མི་རབས་གསུམ་པ་བ་ཞིག་གི་མིག་གིས་བོད་ཀྱི་སྙན་ངག་གསར་བར་བལྟས་པ།༢

སྙན་ངག་གི་འབྱུང་རྩ་མི་རིགས་ཡིན་པས།མི་རིགས་ཀྱི་ནང་སྙིང་དང་རྣམ་པ་ནི་སྙན་ངག་གི་བརྗོད་བྱ་དང་མཚོན་ཐབས་ཀྱང་ཡིན། 

                                                  __ཧེ་གེར།

གཉིས་པ།དཀྲུག་གཡམ་གྱི་དུས་དང་མི་རབས་གསར་བའི་ས་བོན་རྒྱས་ཚུལ།

སྐྱེ་མ་ཐག་ནས་རྒས་སླ་བའི་མི་རབས་ཤིག་དེ་ལྟར་བོད་ཆེན་པོའི་སྙན་ངག་གི་གཤིན་སར་བཏབ་པ་ནས་བསྐྱེད་པའི་འབྲས་བུ་དག་ནི་འགག་དོག་པའི་ལམ་ཕྲན་ཉག་ཅིག་སྟེ། ཁ་ཤས་ཀྱིས་ཤར་གྱི་དེ་བུའོ་ཞེས་དང༌།  ཡང་ཁ་ཅིག་གིས་ནུབ་ཀྱི་དེ་བུའོ་ཞེས་ལྗང་བ་ཡར་འཐེན་ནས་སྐྱེ་རོགས་བྱས་པའི་དཔེ་བཞིན་གུ་དོག་གི་བསམ་སྦྱོར་དེ་དག་དང་འཚམ་པའི་གནས་བབ་ཅིག་ལ་ཨ་འཐས་བྱས་མྱོང་ན་ཡང་བླ་ན་མ་མཆིས་པའི་སྙན་ངག་གི་ཕུང་བོ་དེ་རྡོ་ཕ་བོང་ཞིག་ཇི་བཞིན་མི་ཅིག་ཤོས་ཀྱིས་ཕྲག་ཏུ་ལེན་རྒྱུའི་སྐལ་བ་དང་ཡོངས་སུ་བྲལ་བ་ནི་དངོས་ཡོད་ཀྱིས་ར་སྤྲད་པའི་མངོན་སུམ་ཚད་མ་རེད་ལ།   གཡམ་རྒྱུག་གི་ངོ་བོ་དེ་ལས་འཕྲོས་པའི་སྒེར་སྤྱོད་ཀྱི་མནོ་བསམ་དག་ནི་སྐབས་དེ་འདྲར་ཆེས་དར་ཤེད་ཆེ་བའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པས།  ཁོ་ཚོར་མཚོན་ན་སྙན་ངག་ཅེས་པའི་ལས་ཀ་འདིའི་ཤུགས་བསྟན་དུ་མི་རིགས་ཞེས་པའི་སྤྱི་མཚོན་གྱི་ཐ་སྙད་ཅིག་འདུས་ཡོད་པ་གཏིང་བརྗེད་དུ་གྱུར་ཡོད་འདུག 

སྒྱུ་རྩལ་གྱི་ལས་ཀ་གང་ཞིག་ཡིན་པས་ཀྱང་མི་རིགས་གཞན་གྱི་ལག་ཐབས་དང་བསམ་པའི་གོ་རྟོགས་ལ་དཔེ་བལྟ་བྱེད་དགོས་ནའང་མཐའ་མཇུག་མི་རིགས་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་བརྩམས་འབྲས་ཤིག་ཏུ་སྦྱང་བ་མ་ཐོན་པས་དེ་ཉིད་གཞན་རིགས་ཀྱི་ཁྱེའུ་ཞིག་ཡིན་པ་མ་གཏོགས།མི་རིགས་རང་གི་རང་ཚན་པའི་མཛེས་དཔྱོད་ཀྱི་འགུགས་ཤུགས་དང་ཡང་ཁ་བྲལ་བས་སོ། ། 

དེ་བས་བོད་ཆེན་པོའི་སྙན་ངག་གསར་བ་དེ་ཡང་མེད་པ་ནས་ཡོད་པ་དང༌། བྱུང་བ་ནས་འཕེལ་རྒྱས་ཀྱི་ལམ་ཁར་ཆས་པ་ཡིན་མོད། རང་ཉིད་འཚོ་ཞིང་གནས་པའི་སྒྱུ་རྩལ་ཁོར་ཡུག་གི་ཁ་དབུགས་ངན་པ་དེས་ནམ་དུ་ཡང་ཕུང་གསུམ་གྱི་འབྲས་བུ་བསྐྱེད་བཞིན་རྒྱ་རྗེས་བོད་འདེད་ཀྱི་དཔེ་གསར་ཁོ་ནའི་དུས་འདས་ཤིང༌། བྲིས་པའི་སྙན་ངག་ཐ་དག་ཀྱང་མི་རིགས་གཞན་གྱི་མཛེས་དཔྱོད་ཀྱི་བློ་མིག་བཀོལ་ནས་ཀློག་འགྲེལ་བྱེད་དགོས་པའི་ཚད་ལ་བསྙེགས་པར་བྱས་ཡོད།  དུས་སྐབས་འདི་ལ་བདག་གིས་དཀྲུག་གཡམགྱི་དུས་རིམ་དུ་འབོད་འདོད་ཅིང༌། དུས་ཚིགས་ཀྱིས་དབྱེ་ན་ཕལ་ཆེར་དུས་རབས་སྔོན་མའི་དུས་མཇུག་དང་དུས་རབས་ཉེར་གཅིག་གི་དུས་མགོར་ཁེལ་ཡོད་འདུག

སུས་ཀྱང་འགྲེལ་དཀའ་ལ་རྟོགས་དཀའ་བའི་དུས་རིམ་དེའི་ནང་དུ་བོད་ཀྱི་སྙན་ངག་པ་དག་ཀྱང་སྙན་ངག་གི་ཆེད་དུ་སྙན་ངག་རྩོམ་པའི་ལས་བྱ་བ་དག་ཏུ་གྱུར་བ་ནས་སྨྱུག་གུས་ཟིན་ཚད་སྙན་ངག་པར་གྱུར་ཅིང༌།ཤོག་དཀར་གྱི་ངོས་སུ་བསྒྲིགས་པའི་ཚིག་ཚོགས་དག་བོད་ཀྱི་སྙན་ངག་གསར་བར་གྲུབ་སོང་བ་རེད།  ཉམས་རྒུད་ཀྱི་བྱུང་བ་དེས་སྔར་གྱི་ནས་རྒྱལ་སྲས་ཀྱི་གོ་འཕངས་ཐོབ་ལ་རེམ་པའི་སྐྱེས་མཆོག་སྐོར་ཅིག་གི་ཕུགས་བསམ་ཐལ་བའི་རྡུལ་དུ་བརླག་པས་ཁོ་ཚོ་ཡང་བརྩེ་ར་འདི་དེ་ལྟའི་བརྟན་པོ་ཞིག་མ་ཡིན་པའི་བློ་ཚུལ་གྱི་འོག་ཏུ་ཕྱིར་གྱེས་མགོ་བརྩམས་ཤིང༌། མི་རབས་དེས་མིག་ལ་མཐོ་བའི་སྙན་ངག་པའི་གཟི་བརྗིད་དག་བཀོལ་གྱིན་མ་རྩ་ཕུད་མི་དགོས་པའི་དཔོན་གནས་དང་ཚོང་ལས་དག་ལ་མགོ་འཁོར་ཡོད་འདུག

སྐབས་དེ་འདྲའི་འོག་གི་ལས་ངན་པ་ཅན་ནི་སེམས་ལྡན་གྱི་སྐྱེས་པོ་གང་ཞིག་མ་ཡིན་པར་གནས་ཚུལ་ཅི་འབྱུང་ལ་སེམས་ཁ་ཕྱོགས་པའི་བོད་སྐད་ཡིག་གི་རྩོམ་ཡིག་དུས་དེབ་དག་རེད།  རྩོམ་ཡིག་དུས་དེབ་དག་གིས་རང་གི་ཁེ་ཕན་ཅན་ནམ་ཡང་ན་མི་རིགས་ཀྱི་འོས་འགན་ཞིག་ཏུ་བལྟས་མྱོང་བ་གང་ཞིག་ཐག་གཅོད་དཀའ་ནའང་སྐབས་དེ་འདྲའི་གནས་ཚུལ་ལ་དམིགས་ནས་སྦྲང་ཆརདུ་སྙན་ངག་གསར་བའི་ཡོན་ཏན་དེ་ཞུགས་མ་ཐག་གོ་སླ་བའི་བྱིས་པའི་རྩོམ་ཡིག་ལྟ་བུ་ཞིག་ཏུ་བཅོས་ཤིང༌། བོད་ཀྱི་རྩོམ་རིག་སྒྱུ་རྩལསོགས་སུ་བདག་པོ་བདག་ཐབས་མ་བྱུང་བའི་རྟ་རྒོད་ཅིག་ཇི་བཞིན་སྐབས་འགར་སུས་ཀྱང་གོ་ཐབས་མེད་པའི་མཁའ་འགྲོའི་བརྡ་ཡིག་ལྟ་བུ་རེ་བཀོད་ཅིང༌། ཡང་སྐབས་འགར་ཆང་འཐུང་གི་སྨྱོ་བཤད་ལྟ་བུའི་སྔ་ཕྱི་དོན་མི་འབྲེལ་བའི་སྙན་ངག་རེ་འཇོག་གིན་ཉི་མ་ཕུད་ཐབས་བྱས་ཡོད་མོད། སོ་ལྟ་དང་གཟབ་ཉན་ལ་གོམས་ཉེ་བའི་བོད་ཀྱི་སྙན་ངག་དུས་དེབ་ཐོག་མགངས་རྒྱན་མེ་ཏོགཁོ་ན་ངུ་གྱིན་ཡོད། སེམས་འགྱུ་སྤྱི་མོའི་ངུ་ཚུལ་དེས་བག་ལ་ཉལ་བའི་རྗེས་རབས་པ་དག་གི་གཉིད་དཀྲོག་ཅིང༌། རྩིས་རིག་སློབ་ཁྲིད་ཀྱི་སྐབས་སུ་སྙན་ངག་འབྲི་བའི་ལས་ཀ་དེ་ཡང་ནང་དོན་ཡོད་པ་ཞིག་ཏུ་མཐོང་ནས་ནམ་ལངས་ས་རིབ་ཀྱི་ཚུལ་དུ་སྙན་ངག་གསར་བའི་ལས་ཀ་ལ་འབད་པ་ལྷོད་མེད་བྱས་པས། སླར་ཡང་མི་རིགས་རང་མཚན་པའི་སྙན་ངག་གི་བྲོ་བ་འཐིབ་པའི་སྙན་ངག་གསར་བའི་མི་རབས་ཤིག་གི་གྱ་ཙེ་གོམ་ཙེ་སློབ་མགོ་བརྩམས་ཤིང༌། བོད་ཆེན་པའི་སྙན་ངག་གི་ཞིང་ས་ལ་སྒྱུ་རྩལ་གྱི་ས་བོན་གཏོར་བ་ནས་བདེ་ལེགས་ཀྱི་མྱུ་གུ་འབུས་མགོ་བརྩམས་ཡོད། མི་རབས་འདི་ལ་ཡོངས་གྲགས་སུ་མི་རབས་གསུམ་པར་འབོད་ཅིང༌། ལང་ཚོའི་སྟོབས་ཤུགས་ཀྱིས་ཕྱུག་པའི་རྫོགས་ལྡན་གྱི་སྙན་ངག་གི་དུས་རབས་ཤིག་འབྱུང་བར་ཁོ་ཚོ་ཡིད་ཆེས་ཀྱིས་བརྟས་ཡོད་དོ། །

རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པ་བ་ཞིག་གི་མིག་གིས་བོད་ཀྱི་སྙན་ངག་གསར་བར་བལྟས་པ།༢

2008-11-25 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།