ང་རང་མི་རབས་གསུམ་པའི་དཔེ་དེབ་ཀྱི་སྦྱིན་བདག་བྱེད་མ་ཐུབ་ཚུལ།

           ཉེ་བའི་ལོ་འགའི་སྔོན་ཙམ་ལ།བོད་ཀྱི་སྙན་ངག་པའི་སྡེ་རུ་མི་རབས་གསུམ་པ་ཞེས་པའི་ལང་ཚོ་དང་སྟོབས་ཤུགས་ཀྱིས་ཁེངས་པའི་ན་གཞོན་གྱི་སྡེ་ཞིག་བྱུང་བ་ཡིན་ལ།ཚོགས་པ་འདིས་བོད་ཀྱི་སྙན་ངག་འཕེལ་རྒྱས་ལ་བྱས་རྗེས་འདི་ཙམ་བཞག་སོང་ཞེས་མཛུབ་མོ་ཀེར་ནས་སྟོན་རྒྱུ་ཞིག་དཀའ་ན་ཡང༌།བོད་ཀྱི་སྙན་ངག་པའི་སྡེ་དེ་ཚ་ཚ་འུར་འུར་དུ་བཏང་བ་དང་གཅིགསྙན་ངག་པ་རྒན་པ་ཁ་ཆས་ལ་ཡང་བསྐྱར་གསོན་ཤུགས་རྒྱས་སུ་བཅུག་པ་དང་གཉིས།སྙན་ངག་པའི་སྡེ་ཞེས་པའི་མི་རབས་ཤིག་ལ་ཁ་གཡར་ཏེ་གཞོན་སྐྱེས་སྙན་ངག་པ་གང་མང་ཞིག་ལ་འདྲོགས་ཤིག་བསླངས་པ་དང་གསུམ་སོགས་ཀྱིས་མི་རབས་གསུམ་པ་ཞེས་པ་དེ་ཡག་ན་རྩོག་ན་ཀུན་གྱི་སེམས་ངོ་ན་སྙན་ངག་པའི་སྡེ་ཞིག་ཆགས་དང་ཆགས་ཀྱིན་ཡོད་པ་རེད། ཡིན་ན་ཡང༌། ད་ལོར་མི་རབས་གསུམ་པ་ཚང་ལ་མཚོན་ན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་སོགས་མི་རབས་གསུམ་པའི་སྙན་ངག་པ་ཁ་ཤས་ལང་ཚོའི་རྦབ་ཆུ་ཡི་སྙན་ངག་པའི་འདུ་ཚོགས་སུ་ཞུགས་པ་དང༌།སྙན་ངག་པ་མཚོ་བུ་དགའ་བདེ་དེ་ལོ་རབས་བརྒྱད་ཅུ་བའི་རྗེས་ཀྱི་རྒྱའི་སྙན་ངག་པ་གྲགས་ཅན་ཉི་ཤུའི་གྲས་སུ་ཚུད་པ།སྙན་ངག་པ་མདའ་བཙན་པོ་ལ་གངས་རྒྱན་མེ་ཏོག་གི་རྩོམ་རིག་བྱ་དགའ་གནང་བ།སྙན་ངག་པ་དུང་གི་འབོལ་དེབ་པར་དུ་བསྐྲུན་པ་བཅས་ལས།མི་རབས་གསུམ་པའི་སྙན་ངག་པའི་ལོ་ཚོགས་དེ་ག་ནས་འཚོགས་པ་ཐོས་རྒྱུ་མ་བྱུང་ལ།མི་རབས་གསུམ་པའི་སྙན་ངག་པའི་ལོ་དེབ་དེ་ག་ནས་དཔར་བ་མཐོང་རྒྱུ་མ་བྱུང་བས།ངས་དྲ་ཐོག་ནས་གྲོགས་པོ་འབྲོང་ཕྲུག་ལ་རྒྱུ་མཚན་དྲིས་པ་ན།ཁོས་ད་ལོའི་ལོ་དེབ་ཀྱི་རྩོམ་སྒྲིག་པ་དང་སྦྱིན་བདག་ཁོ་ཡིན་ལ།གནས་སྐབས་སུ་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས་པར་བསྐྲུན་བྱེད་མ་ཐུབ་ཟེར།ངས་ཁོ་ལ་ང་རང་སྦྱིན་བདག་བྱོས་ཆོག་མིན་དང་གལ་ཏེ་སྦྱིན་བདག་བྱོས་ཆོག་ན་གཤམ་གྱི་ཆ་རྐྱེན་གསུམ་བཏོན་པ་སྟེ།ངའི་འདྲ་པར་དེ་ཚོན་མདངས་ཀྱིས་ཆེ་ཆ་བྱས་ནས་དཔེ་དེབ་ཀྱི་ནང་ངོས་སུ་འཇོག་དགོས་པ་དང་གཅིགངའི་ངོ་སྤྲོད་ཡི་གེ་དེ་སྒྲོ་འདོགས་ཀྱིས་རྒྱས་པ་བྱས་ནས་འབྲི་དགོས་པ་དང་གཉིས།མི་རབས་གསུམ་པ་ནི་སྙན་ངག་ཡོད་པ་མ་གཏོགས་ཐོབ་ཐང་དང་སྒོར་མོ་མེད་པའི་མི་རབས་ཤིག་ཡིན་པ་ཁས་ལེན་དགོས་པ་དང་གསུམ།ཞེས་བརྩིས་པ་ན།འབྲོང་ཕྲུག་གིས་ཆ་རྐྱེན་གསུམ་པ་དེ་ལས་གཞན་གཉིས་པོ་ཁས་ལེན་མི་ཐུབ་ཟེར་བས།ང་ཡང་ཐེངས་འདིའི་དཔེ་དེབ་ཀྱི་སྦྱིན་བདག་བྱེད་པར་བློ་འཆམ་མ་བྱུང་ངོ༌།།
             སྙན་ངག་འདི་ནི་ཁོ་བོ་ད་ལོའི་སྤྱི་ཟླ་བཅུ་གཅིག་པར་སྐབས་བཞི་བའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་ལ་ཞུགས་ཏེ།མདོ་དབུས་ཁམས་གསུམ་གྱི་སྙན་ངག་པ་ཚོ་དང་མཉམ་དུ་མཚོ་ཆུང་ཡིད་བཞིན་ནོར་བུ་ལ་སྙན་ངག་གི་མཆོད་པ་འབུལ་དུས་སུ་ཚོར་བ་གློ་བུར་བ་དེ་སེམས་ལ་གང་དྲན་ལྟར་བྲིས་པའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་མི་རབས་གསུམ་པའི་དཔེ་དེབ་ཀྱི་སྦྱིན་བདག་བྱེད་མ་ཐུབ་ཚུལ།

2010-05-31 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།