ཁྲི་སེམས་དཔའ་མི་རབས་གསུམ་པ་ནས་ཕྱིར་བུད་པའི་གསལ་བསྒྲགས།

       སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་ཚོགས་པ་ཞིག་དངོས་སུ་རྩ་འཛུགས་བྱས་ནས་ཕལ་ཆེར་ལོ་གཅིག་ལ་ཉེ་ཞིང༌།ཁོ་བོའང་ཐོག་མའི་རྩ་འཛུགས་བྱེད་མཁན་གྲས་ཀྱི་གཅིག་ཡིན།དང་ཐོག་གི་ཀུན་སློང་ནི་བོད་ཀྱི་སྙན་ངག་གསར་པའི་ཐད་ལ་གྲུབ་འབྲས་ཨེན་ཙམ་འཇོག་ཨེ་ཐུབ་ལ་འབད་པ་དེས་སྐུལ་བ་ཡིན་མོད།ལོ་གཅིག་ལ་ཉེ་བའི་རིང་དུ་གྲུབ་འབྲས་འདི་ཞེས་སྟོན་རིན་ཡོད་པ་ཞིག་མེད་པའི་ཁར།ལྡོག་ཕྱོགས་ཀྱི་ནུས་པ་སྣ་ཚོགས་ཐོན་དང་འདོན་བཞིན་འདུག་ཅེས་པ་ནི་ལྗགས་ཡོད་ལྗགས་མེད་ཀྱི་གྲོགས་པོ་མང་པོའི་མ་གྲོས་གཅིག་མཐུན་གྱི་ལྟ་ཚུལ་ཡིན་འདུག ལྷག་པར་དུ་ད་ལྟ"ཁྱོད་མི་རབས་གསུམ་རེད་པ"ཞེས་ཁ་མཚང་ངོ་མཚང་འདྲུ་བྱེད་ཞིག་ཏུ་གྱུར་འདུག་པ་མ་ཟད།ཁ་རྩོག་ལྟ་བུ་ཞིག་ཏུ་གྲུབ་འདུག་པའང་ཕལ་ཆེར་དོན་དངོས་སུ་སྣང༌།གོ་ཐོས་སུ་ཡར་སྔོན་ཏག་ཏག་ལ་རེབ་གོང་གི་སྙན་ངག་པ་ཆེ་གེ་མོ་ཞིག་མི་མང་ཚོགས་ས་ནས་གཅེར་བུར་བུད་དེ་སྐྱུགས་བྲོ་བའི་བཟོ་ལྟ་སྣ་ཚོགས་བསྟན་པ་རེད་ཟེར།ཁོ་ཚོས"མི་རབས་གསུམ་པ"དེ་སྙན་ངག་གི་སྟེང་ནས་མཚོན་ཐབས་མི་བྱེད་པར་བྱ་སྤྱོད་ཡ་མ་བརླ་མང་པོའི་སྟེང་ནས་མཚོན་དུ་བཅུག་པ་དེ་ནི་དང་ཐོག་ང་ཚོས་་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་འཛུགས་པའི་དགོངས་དོན་དང་རིང་ནས་རྒྱབ་འགལ་དུ་གྱུར་འདུག་པ་སོགས་རྐྱེན་དུ་མའི་དབང་གིས།དེ་རིང་ནས་བཟུང་ཁོ་བོ་དངོས་སུ་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདིའི་ཁྲོད་ནས་ཕྱིར་བུད་པ་ཡིན་ཞེས་གསལ་བསྒྲགས་བྱས་པ་ཡིན་ལ།ཕྱིན་ཆད་མི་རབས་གསུམ་པའི་སྐོར་གྱི་དོན་བྱ་མཐའ་དག་ཁོ་བོ་དང་འབྲེལ་བ་ཡེ་ནས་མེད་ཅེས་ཀྱང་ཞུའོ།།
                                                                                                                          ཁྲི་སེམས་དཔའ་ནས།
                                                                                                                          2007ལོའི་ཟླ6པའི་ཚེས4ཉིན་ཟི་ལིང་དུ།
 

རྩོམ་ཁུངས། མཆོད་མེའི་གླེང་སྟེགས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲི་སེམས་དཔའ་མི་རབས་གསུམ་པ་ནས་ཕྱིར་བུད་པའི་གསལ་བསྒྲགས།

2008-12-14 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

       སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་ཚོགས་པ་ཞིག་དངོས་སུ་རྩ་འཛུགས་བྱས་ནས་ཕལ་ཆེར་ལོ་གཅིག་ལ་ཉེ་ཞིང༌།ཁོ་བོའང་ཐོག་མའི་རྩ་འཛུགས་བྱེད་མཁན་གྲས་ཀྱི་གཅིག་ཡིན།དང་ཐོག་གི་ཀུན་སློང་ནི་བོད་ཀྱི་སྙན་ངག་གསར་པའི་ཐད་ལ་གྲུབ་འབྲས་ཨེན་ཙམ་འཇོག་ཨེ་ཐུབ་ལ་འབད་པ་དེས་སྐུལ་བ་ཡིན་མོད།ལོ་གཅིག་ལ་ཉེ་བའི་རིང་དུ་གྲུབ་འབྲས་འདི་ཞེས་སྟོན་རིན་ཡོད་པ་ཞིག་མེད་པའི་ཁར།ལྡོག་ཕྱོགས་ཀྱི་ནུས་པ་སྣ་ཚོགས་ཐོན་དང་འདོན་བཞིན་འདུག་ཅེས་པ་ནི་ལྗགས་ཡོད་ལྗགས་མེད་ཀྱི་གྲོགས་པོ་མང་པོའི་མ་གྲོས་གཅིག་མཐུན་གྱི་ལྟ་ཚུལ་ཡིན་འདུག ལྷག་པར་དུ་ད་ལྟ"ཁྱོད་མི་རབས་གསུམ་རེད་པ"ཞེས་ཁ་མཚང་ངོ་མཚང་འདྲུ་བྱེད་ཞིག་ཏུ་གྱུར་འདུག་པ་མ་ཟད།ཁ་རྩོག་ལྟ་བུ་ཞིག་ཏུ་གྲུབ་འདུག་པའང་ཕལ་ཆེར་དོན་དངོས་སུ་སྣང༌།གོ་ཐོས་སུ་ཡར་སྔོན་ཏག་ཏག་ལ་རེབ་གོང་གི་སྙན་ངག་པ་ཆེ་གེ་མོ་ཞིག་མི་མང་ཚོགས་ས་ནས་གཅེར་བུར་བུད་དེ་སྐྱུགས་བྲོ་བའི་བཟོ་ལྟ་སྣ་ཚོགས་བསྟན་པ་རེད་ཟེར།ཁོ་ཚོས"མི་རབས་གསུམ་པ"དེ་སྙན་ངག་གི་སྟེང་ནས་མཚོན་ཐབས་མི་བྱེད་པར་བྱ་སྤྱོད་ཡ་མ་བརླ་མང་པོའི་སྟེང་ནས་མཚོན་དུ་བཅུག་པ་དེ་ནི་དང་ཐོག་ང་ཚོས་་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་འཛུགས་པའི་དགོངས་དོན་དང་རིང་ནས་རྒྱབ་འགལ་དུ་གྱུར་འདུག་པ་སོགས་རྐྱེན་དུ་མའི་དབང་གིས།དེ་རིང་ནས་བཟུང་ཁོ་བོ་དངོས་སུ་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདིའི་ཁྲོད་ནས་ཕྱིར་བུད་པ་ཡིན་ཞེས་གསལ་བསྒྲགས་བྱས་པ་ཡིན་ལ།ཕྱིན་ཆད་མི་རབས་གསུམ་པའི་སྐོར་གྱི་དོན་བྱ་མཐའ་དག་ཁོ་བོ་དང་འབྲེལ་བ་ཡེ་ནས་མེད་ཅེས་ཀྱང་ཞུའོ།།
                                                                                                                          ཁྲི་སེམས་དཔའ་ནས།
                                                                                                                          2007ལོའི་ཟླ6པའི་ཚེས4ཉིན་ཟི་ལིང་དུ།
 

རྩོམ་ཁུངས། མཆོད་མེའི་གླེང་སྟེགས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།