རླབས་ཆེ་བའི་མི་རབས་གསུམ་པ་དང་ཅོལ་ཆུང་གི་སློབ་ཆུང་དགེ་རྒན་འགའ།

ཁ་བ་དཀར་བོ།(ཨ་རི) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-27

གནའ་བོའི་རྒྱ་གར་གྱི་བསམ་བློ་བ་ཞིག་གིས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །ཞེས་གསུངས། འདིའི་སྐབས་ཀྱི་སྟོན་པ་དང་དཔང་གྱུར་སྐྱེ་བོ། དེ་ཉིད་དང་ངན་རྟོག་བཅས་པའི་ཐ་སྙད་འདི་དག་གི་འཇུག་ཡུལ་ལ་རིག་པའི་གནས་གང་ཡང་རུང་བ་ཞིག་གི་སྲོལ་བཏོད་པ་པོ་དང་དེ་ཡི་རྗེས་འཇུག་བློ་གྲོས་ཅན། རིག་པའི་གནས་དེའི་ཁྱད་ཆོས་དང་དེ་ལ་རྨོངས་པའི་སྐྱེ་བོ་བཅས་བཞག་སྟེ་གླེང་གཞི་སྤེལ་ན་མི་འཐུས་པ་མི་འདུག་པས། ཁོ་བོས་ཀྱང་འདིིར་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་མིང་བྱང་སྐེ་རུ་བཏགས་ཏེ་གང་སྣང་གར་ཤར་གྱིས་སྨྱོ་ལབ་སྣ་ཚོགས་ལ་དུས་རབས་ལས་འདས་པའི་སྙན་ངག་དང་བསྒྲགས་གཏམ་གྱི་ཚགས་པར་རྙིང་བའི་ཕྱི་ཤུན་གཡོགས་ནས་ཁྲེལ་དང་ངོ་ཚ་ཅི་ཡང་མེད་པར་བོད་ཀྱི་ཤེས་ལྡན་པའི་སྤྱི་ཚོགས་སྟེང་ཁ་མེད་མིག་མེད་དུ་སྒོར་མོ་གཅིག་པོ་མ་གཏོགས་མི་བསམ་པའི་སྨད་འཚོང་མ་ཚོ་ནང་བཞིན་ཨུ་ཚུགས་ཀྱིས་འཚང་ཁ་རབ་དང་རིམ་པ་ཞིག་རྒྱག་བཞིན་འདུག་སྟེ། ཁྱེད་ཅག་གི་ཚོགས་འདུ་རེ་རེ་བཞིན་ངེས་པ་དོན་གྱི་ཡ་རབས་སྐྱེ་བོས་ཤེས་རིག་གི་ལེགས་སྐྱེས་ཕན་ཚུན་འབུལ་རེས་བྱེད་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་སློབ་ཐོན་ལག་ཁྱེར་རེ་ལ་བརྟེན་ནས་ལུག་རྫི་ནོར་རྫི་ཚོའི་གྲས་སུ་མ་ལྷུང་ཙམ་ཞིག་གི་འཚོ་བ་སྐྱེལ་བཞིན་པའི་གསར་བུ་མགོ་སྟོང་ཆང་དང་ཐ་མག མ་ཅང་དང་འཁྲིག་སྦྱོར་མ་གཏོགས་ཤེས་རིག་དང་མི་རིགས་ཞེས་པའི་མིང་ཚིག་འདི་གཉིས་ལ་ཆ་རྒྱུས་ཅི་ཡང་མེད་པ་དག་དག་མཉམ་གཅིག་ཏུ་འཚོགས་ནས་ལབ་རིང་ཐུང་དང་གཤོབ་སྣ་ཚོགས་ཀྱིས་ང་ཡིན་ཁོ་ཡིན་གྱི་ཅ་ཅོ་ཤེས་པ་རྣལ་དུ་གནས་པ་ཞིག་གིས་གོ་ན་དེ་མ་ཐག་སྐྱུག་མེར་ལངས་ནས་འབྲོ་དགོས་པ་དང་། མི་རབས་གསུམ་པ་འཚོག་ས་ཡིན་ཟེར་བའི་ཚོགས་ཁང་དེ་དག་གི་ནང་དུ་ཨ་རག་བཙན་པོ་དང་ཐ་མག་ངན་ངོན་གྱི་དྲི་ངན་སྐྱག་དྲི་ལས་ཀྱང་མི་སྡུག་པ་ཞིག་གིས་ཡོངས་སུ་གཏིབས་ཏེ་མི་རིག་པ་དྭངས་མོ་རང་གི་འཕྲོད་བསྟེན་ལ་གཅེས་སྤྲས་བྱེད་མཁན་སུ་གཅིག་ཀྱང་དེ་རུ་འཁོར་ས་མེད་པ་ཞིག་ཏུ་གྱུར་ཡོད་པ་ནི་ཁྱོད་ཚོའི་ཚོགས་འདུ་ཆེན་མོ་རེ་རེའི་འདྲ་པར་ལ་བལྟས་པ་ཙམ་གྱིས་ས་རིས་ཐང་གསལ་རེད། མ་ཡིན་ནམ། ཚོགས་འདུའི་མགོ་ཡང་ཨ་རག་དང་ཐ་མག་གིས་བཙུགས། ཚོགས་འདུའི་གཞུང་ཡང་ཨ་རག་དང་ཐ་མག་གིས་བསྲིངས། ཚོགས་འདུའི་མཇུག་ཀྱང་ཨ་རག་དང་ཐ་མག་གིས་བསྡུས་པས། ཚོགས་འདུའི་དམིགས་ཡུལ་ཡང་ཨ་རག་དང་ཐ་མག་གི་ཆེད། ཚོགས་འདུའི་ངོ་བོ་ཡང་ཨ་རག་དང་ཐ་མག་གིས་དཀྲིས། ཚོགས་འདུའི་འབྲས་བུ་ཡང་ཨ་རག་དང་ཐ་མག་གི་རྩིས་ཁྲ་ལས་མ་འདས་པ་ཞིག་ལོས་ཀྱང་ཡིན། བོད་ཀྱི་མཛངས་མའི་ཆོ་ལོ་བླངས་པའི་ཚེ་རིང་སྐྱིད་ལྟ་བུ་བོད་ཕྱི་ནང་གཉིས་ན་གཟུགས་སྐྱེ་ལུས་དང་བློ་རིག་པ་གཉིས་ཐད་དུ་མིང་གྲགས་ཡོད་པ་ཞིག་ཀྱང་ཁྱོད་ཚོའི་ཚོགས་མིའི་གྲས་སུ་འཚང་དགོས་པའི་རྐྱེན་རྩ་ངོ་མ་དེ་ངས་མ་ཤེས་ཀྱང་། ཞིབ་ཏུ་བསམས་ན་བུ་མོ་རིགས་བཟང་མ་དེ་ཡང་ཁྱོད་ཚོའི་དུད་ཆང་གི་དྲི་ངན་འཐུལ་བའི་བསྒྲགས་གཏམ་ཡིན་ན་དེའི་མགོ་སྐོར་གྱི་འོག་ཏུ་ཚུད་པ་ལོས་ཡིན་བསམ། ཨ་ཤུ་རེ་ཁོ། ཀླུ་སྨྱོན་ཧེ་རུ་ཀས “དབྱངས་ཅན་ལྷ་མོའི་བྱིན་རླབས་སྙིང་ལ་ཞུགས་འདུག སེང་ལྕམ་འབྲུག་མོའི་ལང་ཚོ་ལུས་ལ་རྫོགས་འདུག” ཅེས་བསྟོད་བསྔགས་ཀྱི་རྫ་རྔ་བརྡུངས་པའི་མཛངས་མ་འདི་འདྲ་ཡང་སྐབས་རེར་ཅོལ་ཆུང་སྐྱེ་བོ་དེ་དག་གི་མགོ་སྐོར་གྱི་འོག་ཏུ་ཚུད་པ་འདི་ཀྱེ་མ་ཀྱེ་ཧུད། གང་ལྟར་མི་རབས་གསུམ་པ་ཁྱོད་ཚོའི་སྡོམ་ཚིག་སྟེ། ནང་ལ་འདུས་ནས་དུད་ཆང་བག་མེད་སྤྱོད། །ཕྱི་རུ་བུད་ནས་གཅེར་རྒྱུགས་རོ་ལངས་འཁྲབ། །ཅེས་པའི་སྒོ་བྱང་འདིའི་འོག་ནས་ད་དུང་ཡར་འཛུལ་མར་འབུད་བྱེད་ཀྱི་ཡིན་ནམ། ཡང་ན་མི་རབས་ཅིག་ཅིག་ཅིག་བསྒྲགས་གཏམ་མུག་མུག་མུག་ཟེར་བའི་སྟོང་བཤད་བོང་བུའི་འོ་མ་བསུབས་པ་འདི་རང་གཞན་གཉིས་སྡུག་གི་དྲི་ངན་འཐུལ་བའི་རྒྱུ་ལས་མེད་པ་དེ་ངོ་ཤེས་པའི་སྒོ་ནས། སྔར་བྱས་ལ་འགྱོད་སེམས་དྲག་པོ་དང་མ་འོངས་པར་དེ་ལྟར་མི་བྱེད་པའི་ཁས་ལེན་དམ་བཅའ་རེ་འཇོག་ཐུབ་རྒྱུ་ན། ཁྱོད་ཚོའི་དོན་ངོ་མའི་ལོ་དང་ན་ཚོད་དང་ཆང་ཐ་མག་འཁྲིག་སྲེད་གསུམ་གྱིས་བརྐོས་པའི་གདོང་གི་གཉེར་མ་གཉིས་ཀྱི་བར་ཐག་ད་དུང་ཅུང་ཟད་རིང་ལ། རང་རང་གི་ཕ་མ་ཕུ་ནུས་སེན་མགོ་ཁྲག་དང་སེན་རྟིང་རྣག་ཏུ་བྱས་པའི་སློབ་ཡོན་ལ་བརྟེན་ནས་ཡི་གེ་འབྲི་ཀློག་ཅུང་ཟད་རེ་སྦྱངས་ཡོད་པ་དེ་བོད་གདོང་དམར་བའི་རྒྱུད་པ་སློབ་ཆུང་སློབ་མ་ཞོགས་པའི་ཆུ་ཐིགས་བཞིན་ནག་ནོག་གི་དྲི་མས་མ་གོས་པ་དེ་ཚོར་རང་གི་ནུས་ཚོད་རེ་བརྒྱུད་སྤྲོད་བྱེད་ཐུབ་ན་ངོ་མ་བོད་པ་ཚང་ལ་བུ་སྐྱེས་པའི་དོན་གོ་ཆོད་པ་རེད། དེ་མ་གཏོགས་ཁྱོད་ཚོ་མང་ཤོས་ཀྱིས་དགེ་རྒན་ཞེས་པའི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་མིང་བྱང་འདི་དག་གི་འོག་ནས་ཆང་དུད་མ་འཁྲིག་བཞི་ལས་ལག་ལེན་གཞན་པ་ཅི་ཡང་མེད་ན། ཁྱོད་ཚོའི་མདུན་ན་ཆུ་ཤེལ་ལྟ་བུའི་མིག་ཟུང་རིག་རིག་ཏུ་བཀྲ་ཞིང་ཉི་གཞོན་འདྲ་བའི་ལང་ཚོ་ཉིན་རེ་ལས་རྒྱས་པའི་གངས་ཅན་པའི་མྱུ་གུ་གསར་བ་སྟེ་སློབ་ཆུང་སློབ་མ་འདི་ཚོ་ཁྱོད་ཅག་གིས་ངོ་མ་འཕྲོ་བརླག་ཏུ་གཏོང་རྒྱུ་རེད། ང་རང་ལ་སྔོན་མར་ཁྱོད་ཚོ་དང་འདྲ་བའི་སློབ་ཆུང་གི་དགེ་རྒན་ངོ་ཤེས་འགའ་ཡོད་ལ་ཉིན་ཞིག་ང་དང་ངའི་གྲོགས་པོ་འགས་གསར་བཏོད་བྱས་པའི་དགོན་པའི་དུས་དེབ་ཅིག་ལ་ཤོག་བུས་མ་འདངས་པར་དེ་ཚོའི་རྩར་ཐེངས་ཤིག་སོང་བ་ཡིན་ལ། ངས་དགེ་རྒན་ཞིག་གི་ཉལ་ཁང་གི་སྒོ་ཕྱེ་བ་ན། སྒེའུ་ཁུང་གི་ཁ་རུ་ཉལ་གདན་མཐུག་པོ་ཞིག་གིས་ཡོངས་སུ་བཀབ་སྟེ་ནང་ནས་ཕྱི་མི་མཐོང་ལ་ཕྱི་ནས་ནང་མི་རིག་པ་ཞིག་བཏུམས་འདུག་ལ། གློག་འོད་བན་བུན་ཞིག་གི་ཀློང་ན་སློབ་མ་བརྒྱ་ཕྲག་ལ་མི་ཚེའི་ལམ་སྟོན་གནང་རྒྱུའི་ལས་འགན་ལྕི་མོ་ཕྲག་ཏུ་བབས་པའི་དགེ་རྒན་གསུམ་བཞི་ཞིག་གིས་རྒྱ་ཅོག་གྲུ་བཞི་མཐའ་བཞི་ཟད་ནས་གོར་གོར་དུ་གྱུར་པ་ཞིག་གི་མཐའ་རུ་མཛུབ་བར་དུ་ཐ་མག་བཙུར། ཁ་སྣ་ནས་ཆང་དྲི་འཐུལ་བཞིན་རྒྱ་ནག་ལྕགས་རི་རྩིགས་པ་སྟེ་མ་ཅང་གི་རོལ་རྩེད་ཀྱིས་སྨྱོ་བཞིན་འདུག ཁོ་ཚོ་ཡང་ཆང་དུད་མ་གསུམ་གྱི་སྨྱོ་ནད་ཀྱིས་ཟིན་མེད་དུས་ཁ་ནས་མི་རིགས་དང་རྩོམ་རིག་ཟེར་མཁན་རྐྱང་རྐྱང་ཡིན་པས་ང་མཐོང་བ་དང་རེ་ཞིག་དོགས་མི་བདེ་བའི་ཚུལ་དུ་ཡོད་ན་ཡང་མགོ་ནང་ཧྲིལ་བོར་མུན་ནག་འཁྲིགས་འདུག་པས་འགྱོད་སེམས་དང་གནོང་སེམས་ཞེས་པ་དེ་སྐྱེ་བའི་དུས་སྐར་ཞིག་ཡོད་སྲིད་དམ། ཕྱི་ན་སློབ་མ་ཚོ་ཀུ་ཅོ་དིར་རེར་ཡར་རྒྱུགས་མར་རྒྱུགས་བྱེད། ནང་ལ་དགེ་རྒན་ཚོ་ཆང་དུད་མ་གསུམ་གྱི་གཏིང་རུམ་ན་མྱོས་ཤིང་འཁྱོར། ངས་མཐའ་གཅིག་ཏུ་ཁྱོད་ཚོ་ངའི་ངོ་ཤེས་སློབ་ཆུང་དགེ་རྒན་དེ་དག་དང་འདྲ་ཞེས་བསྡིགས་པ་མིན་ན་ཡང་། ཁྱོད་ཚོའི་དུས་རབས་འབྱེད་པའི་བསྒྲགས་གཏམ་སྤེལ་དུས་ཀྱི་འདྲ་པར་རེ་རེ་ལ་མིག་གིས་ཅེར་ཐེངས་རེ་རེར་ངའི་མིག་ལམ་ནས་ཁྱོད་ཚོ་རེ་རེ་ཡང་གོང་གི་ངའི་ངོ་ཤེས་སློབ་ཆུང་དགེ་རྒན་དེ་ཚོའི་རེ་རེར་འགྱུར་འགྲོ་གི་འདུག་ལ། དེ་དང་མཉམ་དུ་ཁྱེད་ཅག་གི་བཀྲུས་ནས་མི་དག་པའི་གདུལ་བྱ་སྟེ་གངས་ཅན་པའི་སློབ་བུ་ན་གཞོན་དེ་ཚོའི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ངས་ངོ་མ་དབུགས་རིང་རེ་འཐེན་དགོས་བྱུང་། བསམ་བློ་ཞིག་ཐོངས་དང་། ཁྱོད་ཚོའི་ལུས་ལས་རྒྱོ་དྲི་འཕྱུར། ཁ་ནས་ཆང་དྲི་འཐུལ། མཛུབ་མོས་ཐ་མག་བཙུར་ནས་རིག་པ་ལྡབ་ལྡིབ་དང་གོམ་པ་འཁྱར་འཁྱོར། མིག་ཟུང་རབ་རིབ་དང་ངག་ཚིག་འཆལ་འཆོལ་གྱིས་སློབ་ཁང་དུ་འཛུལ་དུས། བོད་གངས་ཅན་པའི་མ་འོངས་པའི་སོན་རྩར་གྱུར་པའི་ཁྱོད་ཅག་གི་སློབ་བུ་འདི་དག་གི་སེམས་ནང་ཅི་འདྲ་ཞིག་ཤར་རྒྱུ་རེད། ཁྱོད་ཚོར་གོང་ནས་རྒྱལ་ཁབ་ཀྱིས་ཟླ་ཕོགས་སྤྲད། བར་ནས་མི་དམངས་ཀྱིས་གདེང་འཇོག་བྱས། འོག་ནས་སློབ་བུ་ཚོས་གུས་ཞབས་བྱེད་པའི་གོ་སྐབས་འདི་དམ་དུ་བཟུང་ནས། མི་རིགས་དང་རྒྱལ་ཁབ་ལ་ཞབས་ཞུ་ཅུང་ཟད་བསྒྲུབ་ན་མི་ལེགས་སམ། ཡང་སྐབས་རེར་ཁྱོད་ཚོ་ནི་རིག་པ་དྭངས་གསལ་ཅན་དག་དག་སྟེ། ཁྱོད་ཚོའི་མི་ཚེའི་རྩ་བའི་རྩ་དོན་བཞི་སྟེ་ཆང་རག ཐ་མག མ་ཅང་། འཁྲིག་སྦྱོར་བཞིས་བསྐྱེད་པའི་ཉམས་དང་རྟོགས་པའམ་ལག་རྗེས་ཏེ། ཁྱོད་ཅག་གིས་ཁྱོད་ཚོའི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཁྱོད་ཚོར་བཞག་པའི་སྡོམ་བཞིའམ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ནི། བླ་འཁྱམས་ཡིད་མྱོས། ཡུལ་དུས་བསྣོལ་བ། མགོ་རྟིང་སློག་པ། ངོ་ལོག་བྱེད་འདོད་པ་ལས་གཞན་ཅི་ཞིག་ཡོད་དམ།  གཞན་ཅི་ཞིག་འཇོན་ནམ། གང་ཞིག་བྱེད་དམ། ཅི་ཞིག་དྲན་ནམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླབས་ཆེ་བའི་མི་རབས་གསུམ་པ་དང་ཅོལ་ཆུང་གི་སློབ་ཆུང་དགེ་རྒན་འགའ།

2008-11-27 ཁ་བ་དཀར་བོ།(ཨ་རི) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།