བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་བྱུང་བ་དང་དེའི་སྙན་ངག་ལ་དཔྱད་པའི་གཏམ།

སྔོན་འགྲོ།

 བོད་ཀྱི་སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་ཚོགས་པ་དེ་བཙུགས་ནས་ལོ་ཡི་འཁོར་མོ་གསུམ་འགོར་ལ་ཉེ་ཞིང་།དེའི་རིང་དུ་ལོ་ལྟར་ཟླ་བ་བྱུང་ངོ་ཅོག་དང་།ཟླ་ལྟར་ཉིན་མ་བྱུང་ངོ་ཅོག་གི་རིང་དུ།དེ་ལ་གཟས་པའི་གཏམ་གྱི་འཁོར་ལོ་ནི་དུས་ཚོད་ཀྱི་རྒྱུན་དང་འགྲོགས་ཏེ་འཁོར་ཞིང་།ལེགས་ཉེས་ལ་གཞལ་བའི་ངག་གི་སྒྲའང་མཚམས་མེད་པར་ཐོས་ཐུབ།དྲ་ངོས་དང་།དུས་དེབ་དང་།ཁ་བརྡ་སོགས་ཀྱི་ཁྲོད་དུ།མི་རབས་གསུམ་པ་ཞེས་པ་དེ་འདས་པའི་སྙན་ངག་གསར་བའི་མི་རབས་དང་པོ་དང་།མི་རབས་གཉིས་པ་བཅས་བྱུང་བའི་དགའ་སྟོན་ལྟར་འཁོན་མེད་ཉི་མ་སྤྲིན་བྲལ་བཞིན་དུ་མེད་པ་མ་ཟད།སྣང་ཚུལ་དྲལ་ཏེ་ངོ་བོ་ལ་གཏུགས་མཁན་ཡང་མང་དུ་བྱུང་མེད་ལ།ཐ་ན།གནོད་ཅིང་འཁྲུགས་པའི་སྙན་ངག་གི་རྩོད་གླེང་ངོ་མ་ཞིག་ཀྱང་མ་འཁྲུངས་པས།དེ་ནི་ཆུ་ངན་ལམ་ལྷོང་ཡིན་ནམ།ཉི་མ་མེ་གྲོགས་ཡིན།

འདོད་ཚུལ་ཞིག་ལ།མི་རབས་གསུམ་པ་ཞེས་གླེང་དུས།གཅིག་གིས་སྙན་ངག་ལ་དུངས་པའི་གསར་བུ་ཁ་ཤས་ཀྱི་སྤྱི་སྒྲ་བམ་པོ་ཙམ་དུ་གོ་ཞིང་།གཅིག་ཤོས་ཀྱིས་མཚན་མ་སྲོག་ཏུ་བྱས་པའི་སྙན་ངག་གི་ཁྱད་ཆོས་རུང་མིན་ཞིག་ཏུ་བྱེད་བཞིན་ཡོད།ལྟ་ཚུལ་དེ་གཉིས་ཀྱི་ངོ་བོ་ནི་ལེགས་ཀྱང་བླ།ཉེས་ཀྱང་རུང་།ལེགས་པ་དེས་གང་གི་འཕེལ་རྒྱས་ལ་ཕན་པའི་གྲོགས་སུ་མི་འོང་ཞིང་།ཉེས་པ་དེས་ཀྱང་གང་གི་བྱུང་བ་ལ་གནོད་པའི་འགངས་ཐོན་གྱིན་མེད་པས།ང་ཚོས་བོད་ཀྱི་དེང་རབས་རྩོམ་རིག་གི་སྣང་ཚུལ་ལམ་དོན་རྐྱེན་འདི་ལ་རྒྱང་ནས་གཞའ་སྟེ་ལྐོག་མིག་འཕེན་ནམ།ཡང་ན།འཁྲིས་སུ་བཅར་ཏེ་བསྡོངས་གྲོགས་བྱ།

དང་པོ།

ཚོགས་པ་དེ་དང་།ཚོགས་པ་དེའི་ཁྱད་ཆོས་སྟོན་པའི་སྙན་ངག་གི་འཕེལ་རྒྱས་ལ་གནོད་བྱེད་དུ་འགྲོ་བའི་སྣང་ཚུལ་རེ་འགའ་བྱུང་བ་ནི་ཕྱོགས་སྣ་གསུམ་ནས་བགྲོ་བར་བྱ་སྟེ།དང་པོ་རིག་གནས་དགག་གཞག་གི་ཨུ་ཚུགས་དང་།གཉིས་པ་མཛེས་རིག་འཇིག་རྟེན་གྱི་ཁེར་རྐྱང་དང་།གསུམ་པ་དོན་མེད་བྱུང་རྒྱལ་གྱི་དཔྱས་འདོགས་བཅས་གསུམ་མོ།།

 རིག་གནས་དགག་བཞག་གི་ཨུ་ཚུགས།

རིག་གནས་དགག་བཞག་ནི་རིག་གནས་རིག་པའི་ཡན་ལག་ཅིག་ཡིན་ཞིང་།གཞི་གྲུབ་པའི་ཤེས་བྱ་ཇི་སྙེད་ལ་རིག་པ་འདི་འཇུག་པས་གང་གི་འཕྲིན་ལས་ཀྱང་ཆེ་ཆེར་དར་དང་དར་མུས་སུ་ཡིན།ལོ་འདི་གར།བོད་ཀྱི་སྤྱི་ཚོགས་བསམ་བློའི་རྫོང་དུ་རིག་གནས་གསར་རྙིང་གི་འདུ་འགོད་འཕྱུར་བའི་སྣང་ཚལ་ཞིག་བྱུང་ཞིང་།སྣང་ཚུལ་དེས་ལོ་རྒྱུས་དང་།རིག་གནས་དང་།དམངས་སྲོལ་དང་།འདུ་ཤེས་སོགས་སྣང་བའི་ཡུལ་དུ་མངོན་དང་མི་མངོན་པའི་ཤེས་བྱ་ཇི་སྙེད་དགག་བཞག་གི་སྲང་ལ་བཀྱགས་པས།དེ་ལ་དེ་མཚམས་ཀྱི་གྲུབ་འབྲས་ཀྱང་ཐོན་བཞིན་འདུགལྷག་པར་དུ་སྒྱུ་རྩལ་རྩོམ་རིག་གི་དགག་བཞག་ཁྱབ་ཁོངས་སུའང་རིག་པ་འདི་བླ་ལྷག་གིས་དར་བས་དམིགས་བྱ་དེའི་ཁྱད་ཆོས་ཕྱོགས་སུ་བཏོད་པར་ཡིད་དུ་འབབ་པའི་གྲུབ་འབྲས་ཐོན་བཞིན་ཡོད།

ཡིན་ནའང་།རྩོམ་རིག་གི་ཞིང་དུ།རིག་གནས་དགག་བཞག་གི་རིག་པ་འདི་ཆེས་ཆེར་དར་བ་ཡིན་ན།ང་ཚོའི་བློ་ངོ་རུ།བརྩམས་ཆོས་ཤིག་གི་རྩོམ་རིག་གི་རང་བཞིན་དེ་མག་མོག་ཏུ་འགྱུར་བཞིན་འདུག་ཅིང་།དེའི་ཚབ་ཏུ།རིག་གནས་ཞིབ་འཇུག་གི་ས་བོན་ཞིག་འབུས་བཞིན་འདུག་པས།མི་མང་པོས་དེ་ལ་བཀྲ་ཤིས་པའི་མཚན་མ་ཞེས་བརྗོད་བཞིན་འདུག་ལ།འདི་ནི།མིག་སྔའི་བོད་ཀྱི་རྩོམ་རིག་གི་གནས་བབ་ཀྱི་ཟུར་གཅིག་ཏུ་གྲུབ་འདུག

ད་ལྟ།རིག་གནས་དགག་བཞག་གི་ཟུར་མིག་གཡར་ཏེ་བོད་ཀྱི་རྩོམ་རིག་གི་སྣང་ཚུལ་བལྟ་མཁན་ཇེ་མང་ནས་ཇེ་མང་རེད་ལ།ཐ་ན།བརྩམས་ཆོས་ཤིག་གི་རིན་ཐང་དེའང་རིག་གནས་ཀྱི་དོན་སྙིང་ཡོད་མེད་ལ་དཔྱད་དེ་འཇོག་བཞིན་འདུག དེ་བཞིན་དུ།སྒྱུ་མའི་རྩལ་གྱིས་བཞེངས་པའི་བརྩམས་ཆོས་གང་དེའང་རིག་གནས་ཀྱི་རྒྱུ་ཆ་འདེགས་པའི་ཡི་གེའི་ཕྲེང་བ་ཞིག་ལ་བརྩི་བཞིན་འདུག་པ་ལས།ཤ་ཁུ་ཤ་ཐིམ་མེད་པར་རྩོམ་རིག་རང་གི་མཛེས་ཆོས་ལ་བཞམས་པའི་ནུས་པ་དེར་མཉམ་འཇོག་གིན་མི་འདུགདེ་བས།རིག་གནས་དགག་བཞག་གི་རྩ་ལག་ཇི་སྙེད་རྩོམ་རིག་དཔྱད་བརྗོད་ལ་ཅི་ཙམ་སྦྲེལ་ན།རྩོམ་རིག་བརྩམས་ཆོས་ཀྱི་ཉམས་སྣང་དེ་སྙེད་ཀྱིས་ཞན་དུ་འགྲོ་བས།ང་ཚོས་རྩོམ་རིག་གི་སྒྱུ་རྩལ་ལ་བསྐྱུར་བའི་འཚར་ལོངས་ཀྱི་ཁོར་ཡུག་དེ་ནི་ཇི་འདྲའི་དོག་ཅིང་རྩིང་པ་ལ་ཨང་།

དེ་ཡང་།རྟོག་པས་བཟོས་པ་ཡིན་ན།སྒྱུ་མའི་རང་བཞིན་གྱི་མདངས་གསལ་བ་ཡིན་ཞིང་།སྒྱུ་མའི་རང་བཞིན་གྱི་མདངས་གསལ་བ་ཡིན་ན།མི་རྣམས་ཀྱི་དེ་ལ་གོ་དཀའ་བ་ཞེས་བཏགས་ཡོད་ལ།གསོན་ཉམས་ལྡན་པ་ཞེས་ཀྱང་མཚན་མྱོང་།གལ་ཏེ།སྒྱུ་མའི་རང་བཞིན་གྱི་མདངས་ཅུང་ཙམ་མོག་པོར་སྣང་ན།དེ་ལ་གོ་སླ་བ་ཞེས་བཏགས་ཡོད་ལ།བདེན་པའི་རང་བཞིན་གསལ་དུ་འཐིངས་པ་ཞེས་ཀྱང་བརྗོད་མྱོང་།དེ་བས།སྙན་ངག་ལ་གོ་དཀའ་སླ་བྱུང་བའི་བསམ་བློ་དེ།མཐར་གཏུགས་ན་སྙན་ངག་གི་ཁྱད་ཆོས་ལ་དཔུང་དུ་འཇུག་པའི་གོ་རིམ་ཞིག་ཡིན་པ་ལས།བཟང་ངན་གྱི་དབྱེ་བ་འབྱེད་པའི་གཏན་ཚིགས་ཤིག་མ་རེད་བསམས།སྤྱི་ནས་རྩོམ་རིག་དང་།སྒོས་སུ་སྙན་ངག་ལ་ཆ་མཚོན་ན།རྟོག་བཟོ་དང་སྒྱུ་འཕྲུལ་གྱི་ཆ་ཅི་ཙམ་ཆེ་ནའང་སྒྱུ་མས་བཞེངས་པའི་འཇིག་རྟེན་གཉིས་པ་དེ་ན།ཐོག་རེག་གི་འཇིག་རྟེན་འདིའི་གྲིབ་གཟུགས་མངོན་ལྐོག་གང་རུང་གིས་གནས་ཡོད་པས།མཚམས་ལན་རེར་གྲིབ་གཟུགས་དེ་ཉིད་ལྷག་བློ་ཟབ་ཏུ་བསྐྱེད་དེ་གཟུང་དགོས་ལ།ལན་རེར་དཔེ་དང་བསྡུར་བས་རྟོགས་དགོས།སྦ་གསང་སྦས་སྐུང་གི་ཁྱད་ཆོས་དེས་འཇིག་རྟེན་དེ་གཉིས་གཟོང་ཁ་གཅིག་སྒྲིལ་གྱི་ཚུད་དུ་མེད་པའང་རྟོགས་ཐུབ།དེ་བས།འཆར་ཡན་དང་རྟོག་བཟོ་ཇི་ཙམ་ཆེ་ནའང་།བརྩམས་ཆོས་ཧྲིལ་བོའི་རྒྱུད་ན་དངོས་ཡོད་ཀྱི་གྲིབ་གཟུགས་ཉི་ཚེ་བ་ཞིག་མེད་པ་གཏན་ནས་མི་སྲིད་པས།ང་ཚོས་དངོས་ཡོད་དང་རྩོམ་རིག་གི་བར་ན་ད་དུང་སྒྱུ་མའི་ཟམ་པ་ཞིག་ཡོད་པ་ཧ་གོ་དགོས་ལ།ཟམ་པ་དེ་མ་བརྒྱུད་པར་ཐད་ཀར་དངོས་ཡོད་ཀྱི་ཞིང་ལ་ཕྱོགས་ན།དེ་ལ་རྩོམ་རིག་གི་ཆོ་ལོ་ཇི་ལྟར་སྤྲོད་ཨང་།

སྙན་ངག་གི་མི་རབས་གསུམ་པའི་བརྩམས་ཆོས་དག་ལ་བལྟས་ན།རྩོམ་རིག་དང་བར་ཐག་ཉེ་བར་བསྟུངས་པའི་བྱ་བྱེད་ཀྱི་རྣམ་འགྱུར་ཞིག་མཐོང་ནའང་།རིག་གནས་དགག་བཞག་གི་དམོད་པ་བོར་བའི་བྲེལ་འཚུབ་ལ་བལྟས་ན།སྙན་ངག་ནི་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་གི་སྦྱོར་བ་ཞིག་ཡིན་ཞེས་པའི་གཏམ་འདི་ལ་ཁོ་བོ་ཤིན་ཏུ་ནས་དུང་ཞིང་དུང་ལ།སྙན་ངག་གི་མི་རབས་གསུམ་པའི་སྙན་ངག་དག་ལའང་གཅེས་ཤིང་གཅེས་ན་སྙམ་པའི་བློ་ཞིག་བྱུང་།

སྙན་ངག་གི་མི་རབས་གསུམ་པ་རྒུད་པའི་མི་རབས་ཤིག་རེད་ཟེར་དུས།དེ་ལ་རིག་གནས་དགག་བཞག་གི་དྲི་མ་ལས་རྩོམ་རིག་དཔྱད་བརྗོད་ཀྱི་ཀུན་སློང་མེད་པར་འདོད་ལ།དེ་ཡང་།བརྩམས་ཆོས་ཀྱི་འཇིག་རྟེན་ན་གྲུབ་པའི་སྙན་ངག་པ་དེའི་བྱུང་བ་ལ་བློ་མ་འཁོར་ཚེ།སུ་ཞིག་གིས་བློ་ཤེད་ཀྱི་ཚད་ཅི་ལྟར་བཀོལ་རུང་རྩོམ་རིག་གི་མཛེས་སྡུག་མཐོང་མི་ཐུབ་པར་འདོད།

སྙན་ངག་གི་མི་རབས་གསུམ་པའི་སྙན་ངག་གོ་དཀའ་བོ་འདུགགང་འདོད་འདོད་དུ་འབྲི་བཞིན་འདུག་ཅེས་བརྗོད་དུས།ཁྱེད་རང་སྙན་ངག་གི་མི་རབས་གསུམ་པའི་སྙན་ངག་ལ་ཅུང་ཉེ་བར་བཅར་ཟིན་འདོད་ལ།དེ་བཞིན་དུ་རྩོམ་རིག་གི་མཛེས་སྡུག་བསྙོད་པའི་བཀའ་དྲིན་ཡང་མཉམ་དུ་ཁྱེད་ལ་ཞུ་འོས།གལ་ཏེ།སྙན་ངག་གི་མི་རབས་གསུམ་པའི་སྙན་ངག་ཀུན་སྤྱོད་ཀྱི་ར་བ་ལས་འགོངས་སོང་ཟེར་དུས།དེའང་རིག་གནས་དགག་བཞག་གི་ཁྱབ་ཁོངས་སུ་འཕྲོས་ཟིན་དེ།ཁྱེད་ཀྱིས་སྙན་ངག་དང་རིག་གནས་ཁོར་ཡུག་གི་འབྲེལ་བ་ལ་ཐུགས་གཞིགས་ཁོ་ན་མཛད་པ་ལས།རྩོམ་རིག་གི་སྒྱུ་རྩལ་ལ་འཐིམས་པའི་རྩོམ་པ་པོའི་རྟོག་འཆར་དེ་ལ་མཉམ་མ་བཞག་པར་འདོད།ཀུན་སྤྱོད་ཀྱི་ར་བ་ནས་འགོངས་པ་སྙན་ངག་གི་མི་རབས་གསུམ་པའི་སྙན་ངག་ཡིན་ནའང་།མིའི་རང་གཤིས་ཀྱི་རྒྱ་ཁྱོན་ཆ་འཇོག་མེད་པ་དེ་ལ་ཁྱེད་ཀྱིས་ཚད་ཇི་ལྟར་གཞལ་ཨང་།དེ་བས།གཏན་ཚིགས་ཀྱིས་སྙན་ངག་གཅུན་ནམ།ཡང་ན།སྙན་ངག་གིས་གཏན་ཚིགས་གཅུན།

རྩོམ་རིག་ལ་ཆེད་དུ་གཟས་ནས་གླེང་ན།རིག་གནས་དགག་བཞག་གི་ཁོར་ཡུག་རྩོམ་རིག་དཔྱད་བརྗོད་ཀྱི་རྒྱ་ཁྱོན་ལས་རིང་ནས་འགོངས་ཚེ།སྨུག་རྒྱུའི་དཔེ་རུ་འགྱུར་མཞིན་པ་ནི་བརྩམས་ཆོས་གང་དེའི་རྩོམ་རིག་གི་རང་བཞིན་དང་།སྒྱུ་རྩལ་གྱི་ཞིང་ཁམས་དེ་ཡིན་ལ།དེ་བས།སྒྱུ་རྩལ་བརྩམས་ཆོས་ལ་དཔྱད་པ་གཏོང་དུས།རིག་གནས་དགག་བཞག་གི་རང་ཚོད་རང་གིས་མ་གཅུན་ཚེ།དེས་ཁྱད་དུ་གསོད་བཞིན་པ་ནི་ཐུང་མོང་གི་མཛེས་སྡུག་རིགས་ཤིག་སྟེ།རྩོམ་རིག་གི་མཛེས་སྡུག་གོ།

བོད་ཀྱི་སྙན་ངག་གི་མི་རབས་གསུམ་པ་ཞེས་བྱུང་བ་དེའང་།དུས་ཀྱི་འཕོ་འགྱུར་དང་།སྤྱི་ཚོགས་ཀྱི་སེམས་ཁམས་དང་།རིག་གནས་ཀྱི་སེམས་ཁམས་སོགས་ཀྱི་འགལ་འབྲེལ་གྱི་དབང་གིས་བྱུང་བ་ཞིག་ལས།དེ་ནི་མི་ག་གེ་མོ་ཞིག་གི་བྱ་བྱེད་ཀྱིས་གྲུབ་པ་ཞིག་ག་ལ་ཡིན་ཏེ།གལ་ཏེ།ཕྱི་ནང་གི་རྒྱུ་རྐྱེན་འདུས་པ་ལས་བྱུང་བ་མ་རེད་ཟེར་ན།སྙན་ངག་གི་མི་རབས་གསུམ་པའི་སྙན་ངག་དག་ནི་ལུང་བ་གཅིག་གི་ཆུ་བཞིན་སྣང་བ་དེ་ཅི་ཡིན།རྩ་འཛུགས་ཀྱིས་ཚོགས་པའི་བླང་བྱ་དང་སྤྱི་ཚོགས་ལ་འགན་ལེན་པ་སོགས་ལས་མི་བུ་སོ་སོའི་འཆར་སྣང་གི་མཚར་ལུགས་དེ་ལ་ཚད་ཇི་ལྟར་གཞལ་ཨང་།དེ་བས།མ་གྲོས་གཅིག་ཏུ་མཐུན་པའི་སྙན་ངག་གི་ཚོགས་པ་འདིའི་ཕུགས་ན་མངོན་པ་ནི།སྤྱི་ཚོགས་ཀྱི་སྣང་བརྙན་དང་།རིག་གནས་ཀྱི་སེམས་ཁམས།མི་གཤིས་ཀྱི་གསང་བ་སོགས་རྙོག་ཅིང་འཛིང་བ་དག་འཆར་བའི་སྙན་ངག་གི་ཁམས་དེ་མ་ཡིན་ནམ།དེ་བས།ཁོ་ཚོའང་ཁེར་རྐྱང་གི་ཚོགས་པ་རང་ག་བ་ཞིག་གང་ནས་ཡིན།

ཡིད་དུ་འོང་བའི་བོད་ཀྱི་སྙན་ངག་གསར་བའི་མི་རབས་དང་པོ་དང་།གཉིས་པ་དང་།གསུམ་པ་བཅས་སྟེ།ཕྱི་མ་ཕྱི་མས་སྔ་མ་སྔ་མའི་རྨང་གཞིའི་སྟེང་དུ་འཚོལ་ཞིབ་དང་རྟོག་འཇུག་བགྱིས་ཏེ་སོ་སོའི་ཁྱད་ཆོས་གཞོགས་སུ་བཏོད་པ་དེ་དགའ་འོས་པའི་དོན་དག་ཅིག་ཏུ་སེམས་ཏེ། དཔེ་ཞིག་དྲངས་ཏེ་ཞུས་ན།

མི་རབས་དང་པོས།

ལྟོས་དང་།ཕ་གིའི་བྲག་ངོས་གཟར་བོ་ན་ཆལ་ཆིལ་དུ་རྦབ་ཆུ་དེ་ནི།

བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་ལང་ཚོའི་རྦབ་ཆུ་རེད།ཅེས་བརྗོད་མྱོང་བ་དང་།

མི་རབས་གཉིས་པས།

         ཉོན་དང་།མི་མངོན་པའི་གནས་ན་འཆི་སྟངས་ཀྱིས་འབབ་པའི་རྦབ་ཆུ་དེ་ནི།

མི་རབས་གསུམ་པས།

         སོམས་དང་།མུན་ནག་གི་བྲང་ན་ཤག་ཤག་ཏུ་འཆི་བའི་རྦབ་ཆུ་དེ་ནི།

         ཁ་བའི་མེ་སྟག་གི་རོལ་དབྱངས་གསོན་པོ་ཞིག་གོ ཅེས་བརྗོད་མྱོང་སྟེ།

སྔ་མ་སྔ་མའི་སྙན་ངག་གི་སྐད་ཆ་དང་།སྙན་ངག་གི་ཁམས་དང་།སྙན་ངག་གི་རྟོག་འཆར་སོགས་ནི་ཕྱི་མ་ཕྱི་མ་དང་བར་ཁྱད་ཆེ་རུ་འགྲོ་བཞིན་པ་དེ་ནི་སྙན་ངག་པ་ཁ་ཤས་ཀྱིས་ཆེད་དུ་བཟོས་པ་མིན་ཏེ།དེ་ལ་གནད་དོན་གྱི་རྒྱུ་གང་མང་ཞིག་འབྲེལ་ཡོད་པས།ལྷག་པར་དུ་མི་རབས་སོ་སོའི་རྩོམ་པ་པོ་དག་གི་གསར་རྩོམ་གྱི་སེམས་ཁམས་ཐུན་མོང་བ་ལ་ཞིབ་འཇུག་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བར་སེམས།

དུས་ད་ལྟ།བོད་ཀྱི་སྙན་ངག་གི་མི་རབས་གསར་བའི་སྙན་ངག་ལ་བལྟས་ན།ཐུན་མོང་གི་མྱོང་སྣང་ཞིག་ཡོད་པ་ནི།ཁོ་ཚོ་མཚམས་མཚམས་ན་གཟར་བོ་བྲག་ནས་ལྷུང་དུས་སྐྱིད་པོ་མལ་ལ་གཟིམས་དུས་ཀྱི་སེམས་ཁམས་དང་།སྐབས་ལ་ལར་སྔོ་ལྗང་སྤང་ནས་ཉལ་ཡང་ཚེར་མའི་རྫོང་དུ་འཚོ་བའི་སེམས་ཁམས་སོགས་ནི་མཛེས་དཔྱོད་ཀྱི་ར་བ་ནས་རང་ཡན་གྱིས་ཆེད་དུ་དེངས་པ་ཞིག་མ་ཡིན་ཏེ།དེ་ལ་མི་རབས་འདིའི་བརྗོད་མི་ཐུབ་པའི་སྡུག་བསྔལ་མཐའ་ཀླས་པ་ཞིག་ཡོད་པས་ཨང་།(མ་ཚར)

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་བྱུང་བ་དང་དེའི་སྙན་ངག་ལ་དཔྱད་པའི་གཏམ།

2009-05-12 ན་རོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།