ལོ་སར་དང་སེམས་ཁྲལ།

རི་སྔོན་བླ་མ་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-02

  2008ལོར་ང་རང་གྲོང་གསེབ་ཅིག་ཏུ་ཕྱིན་ནས་བདུན་ཕྲག་གཅིག་ཙམ་ལ་བསྡད་མྱོང་ཡོད།   ལོ་སར་དང་དུས་མཉམ་པས་དབེན་སིམ་པའི་ལུང་ཀྱོག་འདི་ལ་ཡང་ནམ་རྒྱུན་དང་མི་འདྲ་བར་དུས་ཆེན་གྱི་ཡོ་ལང་གི་རྣམ་པ་གསར་བ་ཞིག་གསར་རྒྱས་འདུག   དུད་ཁྱིམ་བདུན་ལྷག་གིས་གྲུབ་པའི་གྲོང་གསེབ་ཀྱི་རུ་སྡེ་ཆུང་ཆུང་འདིར་འགྲིམ་འགྲུལ་སོགས་སྟབས་མི་བདེ་བ་ལ། ལོ་གསར་བ་ཞིག་ཚེས་ཐེངས་རེར་བྱིས་པ་དག་ནར་སོན་ནས་སློབ་གྲྭར་འགྲོ་བའི་དུས་ལ་ཐོན་པ་དང་སློབ་གྲྭར་འགྲོ་བའི་ལམ་ཐག་རིང་བ་དྲན་ཡོང་ཞིང་“དབྱར་ཁའི་ཆར་དང་དགུན་གྱི་ཁ་བ”བསམས་ན་སློབ་ལོ་རན་པའི་བྱིས་པ་དག་ནི་སྡེ་མི་དག་གི་སེམས་ཁྲལ་ཆེས་ཆེ་བ་ཞིག་ཏུ་གྱུར་ཡོད་པ་རྟོགས།   ཉིན་ཞིག་ང་རང་སྒོ་རའི་ནང་དུ་ཉི་མར་ལྡེ་ཡོད་པའི་ཚེ་བྱིས་པ་ཆུང་ཆུང་འགའ་ཡར་རྒྱུག་མར་རྒྱུག་གིས་རྩེད་མོ་སྣ་ཚོགས་ལ་གཡེང་གིས་འདུག་ལ། ཆེས་སྤྱིར་བཏང་གི་ངང་ཚུལ་དེས་རང་གི་དྲན་པའི་ངོས་སུ་བརྗེད་པར་དཀའ་བའི་མྱོང་ཚོར་ཟབ་མོ་ཞིག་བཞག་སོང་།
   སྐབས་དེར་སྟབས་ལེགས་པ་ཞིག་ལ་པར་ཆས་ཀྱང་ལག་ཏུ་བཟུང་ཡོད་པས་དགའ་སྐྱོ་གང་ཡིན་མི་ཤེས་པའི་སེམས་བྱུང་གློ་བུར་བ་ཞིག་གིས་དུས་སྐབས་དེ་མ་འཆོར་བར་བྱས་ནས་ཚོན་མེད་པར་གཟུགས་སུ་བརྒྱབ་པ་ཡིན།
   ནམ་ཞིག་ལ་བྱིས་པ་འདི་དག་བདེ་བར་སློབ་གྲྭར་འགྲིམས་ཏེ་རིག་གནས་ཀྱི་རྒྱ་མཚོར་འཇུག་པའི་སྐལ་བ་ལྡན་ནམ།   ཁོ་ཚོ་མི་རེ་རེའི་མ་འོངས་བའི་ལས་དབང་ནི་ཅི་ལྟ་བུ་ཞིག་ཡིན་ནམ།
                  2010ལོའི་དགུན་དུས་ཀྱི་མཚན་མོ་ཞིག་ལ་བྲིས།

 

 པར་རིས་དང་པོ།    ཕྱི་རོལ་དང་བདག
 
  པར་རིས་གཉིས་པ།   ངས་ཀྱང་ཁམ་གང་བཟའ།
 
  པར་རིས་གསུམ་པ།   མཉམ་པར།
 
 པར་རིས་བཞི་བ།    ང་ལོ་བདུན་ལ་བུད་ཟིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་སར་དང་སེམས་ཁྲལ།

2013-05-02 རི་སྔོན་བླ་མ་ཐར། ཀློག་གྲངས། མཆན ཡོད།

  2008ལོར་ང་རང་གྲོང་གསེབ་ཅིག་ཏུ་ཕྱིན་ནས་བདུན་ཕྲག་གཅིག་ཙམ་ལ་བསྡད་མྱོང་ཡོད།   ལོ་སར་དང་དུས་མཉམ་པས་དབེན་སིམ་པའི་ལུང་ཀྱོག་འདི་ལ་ཡང་ནམ་རྒྱུན་དང་མི་འདྲ་བར་དུས་ཆེན་གྱི་ཡོ་ལང་གི་རྣམ་པ་གསར་བ་ཞིག་གསར་རྒྱས་འདུག   དུད་ཁྱིམ་བདུན་ལྷག་གིས་གྲུབ་པའི་གྲོང་གསེབ་ཀྱི་རུ་སྡེ་ཆུང་ཆུང་འདིར་འགྲིམ་འགྲུལ་སོགས་སྟབས་མི་བདེ་བ་ལ། ལོ་གསར་བ་ཞིག་ཚེས་ཐེངས་རེར་བྱིས་པ་དག་ནར་སོན་ནས་སློབ་གྲྭར་འགྲོ་བའི་དུས་ལ་ཐོན་པ་དང་སློབ་གྲྭར་འགྲོ་བའི་ལམ་ཐག་རིང་བ་དྲན་ཡོང་ཞིང་“དབྱར་ཁའི་ཆར་དང་དགུན་གྱི་ཁ་བ”བསམས་ན་སློབ་ལོ་རན་པའི་བྱིས་པ་དག་ནི་སྡེ་མི་དག་གི་སེམས་ཁྲལ་ཆེས་ཆེ་བ་ཞིག་ཏུ་གྱུར་ཡོད་པ་རྟོགས།   ཉིན་ཞིག་ང་རང་སྒོ་རའི་ནང་དུ་ཉི་མར་ལྡེ་ཡོད་པའི་ཚེ་བྱིས་པ་ཆུང་ཆུང་འགའ་ཡར་རྒྱུག་མར་རྒྱུག་གིས་རྩེད་མོ་སྣ་ཚོགས་ལ་གཡེང་གིས་འདུག་ལ། ཆེས་སྤྱིར་བཏང་གི་ངང་ཚུལ་དེས་རང་གི་དྲན་པའི་ངོས་སུ་བརྗེད་པར་དཀའ་བའི་མྱོང་ཚོར་ཟབ་མོ་ཞིག་བཞག་སོང་།
   སྐབས་དེར་སྟབས་ལེགས་པ་ཞིག་ལ་པར་ཆས་ཀྱང་ལག་ཏུ་བཟུང་ཡོད་པས་དགའ་སྐྱོ་གང་ཡིན་མི་ཤེས་པའི་སེམས་བྱུང་གློ་བུར་བ་ཞིག་གིས་དུས་སྐབས་དེ་མ་འཆོར་བར་བྱས་ནས་ཚོན་མེད་པར་གཟུགས་སུ་བརྒྱབ་པ་ཡིན།
   ནམ་ཞིག་ལ་བྱིས་པ་འདི་དག་བདེ་བར་སློབ་གྲྭར་འགྲིམས་ཏེ་རིག་གནས་ཀྱི་རྒྱ་མཚོར་འཇུག་པའི་སྐལ་བ་ལྡན་ནམ།   ཁོ་ཚོ་མི་རེ་རེའི་མ་འོངས་བའི་ལས་དབང་ནི་ཅི་ལྟ་བུ་ཞིག་ཡིན་ནམ།
                  2010ལོའི་དགུན་དུས་ཀྱི་མཚན་མོ་ཞིག་ལ་བྲིས།

 

 པར་རིས་དང་པོ།    ཕྱི་རོལ་དང་བདག
 
  པར་རིས་གཉིས་པ།   ངས་ཀྱང་ཁམ་གང་བཟའ།
 
  པར་རིས་གསུམ་པ།   མཉམ་པར།
 
 པར་རིས་བཞི་བ།    ང་ལོ་བདུན་ལ་བུད་ཟིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།