།བདག་གིས་དེ་སྔ་སྙན་ངག་པ་འབྲོང་ཕྲུག་ལ་ཀུ་རེའི་ཚུལ་དུ་བྲིས་ཤིང་མཆོད་མེ་རྩོམ་རིག་དྲ་བ་ལ་བསྐུར་བའི་ང་རང་མི་རབས་གསུམ་པའི་དཔེ་དེབ་ཀྱི་སྦྱིན་བདག་བྱེད་མ་ཐུབ་ཚུལ་ཞེས་པ་དྲ་ངོས་ནས་མངོན་བྱུང་།
   བར་སྐབས་འདི་ལ།ཀློག་མཁན་དང་ཀློག་མཁན་མ་ཡིན་པ་གང་མང་ཞིག་གིས་བདག་གི་ཡི་གེ་ཚིག་ཕྲེང་འགའ་ལས་མེད་པ་འདི་ལ་མཉམ་འཇོག་བྱེད་མགོ་བརྩམས་ཤིང་།དཔྱད་གཏམ་ཡང་རེ་འགའ་སྤེལ།སྤྱིར་ན།བདག་གི་འཕྲིན་ཐུང་ལྟ་བུའི་འབོལ་རྩོམ་འདི་དག་ནི་མི་རབས་གསུམ་པའི་སྙན་ངག་པ་ཚོར་བརྗོད་འདོད་པ་མིན་ལ།དེ་ལས་ཀྱང་ཧམ་སེམས་ཆེན་པོ་ཞིག་གིས་རེ་བ་དེ་དག་བཏོན་པ་གཏན་ནས་མིན།ཡིན་ན་ཡང་།འབོལ་རྩོམ་ཆུང་ངུ་འདི་དྲ་ཐོག་ཏུ་བཀོད་རྗེས་བདག་གི་དངོས་མིང་བཀོལ་སྤྱོད་བྱས་ཏེ་མི་རབས་གསུམ་པ་ལ་དམོད་མོ་དང་ཟུར་ཟ་ལྟ་བུ་བྱེད་མཁན་བྱུང་བས།འདིར་བདག་གིས་གསལ་བཤད་བྱེད་རྒྱུ་ཞིག་ནི་བདག་གིས་བྲིས་པའི་འབོལ་རྩོམ་ཐུང་ངུ་དེ་ལས་མི་རབས་གསུམ་པའི་སྙན་ངག་པ་དག་ལ་བལྟ་ཚུལ་ངན་པ་ཅི་ཡང་བཟུང་མེད་ལ།དེ་ལས་སྦྱིན་བདག་ཁ་ཤས་ཀྱི་ཧམ་སེམས་དེ་ནང་འབུད་ཕྱི་འབུད་བྱེད་འདོད་པ་ཡིན་མོད།མ་བསམ་ས་ནས།དྲ་གྲོགས་ཁ་ཤས་ཀྱིས་དེ་ནི་ཕྱོགས་གཞན་པ་ཞིག་དང་ཟུར་གཞན་པ་ཞིག་ནས་གླེང་ཅི་ཐུབ་བྱས་ནས།མི་རབས་གསུམ་པ་ཚོ་དང་བདག་གི་བར་ལ་ཕྲ་མ་ཡི་ཐ་སྙད་གང་མང་ཞིག་སྒྲིག་ཅི་ཐུབ་བྱེད་ཀྱིན་ཡོད་པས་ན།འདིར་བདག་གིས་འཕྲིན་ཐུང་ལྟ་བུའི་ཡི་གེ་འདི་གནད་དོན་དེ་དག་གསལ་ཁ་དཀྲོལ་བའི་ཆེད་དུ་མི་རབས་གསུམ་པ་དག་ལ་ཕུལ་བའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པ་བ་ཚོར་ཕུལ་བའི་འཕྲིན་ཡིག་ཅིག

2010-06-04 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

ཉེ་བའི་ཆ་ན།བོད་ཀྱི་དྲ་བ་གང་མང་ཞིག་ལ་ཆག་འཇིག་ཉམ་ང་ཐེབས་པར་བརྟེན།མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནི་ཀློག་མཁན་གང་མང་ཞིག་གི་མིག་གི་བལྟ་ས་དང་།རེ་བའི་ཉན་ས་ཁོ་ནར་གྱུར་འདུག་ལ།བདག་གིས་དེ་སྔ་སྙན་ངག་པ་འབྲོང་ཕྲུག་ལ་ཀུ་རེའི་ཚུལ་དུ་བྲིས་ཤིང་མཆོད་མེ་རྩོམ་རིག་དྲ་བ་ལ་བསྐུར་བའི་ང་རང་མི་རབས་གསུམ་པའི་དཔེ་དེབ་ཀྱི་སྦྱིན་བདག་བྱེད་མ་ཐུབ་ཚུལ་ཞེས་པ་དྲ་ངོས་ནས་མངོན་བྱུང་།
   བར་སྐབས་འདི་ལ།ཀློག་མཁན་དང་ཀློག་མཁན་མ་ཡིན་པ་གང་མང་ཞིག་གིས་བདག་གི་ཡི་གེ་ཚིག་ཕྲེང་འགའ་ལས་མེད་པ་འདི་ལ་མཉམ་འཇོག་བྱེད་མགོ་བརྩམས་ཤིང་།དཔྱད་གཏམ་ཡང་རེ་འགའ་སྤེལ།སྤྱིར་ན།བདག་གི་འཕྲིན་ཐུང་ལྟ་བུའི་འབོལ་རྩོམ་འདི་དག་ནི་མི་རབས་གསུམ་པའི་སྙན་ངག་པ་ཚོར་བརྗོད་འདོད་པ་མིན་ལ།དེ་ལས་ཀྱང་ཧམ་སེམས་ཆེན་པོ་ཞིག་གིས་རེ་བ་དེ་དག་བཏོན་པ་གཏན་ནས་མིན།ཡིན་ན་ཡང་།འབོལ་རྩོམ་ཆུང་ངུ་འདི་དྲ་ཐོག་ཏུ་བཀོད་རྗེས་བདག་གི་དངོས་མིང་བཀོལ་སྤྱོད་བྱས་ཏེ་མི་རབས་གསུམ་པ་ལ་དམོད་མོ་དང་ཟུར་ཟ་ལྟ་བུ་བྱེད་མཁན་བྱུང་བས།འདིར་བདག་གིས་གསལ་བཤད་བྱེད་རྒྱུ་ཞིག་ནི་བདག་གིས་བྲིས་པའི་འབོལ་རྩོམ་ཐུང་ངུ་དེ་ལས་མི་རབས་གསུམ་པའི་སྙན་ངག་པ་དག་ལ་བལྟ་ཚུལ་ངན་པ་ཅི་ཡང་བཟུང་མེད་ལ།དེ་ལས་སྦྱིན་བདག་ཁ་ཤས་ཀྱི་ཧམ་སེམས་དེ་ནང་འབུད་ཕྱི་འབུད་བྱེད་འདོད་པ་ཡིན་མོད།མ་བསམ་ས་ནས།དྲ་གྲོགས་ཁ་ཤས་ཀྱིས་དེ་ནི་ཕྱོགས་གཞན་པ་ཞིག་དང་ཟུར་གཞན་པ་ཞིག་ནས་གླེང་ཅི་ཐུབ་བྱས་ནས།མི་རབས་གསུམ་པ་ཚོ་དང་བདག་གི་བར་ལ་ཕྲ་མ་ཡི་ཐ་སྙད་གང་མང་ཞིག་སྒྲིག་ཅི་ཐུབ་བྱེད་ཀྱིན་ཡོད་པས་ན།འདིར་བདག་གིས་འཕྲིན་ཐུང་ལྟ་བུའི་ཡི་གེ་འདི་གནད་དོན་དེ་དག་གསལ་ཁ་དཀྲོལ་བའི་ཆེད་དུ་མི་རབས་གསུམ་པ་དག་ལ་ཕུལ་བའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།