མི་རབས་གསུམ་པ་མེ་བཞིན་འབར་གྱིན་འདུག

སའི་གོ་ལའི་ནང་སྙིང་མེ་ཡིན་ལ སའི་གོ་ལའི་ཕྱི་ཤུན་ཡང་མེ་ཡིན
མེ་སྟག་ཆུང་ངུ་ཞིག་གིས་ཀྱང་རི་བོ་དང་ས་གཞི་ཆེན་པོ་སྒོག་སྒོག་སྦར་ཐུབ
མི་འདི་ཚོ་མེ་ལ་བརྟེན་ནས་འཚོ་བཞིན་ཡོད་ནའང་
མེ་ལ་སྐྲག་མཁན་ཡང་ཧ་ཅང་མང་པོ་མང་པོ་ཞིག་ཡོད

མེ་ཁ་གསོ་སྟངས་ཤིག་གིས
མེ་ལྕེ་ཞིག་རི་བོའི་ཡང་རྩེ་ནས་ཆེམས་ཆེམས་མཆེད་པས
མཚར་སྣང་གིས་ཁེངས་བའི་མིག་ཟུང་རེ་རེ་ན
མེ་རུ་ཆེན་པོ་ཞིག་ཐོད་ཀྱིས་འཕྱུར་བའི་འཇིགས་ཟིལ་མེ་རི་བཞིན་འཕྱུར་སོང་

མེ་དེ མེ་བཞིན་འབར་དེ་འདར་སུག་སུག་གི་ལུས་པོར་དྲོད་འཁོལ་རྒྱས་སུ་བཅུག་ནའང།
མེ་དེ མེ་བཞིན་འབར་དེ་མུན་པ་འཁྱིལ་བའི་མིག་ཀོང་ལ་འོད་སྣངསྦྱིན་ནའང་
རི་བོ་ལས་ལྕི་བའི་སེམས་ངལ་དང་རྒྱ་མཚོ་ལས་མང་བའི་མཆི་མའི་ཀློང་དུ
དངངས་སྐྲག་ཞིག་ཀྱང་གློ་བུར་གློ་བུར་སེམས་ཀྱི་གྲུ་ག་རེ་རེ་ནས་འཛུལ་ཡོང་

མེ་དེ ས་གཞི་ཆེན་པོའི་སྟེང་ཧ་ཅང་མཛེས་སྡུག་གིས་འབར་ཡང་
མཛེས་སྡུག་བཅོམ་བརླག་གཏོང་བར་རྩོམ་མཁན་དག་གིས
མེ་ལ་ཁ་ལག་སྲོ་ཞོར མེ་ལ་བདེན་ཁ་སྟེར་ཞོར
རང་ཉིད་ཀྱི་བདེ་སྐྱིད་དང་སྤྲོ་སྣང་རྨེག་མེད་གཏོང་བར་རྩོམ

དབྱར་གཞུང་གི་ཚ་དྲོད་ངོས་སུ
མེ སེམས་འཁུར་ལྷག་མ་ཞིག་ཏུ་གྱུར་ཡོད་ཚོད་རེད་མོད
དགུན་ཁའི་ལྷག་རླུང་ཁྲོད
མེ འཁྱགས་རེངས་སུ་གྱུར་བའི་རང་ཉིད་ཀྱི་རུས་རྐང་ལ་ཚ་དྲོད་སྦྱིན་སྤྱད་ཡིན
མེས ཁྱོད་ཀྱི་ཟུངས་ཁྲག་འཁོལ་མར་རྒྱུ་རུ་འཇུག
མེས གཞན་གྱི་གདུག་རྩུབ་རྩ་མེད་དུ་བསྲེགས་པར་བྱེད

མེ་ལྕེ་དེ རི་བོའི་ཡང་རྩེ་ནས་ཤུགས་ཆེན་པོས་ནམ་མཁར་མཆེད་པས
མི་རྣམས་ལ་བརྟན་བརླིང་གི་རི་བོ་དག་འཚུག་འགྲོ་བའི་སེམས་ངལ་ཧ་ཅང་ལྕི་ལ
དྭངས་གཙང་གི་ཆུ་མིག་དག་བསྐམ་འགྲོ་བའི་དངངས་སྐྲག་ཞིག་ཀྱང་སྐྱེས་སོང་
མེ་ལྕེ་དེས་རྒྱ་མཚོ་ཆེན་པོ་ཡང་ལྷོག་ལྷོག་གདུ་བར་བྱེད་ལ
རང་ཉིད་ཀྱང་དམར་ཆེམས་ཆེམས་སྦར་འགྲོ་བར་སྙམ་གྱིན་ཡོད

དོན་དངོས་སུ
མེ་ལྕེ་དེ་ནི་དྲང་བདེན་དང་རང་དབང་གི་འབར་ཚུལ་དང་འདྲ་ཞིང་
སུ་ཞིག་ལ་སྙིང་གཏམ་བརྗོད་ཚུལ་དང་ཡང་ཅི་འདྲའི་ཉེ་ཨང་
                                                                    2008.4.28
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པ་མེ་བཞིན་འབར་གྱིན་འདུག

2008-12-31 གུ་རུ་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།