གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧྥན་གོ། ཁྱོད་རང་གཏན་ནས་ཁེར་རྐྱང་མིན།

2015-10-12 11:00:52 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

C7495426@8F7E3D3D.6D0F5355.jpg
ཧྥན་གོ་ཡིས་རང་ཉིད་བྲིས་པ་དག་ཕྱོགས་གཅིག་དུ་བསྡུས་པ།

EBC7839A@6A936463.6D0F5355.jpg

ཁོ་རང་སྐྱེས་པ་བཟུང་ནས་རི་མོ་བྲིས་པ་ཡིན་ལ་ཁོ་རང་གཤེགས་རྗེས་ས་ཞིང་གསེར་དུ་གྱུར། ཕོ་རོག་ཁག་གཅིག་གིས་བྲེད་སྐད་སྒྲོག་ཞོར་ནམ་མཁའི་ཕྱོགས་སུ་འཕུར།

28B856F4@E7A32052.6D0F5355.jpg

  ༡༨༨༨ལོའི་ཟླ༢པར། ཧྥན་གོ་རྙོག་འཛིང་གི་གྲོང་ཁྱེར་དང་ཁ་གྱེས་ནས་ཧྥ་རན་སའི་ལྷོ་ཕྱོགས་ཀྱི་ཞིང་སྡེ་ཞིག་ལ་ཐོན། ཁོ་རང་དེ་མ་ཐག་འོད་མདངས་རབ་དུ་འཚེར་བའི་ཉི་འོད་དང་འབྱམས་ཀླས་པའི་ཞིང་སྡེ་འདི་ནས་བཟི་བའི་མྱོས་པ་ལྟ་བུར་གྱུར། རང་བྱུང་ཁམས་ལ་འདི་ལྟ་བུའི་མཚར་སྡུག་རྣམ་པར་བཀྲ་བའི་ཁ་དོག་ཅིག་ཡོད་དམ། ཁོར་མིག་མདུན་གྱི་ཡུལ་ལྗོངས་ཀྱིས་དངངས་འདར་སྐྱེ་རུ་བཅུག་ལ་མིག་ཆུ་བཞུར་ཞོར་ཉི་མིའི་ཕྱོགས་སུ་བརྒྱུགས། ཚེ་སྲོག་གི་འདོད་རྔམ་ཞིག་གིས་ཉི་མའི་འོད་མདངས་རབ་ཏུ་འཕྲོ་བ་དེ་རྗེས་བསྙེགས་སོང་།

8845176C@1AC32A31.6D0F5355.jpg

  ས་གནས་ཀྱི་མི་དག་མི་འདི་ལ་ཡ་མཚར་བར་གྱུར། ཁོའི་ནམ་རྒྱུན་ཉི་མ་མ་ཤར་གོང་ནས་རི་མོའི་སྒམ་ཆུང་དང་རྒྱུ་ཆ་དང་སོགས་ཁུར་ནས་ཞིང་སྡེའི་ཕྱོགས་སུ་བརྒྱུགས། ཁོའི་གཏན་ནས་ཞྭ་མོ་མི་གོན་ལ་མིག་གི་དཀྱིལ་དུ་དྲག་དུ་འབར་པའི་མེ་ལྕེ་ཞིག་ཤར་ཡོད། མི་གཞན་དང་གཏན་ནས་ཁ་བརྡ་མི་བྱེད། དགོང་དྲོ་ཁོ་ཕྱིར་སླེབས་དུས་མིག་གཉིས་ད་སོ་མར་འབར་ཚར་བའི་འབར་ཞུན་ཞིག་དང་འདྲ་ལ་མགོ་བོ་འཚིག་ནས་དམར་པོ་གྱུར་ཡོད། སྐྲ་ལོ་མང་པོ་ཞིག་ཀེར་རེར་ལངས་ཡོད། ལག་ཁུག་དུ་རི་མོའི་རྒྱུ་ཆ་དང་ད་དུང་སྐམ་མེད་པའི་རི་མོ་འགའ་བཟུང་ཡོད། མང་ཚོགས་ཀྱིས་ཁོ་རང་མཐོང་སྐབས། ཚང་མས་ཕན་ཚུན་གྱི་རྣ་ནང་ལ་མི་འདི་སྨྱོས་འདུག་ཅེས་ལབ་ཀྱིན་ཡོད།

4EB47CF0@3E722679.6D0F5355.jpg

  ལོ་དེའི་ལོ་མཇུག་ལ། ཉི་མའི་བསྲེགས་ཚར་བའི་ཧྥན་གོ་ཡིས་རྩ་བ་ནས་ཉི་མའི་ཚ་གདུགས་བཟོད་མི་ཐུབ་པར་གྱུར། བཀག་འགོག་བྱེད་ཐབས་མེད་པའི་ཟང་ཟིང་ཞིག་གིས་ཁོའི་རྣམ་ཤེས་འཕྲོག་པར་བྱས། ཁོའི་ལག་ལ་གྲི་ཆུང་ཞིག་བཟུང་ནས་ཞིང་གྲོང་གི་ཕྱོགས་བཞིར་འཆམ་འཆམ་བྱས། སྐབས་ཏག་ཏག་ལ་ཁོའི་གྲོགས་པོ་རྒོ་རྒུན་ཉེ་ལོགས་སུ་ཡོད། གློ་བུར་དུ་ཁོ་རྒོ་རྒུན་ཕྱོགས་སུ་བརྒྱུགས། འོན་ཀྱང་རྒོ་རྒུན་གྱི་ལྷིང་འཇགས་ཀྱི་མིག་མདངས་ལས་ཁོ་ཕྱིར་བསྣུད་བྱས། གློ་རྡེག་དུ་ཁོའི་རང་གི་རྣ་བ་གཡས་པ་བཅད་འདུག སྙིང་རྗེ་བའི་ཧྥན་གོ་ཡི་རྣ་བ་གཡས་པ་རྣོ་ངར་གྱིས་མྱོས་པའི་གྲི་ཆུང་གི་ཁ་ནས་མགོ་བོ་དང་ཁ་བྲལ་བར་བྱས།

33247C2D@30554174.6D0F5355.jpg

  བློ་ཡུལ་ལ་མ་ཤར་བ་ཞིག་ལ་ཚང་མས་མིག་ནང་གི་སྨྱོན་པ་དེ་འཛམ་གླིང་ན་ཆེས་མིང་དུ་གྲགས་པའི་རི་མོ་བ་ཧྥན་གོ་རེད། དུས་སྐབས་འདིའི་རིང་ལ། མཛེས་སྡུག་ལྡན་པའི་ཞིང་གྲོང་འདི་ནས་ཁོའི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་རླབས་ཆེ་བའི་སྣུམ་བྲིས་བརྩམས་ཆོས༼ཉི་དགའ་མེ་ཏོག ༽བྲིས་ཚར།

54EE84F6@2A42BD7B.6D0F5355.jpg

  ༼ཉི་དགའ་མེ་ཏོག ༽བྲིས་ཚར་བའི་ལོ་དེར་དགུང་ལོ༣༧གྱི་ཧྥན་གོ་དལ་མོར་ཕྱི་རོལ་གྱི་ཞིང་གྲོང་ཆུང་ཆུང་ཞིག་ཉུལ་མགོ་བརྩམས། ལག་འཛིན་མེ་འདའ་ཞིག་གིས་རང་ཉིད་ཀྱི་གསུས་ཁོག་ལ་བརྒྱབ་པས་འཇིག་རྟེན་དང་ཁ་གྱེས། ཡིད་ཕངས་པ་ཞིག་ལ་རླབས་ཆེ་བའི་རི་མོ་བ་འདིའི་ཚེ་ཐོག་ལ་རི་མོ་གཅིག་ཀྱང་བཙོང་མ་ཐུབ། ཁོ་ལ་མི་ཚེ་གང་བོར་སྲི་ཞུ་སྒྲུབ་མཁན་གྱི་ནུ་བོ་ཕན་ཆད་ནས་རང་ཉིད་ཀྱི་མི་ཚེའི་ནང་བརྩམས་ཆོས་ཀྱི་རིན་ཐང་རྟོགས་མཁན་གཅིག་ཀྱང་མ་བྱུང་། རང་གི་ནུ་བོའི་ཁོ་ལ་རྒྱབ་སྐྱོར་བྱེད་ཆེད་ཁ་རོག་གེར་རི་མོ་མངག་བཅོལ་ཁང་ནས་རི་མོ་ཞིག་ཨིན་སྒོར་༤་བྱས་ནས་བཙོང་། རང་གི་ཕུ་བོར་འཛམ་གླིང་གི་མི་ཐམས་ཅད་ཁོའི་བརྩམས་ཆོས་དགའ་ཡི་ཡོད་པ་ཤེས་སུ་བཅུག
  ཡ་མཚར་བ་ཞིག་ལ། ལོ་ངོ་བརྒྱའི་རྗེས་ནས་ཁོའི་༼ཉི་དགའ་མེ་ཏོག ༽ཨ་སྒོར་ཁྲི༤༢༠༠བྱས་ཏེ་བཙོང། ༼ཕྱེ་མ་ལེབ་མེ་ཏོག༽ཨ་རི་ནས་ཨ་སྒོར་ཁྲི༧༡༥༠བྱས་ནས་བཙོང་། ཕྱི་མའི་ཡུལ་གྱི་ཧྥན་གོ་ཡི་གནས་ཚུལ་འདི་གོ་ཚེ་ངུས་ན་འོས་སམ་རྟེན་འབྲེལ་ཞུས་ན་འོས།

2AF351E3@D7C3BF2E.6D0F5355.jpg

  དེ་རིང་། ཧྥན་གོ་ཡི་ཕ་ཡུལ་དང་ཧི་ལན་གྱི་ཚུན་ཏུ་ཐི་གྲོང་རྡལ་གྱི་སྤྱི་ལམ་གྱི་ཕྱོགས་གཉིས་ཀར་ཉི་དགའ་མེ་ཏོག་མཚམས་མ་ཆད་པར་བཏབ་ཡོད། དེས་ལོ་རེར་ཧྥན་ཁོ་ཡི་ཆེད་དུ་ཡོང་བའི་འཛམ་གླིང་ག་ས་གང་གི་འགྲུལ་བ་མང་པོ་ཞིག་ལ་སྣེ་ལེན་བྱེད་ཀྱིན་ཡོད། ཚུན་ཏུ་ཐི་གྲོང་བརྡལ་གྱིས་འདི་ལྟར་འཛམ་གླིང་ན་ཚབ་བྱེད་ཐབས་མེད་པའི་ཐབས་ཤེས་ཤིག་གིས་ཉི་དགའ་མེ་ཏོག་ལ་རང་གི་ཤ་ཁྲག་ཟུག་པའི་རི་མོ་བ་འདིར་རྗེས་དྲན་བྱེད་ཀྱིན་ཡོད།

30BC5138@260F134A.6D0F5355.jpg

  ཧྥན་གོ་ནི་༡༨༥༣ལོའི་ཟླ་༣པའི་ཚེས་༣༠ཉིན་ཧི་ལན་བྱང་ཕྱོགས་ཚུན་ཏུ་ཐི་ཡི་འབྲོག་ཁྱིམ་ཞིག་དུ་འཁྲུངས། ཆུང་དུས་ནས་སྨྲ་བ་ཉུང་ལ་གཞུང་དྲང་རྨོངས་རྟུལ། ངོ་ཚ་སླ་བའི་གཤིས་ཀ་ཞིག་ཡོད། ལོ་བཅུ་གཅིག་ནས་ལོ་བཅུ་དྲུག་བར་སློབ་གྲྭར་སོང་། དེ་ནས་ཁོའི་ཨ་ཁུའི་ཀོའུ་ཕུའུ་ཨུར་ལས་ཁུངས་ནས་ལོ་གཅིག་ལ་བྱ་བ་བསྒྲུབས་ལ་ལོན་ཏོན་ནས་ལོ་གཉིས་ལ་བསྡད། རྒྱལ་ཁབ་དང་གྲོང་ཁྱེར་མང་པོ་འགྲིམས་མྱོང་། ཕོ་ལོ་བཅོ་བརྒྱད་ཅན་གྱི་ཧྥན་གོ་ཡིས་རང་ཉིད་ཕུལ་དུ་བྱུང་བའི་རི་མོ་བ་ཞིག་བྱེད་རྒྱུ་སེམས་ཐག་བཅད། ཡིན་ཡང་ཁྱིམ་མི་དང་གཉེན་ཉེ་སོགས་ཀྱི་ཁོ་ལ་གཏན་ནས་རྒྱབ་སྐྱོར་མི་བྱེད། ཁོས་སྔོན་ཆད་རང་གི་ནུ་བོར་བཤད་རྒྱུར“ང་ལ་རི་མོ་བྲི་འདོད་ཀྱི་སེམས་ཁམས་ཁྱད་པར་བ་ཞིག་འདུག”
  ཁོའི་ཐོག་མའི་སློབ་དཔོན་ནི་ཧེ་ཡ་རི་མོ་བ་མོ་ཧྥོ་ཡིན། ཁོའི་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ་ཧི་ལན་རི་མོ་བ་ལོན་པོ་ལང་དང་ཧྥ་རན་སའི་རི་མོ་བ་རྡི་ལ་ཁུ་ལོ་བ། མིས་ལུ་སོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་ལ་སྤྲོ་སེམས་རབ་ཏུ་འཁོལ་བྱུང་། སྒྱུ་རྩལ་དང་འཚོ་བ་གཉིས་ཀྱི་དམ་ཟབ་འབྲེལ་བ་དེ་ཡང་ངོས་ཟིན་སོང་།

F2E72142@1EA52D2A.6D0F5355.jpg

  ཧྥ་རན་སའི་ལྷོ་ཕྱོགས་ཀྱི་ཨ་ཨིར་ནས་བག་ཆགས་རིང་ལུགས་པ་འགའ་ངོ་ཤེས་པ་དང་བསྟུན་ནས་མིང་དུ་གྲགས་པའི་བརྩམས་ཆོས་མང་པོ་ཞིག་ལ་མཇལ་ཐུབ་སོང་བ་དང་། བག་ཆགས་རིང་ལུགས་དང་འཇར་པན་བརྐོས་རིས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས།
  ཁོས༼ ཉི་དགའ་མེ་ཏོག ༽དང་༼ ཨ་ཨིར་གྱི་དཔྱང་ཟམ ༽༼ ཁ་ཀད་པའི་འབྲས་ཤིང་ལྡུམ་ར ༽དང་༼ འཆར་ཀའི་ཞིང་འདེབས་མཁན ༽༼ ཐོབ་འབྲས་ཀྱི་སྣང་བརྙན ༽༼ ཡིག་སྐྱེལ་བ་ལོ་ལེན ༽༼ ཅ་སེ་སྨན་པའི་རྣམ་པ ༽སོགས་བྲིས་ཚར།
  ཧྥན་གོ་ཡིས་རང་གི་འཕྲིན་ཡིག་ལས་བྲིས་དོན།“ངལ་རྩོལ་བ་ཞིག་གི་རྣམ་པ་དང་། ཞིང་ས་ཞིག་གི་ཡོང་འབབ། བྱེ་མ་དུམ་བུ་ཞིག རྒྱ་མཚོ་དང་ནམ་མཁའ་ཡོད་ཚད་རི་མོ་འབྲི་ཆས་ཀྱི་རྒྱུ་ཆ་དམིགས་གསལ་བ་ཡིན། འདི་དག་ཚང་མ་བྲི་སླ་བོ་མིན། དེ་དང་བསྟུན་འདི་དག་ཚང་མ་ཧ་ཅང་ཡག་པོ་ཡོད། མི་ཚེ་གཅིག་གི་མཚོན་དོན་མང་པོ་ཞིག་འདི་དག་གི་སྙན་ངག་བྲོ་བའི་ནང་སྦས་ཡོད། ཡོད་ཚད་བློས་བཏང་ན་རིན་ཐང་ཡོད་པ་ཞིག་རེད། ”སྔོན་ཆད་ཧྥན་གོའི་རི་མོའི་ནང་འབྲི་མྱོང་བའི་ཅ་སེ་སྨན་པས་བཤད་པ་ལྟར་ན།“ཧྥན་གོའི་བརྩེ་དུང་དང་ཧྥན་གོ་ཡི་ལྷན་སྐྱེས་ཤེས་རབ། ཧྥན་གོ་ཡིས་གསར་གཏོད་བྱས་པའི་རླབས་ཆེ་བའི་མཛེས་ཉམས། འདི་དག་དུས་གཏན་དུ་གནས་ཡོད་ལ་ང་ཚོའི་འཇིག་རྟེན་ལ་ཁ་དོག་རྣམ་པར་བཀྲ་བ་ཞིག་བགོ་བཞིན་ཡོད།

  01FBB06gjlsjgl .jpg

  ཧྥན་གོ་ཡི་མི་ཚེའི་ནང་ལོ་ངོ་བཅུ་མི་ལོན་པའི་སྒྱུ་རྩལ་ལམ་བུར་རི་མོ་སྟོང་ལ་ཉེ་བ་ཞིག་བྲིས་ཡོད། འདི་སྣུམ་མཚོན་རི་མོ་འབྲི་བའི་གསར་བཏོད་པ་ཞིག་ལ་མཚོན་ན་ཅུང་བློས་དཔོག་དཀའ་བ་ཞིག་རེད། ལྷག་དུ་རི་མོའི་གྲུབ་མཐའ་མང་པོ་ཞིག་གི་མཛེས་སྡུག་ཁོ་ནའི་རྒྱུན་གནས་བརྩམས་ཆོས་བྲིས་ཡོད། ཁོ་ལ་ཆ་རྒྱུས་མེད་པའི་མི་ཞིག་དང་། དུས་རྒྱུན་ཉེ་འཁོར་ན་འཕྱ་དགོད་དང་ཟུར་ཟའི་ནང་ཤོར་བའི་མི་ཞིག་ལ་ཆེས་ཚོད་འཛིན་བྱེད་མི་ཐུབ་པའི་སྒུལ་ཤུགས་གང་དུ་འདུག སུ་ཞིག་དོན་དངོས་ཀྱི་ཁོ་དང་ཉེ་སར་བཅར་མྱོང་། སུ་ཞིག་གིས་གསལ་བོར་ཤེས་ཡོད། ཧྥན་གོའི་གཏམ་རྒྱུད་སྒྱུར་སྐབས་ཡེ་གང་ཀྲིང་ཀྱིས་བཤད་རྒྱུར“ངས་དཔེ་ཆ་འདི་སྒྱུར་སྐབས་ང་རང་ན་བཞིན་ཡོད། བག་ཕེབས་ཀྱི་ཚེ་སྲོག་ནང་། འདི་ལྟ་བུའི་ཚེ་སྲོག་གི་དཀའ་ཁག་མང་པོ་བརྒྱུད་སྐབས་ངས་རང་གི་དཀའ་ཁག་ཆུང་ཆུང་དག་ངོ་མ་བརྗེད་ཟིན།”
  ཧྥན་གོ་ཡི་མི་ཚེ་གང་བོར་རང་ཉིད་ལ་ལྷན་ཤེས་ཀྱི་ཤེས་རབ་ཡོད་པ་ཤེས་མེད། ཐ་ན་ཁོའི་རང་ཉིད་ལ་རི་མོ་བ་ཞེས་འབོད་ཡང་མི་ཕོད། ཁོའི་རི་མོར་ཡིད་སྨོན་བྱེད་མཁན་ནི་རང་གི་རི་མོ་བཙོང་སའི་ནུ་བོ་གཅིག་པུ་ཡིན། ཁོའི་མི་ཡུལ་གྱི་ཆེས་ཕུལ་དུ་བྱུང་བའི་རི་མོ་དག་བྲིས་ཚར་རྗེས་རང་སྲོག་བཅད་ནས་མཐའ་མེད་པའི་ཁེར་རྐྱང་གི་མཇུག་བསྡུས། ཧྥན་གོའི་མི་ཚེའི་ནང་ཆེས་བདེ་སྐྱིད་ལྡན་པ་ནི་རང་གི་ནུ་བོས་རང་ལ་རྒྱབ་སྐྱོར་བྱས་པ་དེ་ཡིན་ཡང་སྲིད། མི་ཚེ་གང་བོར་ཁོའི་འཚོ་གནས་ལ་རོགས་རམ་བྱེད་ཆེད་ནུ་བོའི་སྒོར་མོར་མ་བལྟས་པར་ཁོ་ལ་ཟླ་རེར་སྒོར་མོ་སྐུར་གྱིན་ཡོད། ཡིན་ཡང་ཁོས་བསྐུར་བའི་སྒོར་མོ་ཟླ་ཕྱེད་མ་འགོར་བར་བཀོལ་ཚར་བས་ནུ་བོར་ཐབས་བཀོད་མེད་པར་ཟླ་རེར་ཐེངས་གཉིས་རེ་བསྐུར། དེའི་རྗེས་ནས་ཟླ་རེར་ཐེངས་གསུམ་རེ་བསྐུར།

  804C4B9D@9A3D2203.6D0F5355.jpg

  ཡ་མཚར་བ་ཞིག་ལ། ཧྥན་གོ་ཡི་མི་ཚེ་གང་བོར་དབུལ་བོའི་འཚོ་བ་རོལ་ཡང་ཁོས་རི་མོ་འབྲི་བ་བསྐྱུར་ནས་སྒོར་མོ་བཙལ་བའི་ཕྱོགས་ལ་རྩ་བ་ནས་འདང་བརྒྱབ་མ་མྱོང་། ཁོའི་ནུ་བོ་ཐེའུ་ཨོ་ནི་ཁོའི་མི་ཚེའི་འཚོ་གནས་ལ་རོགས་རམ་བྱེད་མཁན་གཅིག་པུ་ཡིན་ལ་ཁོའི་སྒྱུ་རྩལ་ལ་རྒྱབ་སྐྱོར་བྱེད་མཁན་གཅིག་པུ་ཡང་ཡིན། ཐེའུ་ཨོ་ལ་སྒྱུ་རྩལ་མྱོང་རོལ་བྱེད་པའི་གོ་རྟོགས་མཐོན་པོ་ཡོད། ཁོའི་མི་ཚེ་གང་བོར་རང་གི་ཕུ་བོའི་སྒྱུ་རྩལ་བརྩམས་ཆོས་མཐའ་དག་ཆེས་ཕུལ་དུ་བྱུང་བར་འདོད་ཡོད། ཁོའི་རང་གི་ཕུ་བོའི་བརྩམས་ཆོས་མཐའ་དག་བློ་རྩེ་གཅིག་བསྒྲིམས་གྱིས་བདག་དམ་ནན་མོ་བརྒྱབ་ཡོད།

  586F2FCE@706F4C5D.6D0F5355.jpg

  ཧྥན་གོ་འདས་ནས་ལོ་ངོ་བརྒྱ་འགོར་བའི་དེ་རིང་། ཁོ་རང་སྐྱེས་ཡུལ་གྱི་ཧི་ལན་ས་ཆ་དང་རང་སྲོག་གཅོད་སའི་ཧྥ་རན་སི་གཉིས་ཀའི་ཧྥན་གོ་རང་གི་རྒྱལ་ཁབ་གྱི་རྒྱལ་དམངས་ལ་བརྩིས་ཡོད་ལ་ཁོའི་ཆེད་དུ་རྒྱ་ཁྱོན་ཆེ་བའི་མཛེས་རྩལ་ཐོག་ཁང་ཆེན་པོ་ཞིག་བཞེངས་ཡོད། ཧྥན་གོ་མི་ཡུལ་དུ་ཡོད་སྐབས་ཁོ་ལ་སེམས་འདུན་ཞིག་ཡོད་པ་ནི“ནམ་ཞིག་ལ་ངས་ཁོ་ཧྥེ་ཁང་ཞིག་རྙེད་ནས་རང་གི་བརྩམས་ཆོས་དག་འགྲེམས་སྟོན་བྱེད་ཐུབ་པ”དེ་ཡིན། མི་ཡུལ་ན་ཡོད་དུས་ཀྱི་ཁེར་རྐྱང་གི་གཏིང་དུ་ཟུག་པའི་ཧྥན་གོ་ཡིས་ནམ་ཞིག་ལ་འདི་དག་ངོས་ཟིན་པར་ཡིད་ཆེས་བྱེད་ལ་སྐབས་དེ་ནི་ཏག་ཏག་བདེ་སྐྱིད་ལྡན་པའི་འཛུམ་མདངས་ཤིག་ཡོད་ཉིན་ཡིན།

  93E45B97@BD9CC30C.6D0F5355.jpg
  ཧྥན་གོ་ཡིས་རླབས་ཆེ་བའི་ཤེས་ཡོན་དང་དཀའ་སྡུག་གིས་མི་ཚེ་བསྐྱལ། ཡིན་ཡང་ཁོའི་དགའ་བསུའི་ཐག་སྒྲ་གོ་ཁོམ་མ་སོང་གོང་མིག་ཆུ་ལྷུང་ཞོར་འཇིག་རྟེན་དང་ཁ་གྱེས་སོང་། དེ་ཡིན་ཡང་། ཁོ་རང་ཉིད་ཀྱི་བརྩོན་སེམས་དང་འབད་འབུངས་ཀྱིས་མིའི་རིགས་ཀྱི་རི་མོའི་སྒྱུ་རྩལ་གྱི་རྩེ་མོ་བསྙེགས་ཐུབ་སོང་།

  C3B4895E@80F94374.6D0F5355.jpg

  ང་རང་ངའི་ཡུལ་གྱར་གྱི་སྟོང་ཁམས་ལ་དགའ
  རབ་ཏུ་བཞད་པའི་བསམ་ཚུལ་དག་ནི
  ཀྱག་ཀྱོག་དུ་འགྲོ་བཞིན་པའི་དོན་དངོས་ཡིན

  མཛེས་སྣང་གིས་འདོད་རྔམ་བསླངས་ཡོང
  མི་ཚེ་འདི་ལ་ཡང
  ཀྱག་ཀྱོག་དང་ན་ཟུག་མོད་པོ་ཞིག་ཡོད
  ངའི་འཇིན་རྟེན་འདིར
  དུས་གཏན་དུ་འོད་སྣང་གི་བཀྲགས་མདངས་རབ་ཏུ་འཚེར

  ང་ཚོ་སྐྱེས་པ་ནས་ཁེར་རྐྱང་ཡིན
  ང་ཚོ་སྐྱེས་པ་ནས་ཁེར་རྐྱང་ཡིན
  ཁྱོད་ལ་ཅི་ཞིག་ཡོད་ཀྱང་ཆོག
  ང་ཚོ་སྐྱེས་པ་ནས་ཁེར་རྐྱང་ཡིན
  ངས་ཁྱོད་ལ་ཡང་བསྐྱར་ཐེངས་གཅིག་བལྟ་ཆོག་པར་ཞུ
  ནམ་མཁའ་དང་མུན་ནག

                                 ཞགས་ཐག་གིས་བསྒྱུར།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།