གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པད་མ་ཚེ་བརྟན་གྱི་བརྩམས་ཆོས《ཐར་ལོ》ལ་གསེར་རྟ་བྱ་དགའ་ཐོབ་པ།

2015-11-22 22:59:59 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

 

 1448114713458.jpg
 པད་མ་ཚེ་བརྟན་གྱིས་གསེར་རྟ་བྱ་དགའ་ལེན་གྱིན་པ།

  རྒྱ་སྐད་གློག་བརྙན་གྱི་དུས་སྟོན་དང་བྱ་དགའི་རིམ་པ་ཆེ་ཤོས་ཀྱི་གྲས་ཏེ། སྐབས་ང་གཉིས་པའི་ཐེ་ཝན་གྱི་གསེར་རྟ་གློག་བརྙན་བྱ་དགའི་མཛད་སྒོ་དེ་ཟླ་བཅུ་གཅིག་པའི་ཚེས་༢༡ཉིན་གྱི་མཚན་མོ་གྲོང་ཁྱེར་ཐེ་པེ་ནས་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་མཛད་སྒོ་རུ་རྒྱལ་སྤྱིའི་སྒང་དང་རྒྱ་མིའི་སྤྱི་ཚོགས་སུ་སྐད་གྲགས་ཆོད་པའི་གློག་བརྙན་འཁྲབ་ཁྲིད་པ་དང་། གློག་བརྙན་གྱི་སྤྱན་སྐར། གློག་བརྙན་བཟོ་མཁན། གློག་བརྙན་གྱི་ལས་ཀ་བ་སོགས་མི་བརྒྱ་ཕྲག་ཁ་ཤས་འཛོམས་ཤིང་འདས་པའི་ལོ་གཅིག་གི་རིང་ལ་བྱུང་བའི་གློག་བརྙན་གྱི་འབྲས་བུ་ཡག་པོ་དག་ལ་བྱ་དགའ་བསྩལ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པ་དང་། བོད་ཀྱི་སྒྱུ་རྩལ་བའམ་སྙན་ངག་པ་ཞི་བདེ་ཉི་མ་དང་གཞས་མ་གཡང་ཕྱུག་མཚོ་སོགས་ཀྱིས་འཁྲབ་པའི་བོད་སྐད་ཀྱི་གློག་བརྙན《ཐར་ལོ》ཞེས་པ་ཐེངས་འདིའི་བྱ་དགའི་འོས་མིང་བཞིའི་གྲས་ལ་ཚུད་པ་དང་། མཐར་བརྩམས་སྒྲུང་ལས་བཅོས་པའི་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ། ཐེ་ཝན་གྱི་སྐད་གྲགས་ཅན་གྱི་གློག་བརྙན་འཁྲབ་ཁྲིད་པ་ཧོ་ཞའོ་ཞན་གྱི་གློག་བརྙན《ལྐོག་གསོད་པ་ཉེ་ཡེན་ཉང》ཞེས་པར་གློག་བརྙན་རྩེ་གྲ་དང་། འཁྲབ་ཁྲིད་པ་རྩེ་གྲ་སོགས་ཀྱི་བྱ་དགའ་ཐོབ། 


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ཞེན་ལང་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།