ལྷམ་ཀོག་གི་སྙན་ངག་རིང་མོ། རྨི་ལམ་རིང་བའི་གྲྭ་བ།

ཆོས་རྣམས་རྟེན་འབྲེལ་གྱིས་གྲུབ་པའི་སྡིངས་ཆའི་འོག
ཇོ་ཤཀ་གི་ལུས་ལ་སྒྲོན་པའི་སྐུ་གཟན་སེར་བོ
བོད་མིའི་སྤྱི་གཙུག་གི་རལ་བས་བཏེགས་ཤིང
སེམས་ནས་སེམས་སུ་བཞུར་བའི་འོད་ཟེར་གྱི་སྦུ་གུ་དེ
གཙང་བོ་དང་ཀོ་གྲུ  རི་བོ་དང་སྨུག་པས་ཁུར་ནས་འགྲོ་དུས
ཡ་གིའི་ཤེལ་གྱི་སྒྲོམ་ཆུང་ལས་བཏོན་པའི་བཀའ་ཡིག་དེ་ཡང
གྲྭ་རྐྱང་ལྡོམ་བུ་བ་ཞིག་གིས་རི་ངོས་སུ་ལྷན་པ་བཞིན་སྦྱོར་གྱིན
ཡར་ཀླུང་གཤོག་ཁ་ནས་གྱར་བའི་རྟ་ཁྱུ་འདེད་དུས
རི་བོ་ལ་སྤྲིན་པའི་ན་བུན་ལྕི་འམ  མཚོ་མོ་ལ་ཉར་མའི་འགུལ་ཤུགས་འཁྱུག་གམ
 
གྲྭ་ཤག་གི་སྒེའུ་ཁུང་དེ
བཅོམ་ལྡན་གྱིས་དྲིལ་བུ་གསིལ་བའི་གནས་མཆོག་དེ་དང་འདྲ་བར
དབུས་ལ་སྙེགས་པའི་བོང་བུ་གསེར་གྱི་གླེགས་བམ་འཁུར་མཁན་དེ་དང་འདྲ་བར
ཁེར་རྐྱང་ནས་ཁེར་རྐྱང་གི་ངང་དུ་ལུས་ཤིང
སྔས་འགྲམ་ན་རླུང་གིས་ཡོམ་པའི་མར་མེ་ཡི་འོད་ངོགས་སུ
ཤིན་ཏུ་དག་པའི་ལྡེབས་རིས་ཤིག་དཔྱངས་ཡོད་པ་ནི
གང་ལ་ཡང་འཛིན་པ་མེད་པའི་ཐིག་ལེ་ཞིག
ཐིག་ལེ་དེ་འགུལ་ཞིང་རབ་ཏུ་འགུལ་བའི་ངང་དུ
ཙོང་ཁ་བའི་གཞིས་ཁྱིམ་ན་བོར་བའི་ཙན་དན་གྱི་སྡོང་བོ་དེ་དང
ཚངས་དབྱངས་པའི་སྐྱིད་ཆུའི་འགྲམ་དུ་བསྐྱུར་བའི་གཞས་ཆུང་དེ་ཡིས
པོ་ཏཱ་ལ་ཡང་དཀྱུལ་ཀྲུང་ལས་ཏིང་ངེ་འཛིན་གྱི་ཀློང་དུ་བསྐྱལ་ཅིང
རྟག་པར་དམིགས་བཅོས་ཀྱི་སེམས་སུ་དཔྱངས་པའི་རི་བོ་སྔོན་པོ
གྲྭ་རྐྱང་དེའི་གཟན་འོག་ཏུ་མེ་མདའ་བཞིན་བཙིར་ནས་འགྲོ་བར་བལྟས་ཡོད
 
འཕྲུལ་གྱི་གླང་བོ་དང་དེའི་ཁོག་གི་དྲ་བ་དྲ་ཕྱེད་ཀྱི་བསྣོལ་མ་ནི
གྲྭ་རྐྱང་གིས་དབུས་སུ་འཕྲིན་ཡིག་ཅིག་བསྐུར་བའི་དབུ་ལྷེ་ངོས་སུ་འཚེར་ཞིང
རྟག་པར་སྒོམ་སྒྲུབ་ལ་བརྩོན་སའི་བསྐལ་བའི་ཕུག་པ་རུ
ལྒང་ཞུ་ལྟ་བུའི་གློག་སྒྲོན་གྱི་ཏོག་ཙེ་དག་ལ་ཁྲོ་མཛུབ་ཀེར་ནས
གཙང་བོ་འདི་དང་ ནགས་ཀློང་འདི
ད་དུང་གངས་རི་འདི་ནི་མ་བཅོས་པའི་མཛེས་སྡུག་གི་དཀོན་མཆོག་ཡིན་པས
སྒྱུ་མའི་ངང་ལས་སྒྱུ་མར་འཕྲུལ་བའི་ཉིང་ཏིག་གི་སྙིང་བོ་ཡིན་པས
ངའི་མཐའ་མཇུག་གི་གནས་མལ་དུ་སྐྱུར་རོགས་ཟེར
 
གྲྭ་རྐྱང་ཞིག་གི་རྨི་ལམ་རིང་བོ་ནི
སྒལ་གཞུང་ལ་ལྕགས་ཀྱི་ཀ་བ་བསླངས་འདྲའི་མཁྲེགས་གཟུགས་སུ་གྲུབ་ཅིང
ཁ་བའི་འདབ་མ་ལ་དབུ་ལོ་བཙེམས་ཏེ་ཕྱིན་ཚར་བའི་ལོ་ཟླ་འདི་ཙམ་གྱི་རིང་ལ
ཟློས་གར་ཁང་ཞིག་གི་འཁྲབ་སྟེགས་སུ་འཁྲབ་ཡོལ་ཕྱེས་ཉིན་ནས
འུར་ཟིང་ལ་བྲེལ་བའི་འཁོར་བ་འདི་གཡས་ལོགས་སུ་བཞག་ཏེ
རང་གི་བྲང་ཁ་གཤགས་ནས་ནོར་བུ་ཞིག་བཏོན་ཡོད་པ་ནི
བདག་པོ་སུ་ལ་སྤྲོད་དགོས  བདག་པོ་སུ་ལ་སྤྲོད་དགོས
 
སྐྱུར་ཅང་ཅང་གི་འདུས་བྱས་ཀྱི་མགྲོན་པོ་དག
ཙན་དན་གྱི་འཕྲེང་བ་བརྒྱད་དང་བརྒྱད་ཀྱི་བུ་ག་རེ་རེར་བཅུག་ནས
རྐང་བ་ཡ་གཅིག་གིས་ཐྲིག་སྒྲ་མཐོ་རུ་གཏོང་དུས
སྟོང་བའི་ངང་ལས་ཀུན་རྫོབ་ཀྱི་མིག་གི་ཟུར་མདའ་སྟོན་མཁན་དེ
དབུས་ཀྱི་བུ་མོ་ཞིག་ཡིན་ཞིང
པང་ཁེབས་ཀྱི་ལྟེབས་སུ་གཡས་རུ་དང་གཡོན་རུའི་བླ་སྐར་གྱི་གཙང་བོ་བཞུར་བས
ཚམ་ཚོམ་མེད་པར་རང་གི་ལུས་པོ་ཆ་ཚང་ཀོ་གྲུ་ཞིག་ཏུ་གཏོང་མགོ་བརྩམས་ཤིང
རླུང་གཡོར་དང་གྲུ་ཁེམ་མཐའ་དག་གི་ཚབ་ཏུ
ལྷུང་བཟེད་དང་འཁར་གསིལ་གྱི་བགྱི་བ་དང་བླངས་ནས
མདུན་དུ་སྐྱོད་མགོ་བརྩམས་ཡོད
 
དབུས་ཀྱི་ཆོས་གྲྭ་ནས་རྙེད་པའི་སེམས་བསྐྱེད་དག་ནི
གཙུག་ལག་ཁང་གི་གྱང་ངོས་སུ
དཀར་བོ་དང་དམར་བོ     སེར་བོ ལྗང་གུ་བཅས་ཀྱིས་གྲུབ་ཅིང
རྒྱང་རིང་ནས་བལྟས་ན་ཕ་གཞིས་སྲུང་བའི་སོ་ཉུལ་བ་ཞིག་དང་མཚུངས
སོ་ཉུལ་བ ལྷམ་སྒྲོག་བལ་སྐུད་ཀྱིས་བསྡམས་པའི་ཉིན་ཧྲིལ་བོར
ཁྱོད་ཀྱི་རྨི་ལམ་རྒྱ་མཚོར་འདྲེས་སྲིད་ལ
ཁྱོད་ཀྱི་སྐུ་ཕུང་ལ་མེ་ཏོག་གི་འདབ་མ་འཐོར་སྲིད་པས
ཁྱོད་ཀྱིས་ཚེ་གཅིག་ལུས་གཅིག་ལ་བསྒྲུབས་པའི་རྣལ་མའི་སྒྲིབ་སྔྱོང་དེས
གངས་རི་ཏི་སི་ཡི་གནས་སྒོ་ཁྱོད་ལ་དབང་ཆོག
 
བུད་མེད་ཅིག་གིས་ལག་པ་ཡ་གཅིག་བཀྱགས་ནས
ངའི་སྐྱེ་གནས་ལ་རུས་རྒྱུད་མི་གཅིག་པའི་མགྲོན་པོ་འོང་དུས
ཁྱོད་ཀྱི་བླ་རི་ལ་ལབ་ཙེ་རྩིག་མཁན་དག་གི་རྣ་བར་གཟོན་པའི་འཛེར་སྐད་དེས
གནས་བདག་དང་ ས་བདག ཆུ་ལྷ་རླུང་ལྷ་དག་ལ་སུན་སྣང་བཟོ་དུས
ཁྱོད་ཀྱི་ཏིང་ངེ་འཛིན་གྱི་སྐྱབས་སྦྱིན་གྱི་ཕྱག་བརྒྱས
སུ་ཞིག་ལ་མཆོག་གི་དངོས་གྲུབ་ཀྱི་དབང་གནང་དགོས་ཚེ
གྲྭ་རྐྱང་དེའི་ལུས་ཀྱི་རྔུལ་ཆུའི་ཐིགས་པ་ལ་ཉི་འོད་འཚེར་ཞིང
ཉི་འོད་དེ་དཀྱིལ་འཁོར་ཞིག་ཏུ་བསྒོམས་ཤིང
ལུས་ཀྱི་བ་སྤུ་དང་བ་སྤུའི་རྩེ་ན་སྐྱོམས་པའི་བྱིའུ་མཐའ་དག
རི་རབ་ཀྱི་རྩེ་མོར་སྤུར་ཡོད
 
འདུས་བྱས་མི་རྟག་པར་སྒོམ་པའི་ཉིན་དེ་ནས
རང་ལ་འཐོབ་འོས་པ་མཐའ་དག་ཅམ་གྱིས་བཞག་ཀྱང
ལམ་གྱི་རིམ་པའི་སྐས་རྐང་གི་ཁྱིམ་གཞིས་ཤིག་ཏུ
སྒྲིབ་པའི་གཡུལ་ལས་རྒྱལ་བའི་སངས་རྒྱས་ཤིག་བཞུགས་པ་དེ
ཨེ་ཤ་ཡི་སྤྱི་གཙུག་ན་འཁྲིལ་བའི་སྤྲིན་པ་དཀར་བོ་དེ་ཡིན་ནམ
ཡང་ན་སྤྲིན་པ་དེའི་འོག་ན་མཁའ་འགྲོའི་རྒྱངས་གླུ་འཐེན་པའི་བུ་མོ་དེ་ཡིན་ནམ
བུ་མོ་དེ་མེ་ཏོག་གི་འདབ་མ་མ་རྙིང་བའི་དག་ཞིང་ཞིག་རེད
དག་ཞིང་དེ་ན སྨོན་ལམ་གྱི་མཛེས་སྡུག་ཡོད་ལ  དད་པའི་མཛེས་སྡུག་ཡོད
ད་དུང་ལུག་ཁྱུ་གཙང་བོ་ལ་འདྲེས་པའི་གཡང་གི་འཁོར་བ་དང
ཆེས་འདུ་འཛི་ཡལ་བའི་མཚན་མོའི་མཛེས་སྡུག་གི་རི་མོ་ཡོད
 
འོན་ཀྱང་གྲྭ་རྐྱང་དེས  ཨར་འདམ་གྱི་གསེབ་ཏུ་ཁུ་ཚུར་སྒྲེང་གིན
རི་ཆེན་དང་རི་ཆུང་ལ་གནས་པའི་སྲིད་པའི་ལྷ་དགུ་འབོད་དུས
ཕོ་སར་ཚོའི་གདོང་གི་འཛུམ་ཆུང་ཡང་རིམ་གྱིས་ཞི་འགྲོ་ལ
མདུན་ཀྱི་གཙུག་ལག་ཁང་གི་བྱ་འདབས་སུ་འཚངས་པའི་འོད་ཀྱི་སྨུག་པ་དཀར་བོ
ཆག་གྲུམས་སུ་སོང་བའི་ཐལ་བའི་ཀློང་གི་ཀ་ཁ་ག་ང
ཡང་ན་རེ་དོགས་ཀྱི་སྐུད་པའི་རྒྱ་ལ་ཐེབས་པའི་མཐོ་སྒང་གི་ལྕགས་ལམ་རིང་མོ
རྨི་ལམ་ལ་ཨུ་ཁུང་བརྟོལ་བའི་གྲོང་ཁྱེར་དག་ནི
བསྐལ་བ་བཟང་བོའི་འདིར་སངས་རྒྱས་སྟོང་གི་སྤྱོད་ཡུལ་ལས་ཀྱང་འདས་པས
མེ་ཏོག་པདྨའི་དྭངས་གཙང་ལ་སྡིག་སྲིན་གྱིས་མཆུ་ཏོ་སྤྲུགས་པ་བཞིན
ཤེལ་གྱི་ཕོར་བ་ལ་ཁྲག་གི་མཚལ་ཐིག་བཏབ་པ་བཞིན
ཞེ་མེར་མེར་ཀྱི་ངང་དུ་སིམ་གིན་འདུག
 
མཚན་མོ་ཅི་ལྟར་རིང་བ་དེ་ལྟར
གྲྭ་རྐྱང་གི་རྨི་ལམ་ཡང་དེ་ལྟར་རིང་ལ
ལྡེ་མིག་མེད་པའི་སྒོ་ལྕགས་ཀྱི་ཕག་ཏུ་ཡོལ་བའི་མེ་ལོང་དེ་ཡང་དེ་ལྟར་གསལ
རྨི་ལམ་གཏོང་བ་ནི་དབུས་ཀྱི་ཆོས་སྐད་ཐོས་པ་ལྟ་བུའི་བྱིན་ཆགས་ཤིག་མིན་རུང
རྨི་ལམ་དུ་ཕ་ཡུལ་གྱི་སྤྲིན་པ་གླང་བོ་འགྱིང་འདྲའི་རྩེ་མོ་མཐོང་སྲིད་ལ
རྨི་ལམ་དུ་གཡུ་འབྲུག་ས་ལ་འགྱུ་བ་ལྟ་བའི་ཆུ་བོ་ཡང་མཐོང་སྲིད
ད་དུང་རྨི་ལམ་དུ་དབེན་སིམ་པའི་ཀློང་གི་རོལ་དབྱངས་ཀྱི་རྡེབ་དཀྲོལ་དག་ལ
དགོན་པའི་སྲང་ལམ་ནས་མཇལ་ཆོག་ཅིང
རྨི་ལམ་དུ་འུར་ཟིང་གི་རོལ་བ་དག་རྫུན་གྱི་མངལ་སྒོ་རུ་བསྐྱལ་ཆོག
 
གྲྭ་ཤག་གི་སྒོ་རྡུང་བ་ནི  གྲྭ་རྐྱང་གི་སྒོ་རྡུང་བ་ཡིན་པས
གྲྭ་རྐྱང་གི་མདུན་ཅོག་ཏུ་སྤུངས་པའི་མཆོད་པའི་རྫས་ཀྱི་བྱེ་བྲག་མང་པོ
སྒྱུ་མའི་རྫས་དང  སྨུག་རྒྱུའི་ཀ་བ་དག  རྨི་ལམ་གྱི་གཤིས་སུ་བླུགས་ཤིང
གཟུགས་དང་སྒྲ  དྲི་དང་རེག་བྱ་དག་གི་རོ་མྱགས་བསལ་བའི་ཁྲོད་དུ
ཚོར་བ་དང་ཚོར་བའི་ངོས་ཀྱི་རྡོ་མཁར་སྔོན་པོ་དང་ཀླུ་འབུམ་ཁང་ཚན
མཚན་མོ་ཞིག་གི་ཀློང་ནས་མཚན་མོ་ཞིག་གི་མཛེས་སྡུག་ལ་བལྟས་ཡོད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷམ་ཀོག་གི་སྙན་ངག་རིང་མོ། རྨི་ལམ་རིང་བའི་གྲྭ་བ།

2010-08-21 ལྷམ་ཀོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།