མི་རབས་གསུམ་པས་ཁྱོད་ལ་སྨྲས་པ།

གོ་ཐོས་སུ་གྲྭ་ས་དག་ན།
མི་རབས་གསུམ་པ་ཁྱི་ཡིན་པའི་ཕྱིར། ཞེས་པ་སོགས་ཀྱིས་མཚོན་པའི་རྩོད་ལུགས་རེ་བྱུང་ཡོད་སྐད། གལ་ཏེ་བདེན་པ་ཡིན་ན།  ཁྱེད་རང་མི་ཡི་སྤྱོད་ཚུལ་ལས་ལྷ་ཡི་གོ་འཕང་དུ་ཆས་མྱོང་ན། ཅིའི་ཕྱིར་ང་རང་ཁྱི་ཡི་ཐོབ་ཐང་ལས་དམྱལ་བའི་མདུན་སྒོར་ཆས་ན་ཅིས་མི་ཆོག 

སློབ་དཔོན་ཆེན་མོ་ན་རེ། བོད་ལ་དུས་ཐུང་ལོ་ངོ་ཉི་ཤུ་ལྷག་གི་ནང་དུ་མི་རབས་གསུམ་པ་ཟེར་བ་ཞིག་བྱུང་ཡོད་ཟེར།བདེན་པ་ཡིན་ན་ཁོ་ཚོའི་ཕྱི་གླིང་བས་ལོ་ངོ་སྟོང་ཕྲག་རིང་གི་འགྲོ་ལུགས་དེ་དུས་ཡུན་ཐུང་ཐུང་དེ་འདྲ་ཞིག་གི་ནང་དུ་འགྲུབ་སོང་ནི་ཨེ་རེད་ཟེར།  དེ་ནི་ཁྱོད་རང་གི་བསམ་ཚུལ་ཙམ་ལས་ང་ཚོ་ལ་འབྲེལ་བ་ཅི་ཞིག་ཡོད།ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་དེས་ལོ་ངོ་སུམ་ཅུ་ལྷག་གི་ཡོང་འབབ་ལ་ལྟོས་དང་ཁྱོད་རང་ཁྲོམ་པའི་སྦལ་བ་ཞིག་ཡིན་པ་ཤུགས་ནས་གོ་ཡོང༌།

བློ་འབྱེད་པ་ན་རེ། མི་རབས་གསུམ་པར་འགན་འཁུར་གྱི་འདུ་ཤེས་མེད་ཟེར།སྙན་ངག་རང་གི་ཆེད་དུ་འབྲི་བཞིན་འདུག་ཟེར།བདེན་ནི་བདེན་དུ་ཆུགས་སྟེ། ཁྱོད་ལ་མཆོད་རྫས་སུ་འགྲོ་དགོས་པའི་ལག་རྟེན་འདྲ་དགོས་ན།ང་ཚོའི་མི་རབས་གསུམ་པ་རིན་མེད་དུ་ཁྱོད་ལ་སྤྲད་ཆོག་མོད།“བདག”ཅེས་པའི་རྩ་དོན་ལ་ཕྱིར་འདང་ཞིག་བརྒྱབ་ན་ཁྱོད་ཀྱིས་མི་རང་ཉིད་ནས་མགོ་བརྩམས་པ་ཞིག་གི་གཞུང་རྒྱ་དེ་ད་ལྟ་སྐྱག་ལུད་དུ་གྱུར་ཚར་བ་མ་ཡིན་ནམ?འདི་ལ་ཁྱུ་མཆོག་པོ་ཏི་ལེར་ནས། “ང་ལ་ལུད་སྤྲོད་དང༌། ངས་དེ་གསེར་དུ་བསྒྱུར་ཐུབ་”ཅེས་པ་རང་སྨན་དུ་ཆེ་ཨང༌།

དཔྱད་བརྗོད་པ་ན་རེ། ཁོ་བོ་ནི་སྒྱུ་རྩལ་གྱི་གཞལ་ཡས་ཁང་ནས་དངོས་ཡོད་ཀྱི་ཛ་དྲག་ཡལ་བར་དོར་བའི་རྩོམ་རིག(སྙན་ངག)དང་ནམ་ནམ་ཞ་ཞར་རིང་དུ་གྱེས་ངེས་སོ་ཟེར། མཛའ་ནི་མཛའ་སྟེ། ཁོ་བོ་ཞེས་པ་དེ་སྙན་ངག་གི་ཕ་མ་གང་རུང་ཞིག་མ་ཡིན་པས་མཛའ་གཏམ་དེས་རིགས་ཁྱོད་ཀྱི་སྣོད་དུ་བཟུང་ལ་རུལ་དུ་ཅིག་གུ 

སྙན་ངག་གི་བླ་སྲོག་མ་ཉམས་བར་དུ།
ཡང་ན་སྒྱུ་རྩལ་གྱི་ཕོར་བ་མ་ཆག་བར་དུ།

གྲོགས་པོ་ན་རེ། སྙན་ངག་ལ་རྡོག་རྫིས་མ་གཏོང་ཟེར། སྙན་ངག་ཅེས་པ་དེ་དབང་བོ་སྐྱོན་ཅན་ཞིག་མིན་པར་རང་ག་བ་ཞིག་གིས་རྡོག་རྫིས་བཏང་ཆོག་ན།འཇིག་རྟེན་ན་སྙན་ངག་ལ་རང་དབང་གིས་ཁ་ལོ་བསྒྱུར་མཁན་ཅི་འདྲའི་མང་ཨང༌།

ཅོལ་ཆུང་བ་ན་རེ། ང་མི་རབས་གསུམ་པ་མིན། ང་ལ་དེ་ཚོའི་བྱ་དགའ་མི་དགོས་ཟེར། དགག་སྒྲ་ཉིས་སྦྱོར་འདིའི་ནམ་ཞིག་གི་ཚེ་ན་ཁྱེད་ནས་ང་མི་མིན་ཟེར་རྒྱུ་དེ་ཡང་ཤུགས་སུ་གོ་ཐུབ་པས་ང་ཚོའི་ཁྱོད་ཅིག་རེད་འདོད་མེད་དོ།། 

ཐམས་ཅད་ན་རེ། ཁྱོད་ཀྱི་བྱ་སྤྱོད་ཡ་མ་བརླ་དེས། མི་རབས་གསུམ་པ་བརླག་བྱུང་སྐད།
མཐོང་རྒྱ་མེད་ན་འུར་མ་རྒྱག ལྷ་འབབ་པ་དང༌། གྲིའི་གཏར་བ།རྔ་རྡུང་ཆོམ་རྡུང་བྱེད་པའི་བྱ་སྤྱོད་དེ་ལྟ་བུའི་མི་རིགས་འདིའི་མིང་ཡིག་འཁུར་བསྡད་ཆོག་ན། རང་གི་ལུས་ངག་གི་སྦྱོར་བ་ཙམ་གྱིས་བསྒྱུར་མྱོང་བའི་སྟབས་སྤྱོད་རེ་རེ་ནི་ཅི་འདྲའི་གླེང་རིན་མེད་པ་ཏག་ཏག་མ་རེད་དམ།
 
རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པས་ཁྱོད་ལ་སྨྲས་པ།

2008-11-25 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།