དཔལ་བེའུ་ཡི་བཅད་རྩོམ་བདམས་བཀོད།

          དགུན་གཞས།
ཁ་བ་ཆེན་པོ་རྡོ་རིལ་བཞིན་ཏུ་ལྷུང་ཡང་།།
སྙིང་ལ་གཟན་པ་རླུང་བུའི་ངུ་སྐད་མ་རེད།།
ས་གནམ་ཧྲག་བར་འབྱེད་སའི་སྒེའུ་ཁུང་ངོགས་ནས།།
མིག་ལ་སྣང་བ་ངག་ནས་བརྗོད་ཐབས་མི་འདུག།
 
དབང་བོ་སྣ་ལྔའི་སྒོམ་ཁང་ཆུང་ཆུང་དེ་རུ།།
མགུར་མ་དབྱངས་སུ་གྱེར་བའི་དུས་སྐལ་བྱུང་ཚེ།།
མིག་ཆུས་ལུས་པོ་འཁྲུད་པའི་རྣམ་ཤེས་དེ་ཉིད།།
ང་ལ་དབང་བའི་བདེན་དཔང་སུ་ལ་ཡོད་དམ།།
 
ཉི་ཟླའི་བཞུད་ལམ་སྙེག་པའི་སྤྲིན་པར་ལྟ་ཞོར།།
རེ་བའི་དར་དཀར་ཕྲ་མོ་མཁའ་ལ་བསྲིངས་མོད།།
ང་ཡི་སྙིང་ལ་ཟུག་པའི་སྐར་མ་མང་པོས།།
མིག་ཆུ་ཕོར་བ་གང་གི་སྐྱིན་ཚབ་སྤྲད་བྱུང་།།
 
འདི་སྣང་འཁོར་བའི་ལས་ཀྱི་གཡས་གཡོན་ཀུན་ཏུ།།
གཡང་ཁྱིམ་དྲོན་མོའི་ཟས་དྲི་ཚོར་ཐབས་དབེན་པས།།
ཚ་ཚ་འུར་འུར་ཆེ་བའི་དུ་ཞགས་རིང་མོ།།
མལ་ཁྲི་མཐའ་མར་མཆོད་པའི་གསོལ་སྐྱེམས་མིན་ནམ།།
 
དཔེ་ཆའི་རི་ལུང་ཀུན་ཏུ་གོམ་ཁ་སྤོས་ཀྱང་།།
རེ་བའི་ཡིག་འབྲུ་གསུམ་པོ་མཐོང་ཐབས་མ་བྱུང་།།
ཕྲ་རྒྱས་མཚོ་རླབས་དྲག་པོའི་ཆུ་ཟིལ་རེ་རེ།།
མི་ཚེ་འཛུམ་བག་བཀྲུ་བའི་བྱབས་ཆུ་མིན་འགྲོ།
 
ཤུགས་གླུའི་སྐུད་པར་བརྒྱུས་པའི་གབ་ཚིག་རེ་རེ།།
ལང་ཚོའི་ལྷུ་ལག་གཏོར་བའི་ཡོ་བྱད་མ་རེད།།
དགུན་ཁའི་ལམ་དུ་འཕྱུར་བའི་སྣང་བ་བན་བུན།།
རུས་ཐལ་དཀར་པོ་དེ་ལ་འབྲེལ་བ་ཨེ་ཡོད།།
        ༢༠༡༢ལོའི་ཟླ༣པའི་ཚེས༡༠ཉིན་རང་ཤག་ནས།
 
           ཚོར་བྱུང་ངམ།
དུས་ཀྱི་ཁ་རླངས་སྙིང་ལ་ཕོག་པས་གྲོགས་པོས་གྲོགས་པོ་འཛུམ་གྱིས་བསླུས་སོང་།།
ལས་ཀྱི་རྒྱལ་མོའི་བཀའ་ཆད་བཙན་པས་སྡུག་གི་མཚོན་ཆ་ནང་ལ་བསྐོར་བྱུང་།།
རེ་ཐག་ཕྲ་མོ་གཏིང་ནས་ཆད་དེ་འཁུན་སྒྲའི་པི་ཝང་དཀྲོལ་རྐྱང་བྱས་པས།།
ང་རང་ཕམ་བྱུང་ཁྱོད་ཀྱང་ཕམ་བྱུང་ཕམ་ཁའི་མིག་ཆུ་གང་སར་བརྡོལ་བྱུང་།།
 
མཁས་པས་མཁས་པར་མིག་སེར་འཕངས་པ་ཕ་གཅིག་བླ་མའི་བཞེད་དགོངས་མ་ཡིན།།
གཞོན་པས་གཞོན་པར་སྣང་ཆུང་བྱས་པ་མེས་པོ་དམ་པའི་སྲོལ་དང་མི་མཐུན།།
གནའ་དེང་ཟུང་གི་ཡ་བྲལ་ལྟ་བས་བདེན་དང་རྫུན་གྱི་ཚད་འཇལ་བྱས་པས།།
རིག་གཞུང་རྒས་བྱུང་ལུགས་བཟང་ཉམས་བྱུང་མྱ་ངན་རླུང་བུ་དྲག་ཏུ་གཡུགས་བྱུང་།།
 
ཞི་དྲག་གཡོ་སྒྱུའི་འཁྲབ་ཚན་བར་ནས་རང་ལམ་སྙེག་པའི་མི་ཞིག་བསད་བྱུང་།།
རང་གི་མཆེ་བ་གཞན་ལ་ངོམ་ཕྱིར་མི་སེམས་མང་པོ་མེ་ལ་སྲེག་བྱུང་།།
ཉི་མ་ཟླ་བའི་འཁོར་བསྐྱོད་འོག་ནས་གཏེར་དུ་སྦས་པའི་ཡིག་འབྲུ་དེ་དག།
འབྱུང་བ་བཞི་ཡི་འཐབ་རྩོད་ཁྲོད་ནས་ལྕགས་ཀྱི་ཐུལ་བ་གྱོན་དགོས་བྱུང་ཡོད།།
 
རྩུབ་རེག་ལྡན་པའི་ཁ་བ་འདི་ཉིད་ང་ཡི་སྙིང་ལ་བཙན་གྱིས་བབས་བྱུང་།།
ངུ་ཤུམ་འདོན་པའི་སྡོང་ལོ་དག་གིས་རང་གིས་རང་ལ་ལེ་བདའ་བྱས་བྱུང་།།
ཐོབ་བྱ་མེད་པར་ངལ་བ་བསྟེན་པའི་གད་སྙིགས་གསེབ་ཀྱི་འབུ་སྲིན་མང་པོས།།
དྲོད་ཁོལ་འཛོམས་པའི་དུས་བཟང་ཤིག་ལ་ཡིད་ཆེས་ཟབ་མོས་རེ་ཞིང་སྒུག་ཡོད།།
 
ད་ནི་འཕྱིས་སོང་ཉི་མ་ནུབ་བྱུང་སྐྲ་ལོའི་ཁ་བ་ས་ལ་ལྷུང་ཟིན།།
མེ་ལྕེ་སྦར་བྱུང་ཐལ་བ་སྤུངས་བྱུང་འཛིན་མའི་ངོ་གདོང་ཡོངས་སུ་ཤོར་བྱུང་།།
འཛིན་དུ་མེད་པའི་དུ་བ་རིང་མོས་རྒྱང་རིང་ཞིག་ལ་ལག་བརྡ་བྱས་ཀྱང་།།
རྐང་བ་ཕྱིད་ནས་འགྲོ་ཐབས་དབེན་པས་ཁང་བའི་སྦུག་ནས་ཡིབས་དགོས་བྱུང་ཡོད།།
 
ཁྱེད་ཀྱི་སེམས་སུ་འཛུལ་ཐབས་མེད་པས་ང་ཡི་རྣ་བ་འོན་པ་འདྲ་བྱུང་།།
ང་ཡི་སེམས་ལ་འགྱུར་ལྡོག་ཆེ་བས་ཟླ་བའི་ལས་དབང་ཁྱེད་ཀྱིས་ཚོར་ཡོད།།
ཨ་ལན་མེད་པའི་ལུང་སྟོང་ཞིག་ནས་གངས་ཆུ་ཧུབ་གང་འཐུང་ན་བསམ་མོད།།
ཆུ་བོ་ཐམས་ཅད་ཙག་གིས་བསྡམས་པས་མིག་ཟུང་མཁའ་ལ་ཅེར་ནས་བསྡད་ཡོད།།
                         ༢༠༡༢ལོའི་ཟླ་༡པའི་ཚེས༡༣ཉིན་ཕ་ཡུལ་ནས།
 
           ༢༠༡༡ལོར་ཕུལ་བའི་མཐའ་མཇུག་གི་གྱེས་ཚིག
 
སང་ཉིན་གྱི་ཉིན་མོ་ལ་དགོད་སྒྲ་ཐོས་སྲིད་དམ།།
ཟང་ཟིང་གི་འཇིག་རྟེན་འདི་སྔར་བཞིན་གནས་ངེས་སམ།།
ཞེན་ཆགས་ཀྱི་དར་དཀར་ལ་བར་ཆད་མ་བྱུང་ན།།
རེ་སྒུག་གི་ཕྲེང་བ་དེ་སེམས་ལ་གདགས་ངེས་ཡིན།།
 
དེ་རིང་གི་མཐོང་ཐོས་དག་མེ་ལ་སྲེག་ནས་ཡོད།།
ཁ་སང་གི་གྱང་ཆག་ལ་མིག་གིས་འཚོས་ནས་ཡོད།།
རང་སེམས་ཀྱི་བུ་ཆུང་དེ་གདོན་གྱིས་མ་བསླུས་ན།།
ཀྱག་ཀྱོག་གི་ལམ་ཆུང་དུ་སྔར་བཞིན་བསྐྱོད་ངེས་ཡིན།།
 
སུན་སྣང་གི་སྔུར་བ་དེ་ཁ་ནས་མ་འཐེན་རོགས།།
ཐབ་ནང་གི་བུད་ཤིང་དག་ད་དུང་འབར་བཞིན་ཡོད།།
སྐམ་རིད་ཀྱི་ཡན་ལག་ལ་གཡོ་འགུལ་མེད་པ་ནི།།
ལས་དབང་གི་ལྷ་མོ་ལ་བརྩེ་བ་ཕུལ་བས་རེད།།
 
འཕུར་བཞིན་པའི་ཁ་བ་དེ་ཕ་མའི་སྐྲ་ལོ་དང་།།
ཟགས་བཞིན་པའི་རྔུལ་ཆུ་དེ་ཕུ་ནུའི་ལང་ཚོ་རེད།།
བདག་མེད་ཀྱི་རྣམ་ཤེས་དག་བར་དོར་འཁྱམ་པ་ནི།།
རྫ་ལུང་དུ་འཁྱམ་པ་ཡི་ཡུ་མོ་ཁེར་རྐྱང་འདྲ།།
 
དུས་ཚོད་ཀྱི་འཁོར་ལོ་འདི་ཐག་ཐག་བཞུར་གྱིན་འདུག།
འཆི་བདག་གི་ཕོ་ཉ་དེས་འཛུམ་གྱིས་བསུ་བ་བཞིན་།།
མི་འདོད་པའི་རླུང་འཚུབ་ཁྲོད་མཆི་མ་འདོན་པ་ནི།།
དམར་ནག་གི་ལོ་ཟླ་ལ་དགོད་ཁ་སློང་བྱེད་ཙམ།།
 
ལྐོག་གྱུར་གྱི་ཐ་སྙད་དག་བློ་ངོར་གཟུང་དགོས་ཡོད།།
རྩྭ་ཐང་གི་མེ་ཏོག་རྣམས་རུམ་ལ་བཅུག་དགོས་ཡོད།།
ཤ་ཁྲག་གིས་བཟོས་པ་ཡི་ལེགས་སྐྱེས་དམར་པོ་འདི།།
ལོ་རྙིང་གི་བུ་མོ་ལ་མཐའ་མའི་སྐྱེས་སུ་འབུལ།།
            ༢༠༡༡ལོའི་ཟླ༡༢པའི་ཚེས་༣༠ཉིན་རང་ཤག་ནས།

           ང་ལ་ཅི་ཡང་མེད།
 ཕྱོགས་བཞིའི་མུན་པ་དུ་བའི་ཚུལ་དུ་འཕྱུར།།
རླུང་འཚུབ་ནག་པོ་མེ་ལྕེ་བཞིན་དུ་མཆེད།།
བརྟན་དང་གཡོ་བའི་ཕྱི་ནང་མ་ལུས་པ།།
དེ་རིང་ཚ་བའི་ཀློང་དུ་ངུ་ཤུམ་འདོན།།
 
སྙིང་གི་མེ་ཏོག་དུ་བ་ནག་པོས་གཡོགས།།
མིག་གི་འདབ་མ་བྲེལ་མ་འཚུབ་ཀྱིས་ཟུམ།།
ལུས་སེམས་གཉིས་ཀྱི་ཡོང་སྒོ་མ་ལུས་པ།།
དེ་རིང་ན་ཟུག་དྲག་པོའི་སྒྲོམ་དུ་ཚུད།།
 
ལྕགས་ཐབ་གྲུ་བཞིའི་ནང་གི་ཚག་སྒྲ་དེས།།
དགུན་ཟླ་བཅུ་བའི་གདོང་ལ་སེན་འབྲད་བྱས།།
ལོ་གསར་དུས་བཟང་བསུ་བའི་འཛུམ་མདངས་ཡང་།།
རླུང་འཚུབ་དམར་པོའི་དབུས་ན་ཉམ་རེ་ཆུང་།།
 
མགྲིན་པའི་སྦུབས་སུ་ལུས་པའི་སྐད་སྒྲ་དེ།།
ལས་ཀྱི་རྒྱལ་མོར་རྒོལ་བའི་ལག་རྡོ་བཞིན།།
ཆོས་ཉིད་རྦབ་ལ་སྒྲིལ་བའི་སྣང་བརྙན་འབུམ།།
མི་ཚེའི་མེ་ལོང་ངོས་སུ་འཕུར་ཞིང་བསྐྱོད།།
 
བདེན་པ་ཐམས་ཅད་བདེན་འཛིན་བཞིན་དུ་དོར།།
རྫུན་པའི་རིགས་ཀུན་སྟོང་ཉིད་བཞིན་དུ་སྒོམ།།
ཤེས་མིན་ཚོར་མིན་བསྐྲུན་པའི་ངལ་བ་དག།
རྨི་ལམ་རྨང་ནས་འཁྲུགས་པའི་རྟེན་འབྲེལ་ཡིན།།
 
གསུར་དྲི་ཁ་བོ་སྣ་ཡི་ཁུང་བུར་འཛུལ།།
མཐོང་ཐོས་ཡོད་ཚད་མྱ་ངན་ནག་པོས་བསྡམས།།
འདི་སྣང་འཚོ་བའི་ཕྱི་ནང་མ་ལུས་པ།།
རྒུད་པའི་ཉིན་མོ་བསུ་བའི་སྐྱ་རེངས་ཡིན།།
 
རེ་བའི་ཉི་མ་འབར་བའི་ཚ་དུབ་ཀྱིས།།
སེམས་ཀྱི་ཁ་བའི་མེ་ཏོག་ཡོངས་སུ་བཞུས།།
ལོ་ཟླའི་ཐེམ་པར་བརྒལ་བའི་གོམ་སྒྲ་ཡང་།།
རྒྱང་རིང་རྒྱང་རིང་ཞིག་ཏུ་མེད་དམ་སྙམ།།
              ༢༠༡༡ལོའི་ཟླ་༡༢པའི་ཚེས༢༧ཉིན་རང་ཤག་ནས།
 
            འཁོར་བའི་གསང་མགུར།
སྐྱེ་རྒ་ན་འཆིའི་ངུ་སྐད་འབྱིན་པའི་ཁམས།།
རྙེད་དང་གྲགས་པའི་རྒྱལ་ཕམ་རྩོད་པའི་གནས།།
འདི་སྣང་ལས་ཀྱི་འཁོར་བའི་གར་སྟེགས་ཏེ།།
འཕེན་བྱེད་ལས་ཀྱི་རྒྱལ་བོའི་རང་མདངས་འཚེར།།
 
ཉི་མ་ཟླ་བའི་འཁོར་ཚོགས་རྒྱང་དུ་བསྐྲད།།
མ་རིག་མུན་པའི་འདོད་སྲེད་ཡོངས་བསུས་ཏེ།།
གདུག་པའི་སྦྲུལ་དང་འུག་པ་ལྷར་བསྟེན་པའི།།
ཁམས་གསུམ་རྨང་ནས་བརླག་པའི་འཁུན་སྒྲ་འཆོར།།
 
བར་དོའི་བཀའ་ཆད་དྲག་པོའི་གཏང་རག་ལ།།
ངལ་བ་ཡུད་ཙམ་སེལ་བའི་སྐད་ཅིག་མར།།
མངོན་སུམ་མདུན་དུ་འཕོས་པའི་དམྱལ་ཁམས་ཀྱི།།
ཨ་ཚ་ཨ་ཆུའི་ཞེད་སྣང་རྡུལ་དུ་འཕྱོ།།
 
དེ་ལྟ་ན་ཡང་ང་ཡི་མགོན་པོ་ཀྱེ།།
ཁྲོ་བ་མེ་ལྕེ་བཞིན་ཏུ་རྒྱས་པར་མཛོད།།
ཞི་བ་འཛུམ་མདངས་བཞིན་ཏུ་བསུ་བར་ཤོག།
ངན་རྟོག་སྡོམ་རྒྱའི་མདུད་པ་ཆོད་ཅིག་ཨང་།།
 
ངལ་བ་ཅི་བྱས་སྡུག་གི་སྣོན་མར་གྱུར།།
མིག་ཆུའི་ཟིལ་བ་དུས་ཀྱི་མེ་ལ་འཐིམ།།
བདག་མེད་གཅིག་པུར་རྒྱུ་བའི་རྣམ་ཤེས་འདི།།
ཞེད་སྣང་སྟོང་གི་དབུས་ན་ཉམ་རེ་ཆུང་།།
 
མཛའ་བཤེས་རིང་དུ་གྱེས་པའི་སྔ་ནུབ་ལ།།
ལུས་ཀྱི་འདབ་མ་ཤིང་སྐམ་ཉིད་དུ་གྱུར།།
རང་ཤ་རང་གིས་ཟ་བའི་ཁྲག་འཐུང་ཚོགས།།
བཤས་ར་ཆེན་པོའི་ལོགས་སུ་ཀྱེ་མ་ཧུད།།
 
སེམས་ཀྱི་བརྩེ་བ་ནམ་མཁའི་དབྱིངས་སུ་ཟད།།
འདས་པའི་ལོ་ཟླ་མིག་ཆུའི་སྒྲོམ་དུ་ཚུད།།
གཏམ་གྱི་སྒོ་ཆེན་ལན་ཅིག་ཕྱེས་པ་ཡིས།།
ལྕགས་རི་རིང་མོའི་འོག་ཏུ་ངང་གིས་ལྷུང་།།
 
ད་ནི་རང་ངོ་རྙེད་པའི་དུས་ཚིགས་ཏེ།།
ལས་ལ་ཐབས་ཀྱིས་རྒོལ་བའི་དཔང་ཡིག་རྙེད།།
འབྱུང་བོ་རོ་ལངས་འདུར་བའི་ཐང་ཆེན་ནས།།
ང་རྒྱལ་འོད་ཀྱིས་འཁྱུད་པའི་རང་གཟུགས་མཐོང་།།
            སྤྱི་ལོ་༢༠༡༡ཟླ་༡༡པའི་ཚེས༡༨ཉིན་རང་ཤག་ནས།
 
         རྨི་ལམ་དང་གཞན་དག
ཉིན་གུང་གི་རྣམ་ཤེས་མུན་པའི་ཀློང་དུ་ཡུར།།
མཚན་སྨད་ཀྱི་རྨི་ལམ་ཟླ་བའི་ཏོག་ཏུ་འཚེར།།
དུས་གསུམ་གྱི་བུང་བའི་ངུ་སྐད་གཟན་པོ་དེ།།
གདུག་རྩུབ་ཀྱིས་འཕྱོ་བའི་རླུང་ནག་འཚུབ་མ་འདྲ།།
 
མདུན་ངོས་སུ་བལྟ་དུས་མིག་ཟུང་ཁྲ་ལམ་ལམ།།
རང་ཉིད་ལ་བཤེར་དུས་སེམས་ཀྱི་དང་ག་འགག།
ཞེད་སྣང་གི་གདོང་ལ་ཁ་རླངས་འཕྱུར་བ་ནི།།
ན་བུན་ལ་འཁྱིལ་བའི་དུག་སྦྲུལ་གསོན་པོ་འདྲ།།
 
ཕ་རོལ་པོས་བཤད་ན་བཟང་རབས་རྒྱན་རབས་ཟེར།།
ཆེ་གེ་མོས་གླེང་ན་བཙོག་རབས་སྡུག་རབས་བསྙད།།
བཟང་ངན་གྱི་ཕུ་ཐག་འཕྲལ་གྱིས་མ་ཆོད་ཀྱང་།།
མདུན་ངོས་སུ་འཕྱུར་བ་བསྐལ་བའི་མེ་རི་ཡིན།།
 
ཡིན་མིན་གྱི་སྒྲོ་སྐུར་ཅི་ཡང་མ་བྱས་ལ།།
བདེན་རྫུན་གྱི་གནམ་སའི་བར་ཐག་མ་ཕྱེས་མོད།།
ཞི་ལྷག་གི་དམིགས་པའི་ཁུང་བུར་མི་ཆུད་པ།།
ང་ཉིད་ལ་དབང་བའི་མི་ཚེའི་ཆོན་ཐག་གོ།
 
དུས་རབས་ཀྱི་ཆར་ཆུས་བཀྲུ་བར་མི་ནུས་ལ།།
ལོ་རྒྱུས་ཀྱི་མིག་ལ་སྣང་ཙམ་མ་བྱས་པའི།།
མངོན་སུམ་ལ་རྒོལ་བའི་ཐ་སྙད་ཞེད་པོ་དག།
སྡོང་ལོ་དང་ལྷན་དུ་འཕུར་ཞིང་རྩེན་བཞིན་གདའ།།
 
ལིང་ག་ཡི་རྒྱལ་པོའི་བློ་ངོར་མི་ཤོང་ལ།།
དམྱལ་ཁམས་ཀྱི་འཇིགས་པ་ཐལ་བར་བརླག་མཛད་པའི།།
ཚག་སྒྲ་དང་ཆོམ་སྒྲས་འགེང་བའི་ཞིང་ཁམས་འདི།།
རྔུལ་ཁྲག་གིས་རྙེད་པའི་གནས་མལ་ཡིན་ཚོད་གདའ།།
 
ཉེ་མི་ཞེས་བོས་ན་མཆིལ་ཞགས་འཕེན་གྲབས་བྱེད།།
གྲོགས་པོ་ཞེས་བོས་ཚེ་སྡང་མིག་བགྲད་པ་ཡི།།
ཉེ་འཁོར་ན་འདུར་བའི་མི་དང་འབུ་ཆུང་དག།
དུས་དུས་སུ་ངུ་ཞིང་རང་ལག་གཅོད་བཞིན་གདའ།།
 
ཕོ་གཞོན་དེ་འཕྲུལ་རྟའི་ཚུལ་དུ་འཛུམ་གྱིས་ཞོན།།
མོ་གཞོན་དེ་རྩིས་འཁོར་བཞིན་དུ་ལོངས་སུ་སྤྱོད།།
མྱ་ངན་དེ་ས་འགུལ་ཇི་བཞིན་བྱུང་རབས་དག།
གློག་བརྙན་དུ་ཕབ་པའི་བརྗོད་དོན་ལས་ཀྱང་ཐུ།།
 
གསར་འགྱུར་དུ་གྲག་པ་འཐབ་འཛིང་དྲག་པོ་ཞིག།
སེམས་ངོགས་སུ་འཁོར་བ་ངོ་གདོང་སྐྱ་བོ་ཞིག།
རྩ་ལམ་དུ་གདུ་བའི་དུག་ཆུ་ཁོལ་མ་འདི།།
དབང་རྩ་ཀུན་རུལ་བའི་མཚོན་རྟགས་ཡིན་ཤས་ཆེ།།
 
ནགས་ཚལ་དག་མེ་ལ་འཐབ་ཀྱང་མེ་ལ་འཐིམ།།
རི་བོ་དག་རི་ལ་ཞེད་དེ་རི་ལ་འཁྱུད།།
བློ་རིག་དེ་བློ་ཡིས་བཏུལ་བའི་གསང་བ་དག།
མཚོ་ཞབས་སུ་ལུས་པའི་གཡུ་ཡི་ཕྲེང་བ་འདྲ།།
 
དེ་དེ་བཞིན་མཐོང་བའི་ཡ་མཚན་ལྟད་མོ་འདི།།
དེ་དེ་བཞིན་མངོན་པའི་རྨི་ལམ་ངན་པ་འདི།།
རེ་རེ་བཞིན་བྲིས་ཏེ་སྤྱན་སྔར་བསྟར་བ་ན།།
ཚོད་ཚོད་ལ་འཕྱ་བའི་ཚིག་མདའ་མ་འཕེན་རོགས།།
               ༢༠༡༡ལོའི་སྤྱི་ཟླ༡༠ཚེས༢༧ཉིན་རང་ཤག་ནས།
 
           དམ་བཅའ་འདི་བོར་མེད།
མདང་ནུབ་ཀྱི་ཟླ་བ་ལྷབ་ལྷུབ་ཏུ་འབར་བྱུང་།།
སྟོན་མཇུག་གི་རླུང་བུ་ཞེ་སྡང་གིས་གཡུགས་བྱུང་།།
གཞན་དབང་གི་ལུས་པོ་དོན་མེད་དུ་ཟད་ཀྱང་།།
རྩ་ལམ་ནས་འཕྱུར་བ་རང་ཉིད་ཀྱི་ཁྲག་རེད།།
 
ཡིན་མིན་གྱི་སྐད་ཆར་ཉན་འདོད་རང་མི་འདུག།
བདེན་མིན་གྱི་གནས་ལུགས་གླེང་ཐབས་ཤིག་མ་ཡོད།།
སྐྱོ་གདུང་གི་མཆི་མ་བར་མེད་དུ་བཞུར་ཡང་།།
རང་སེམས་ལ་དབང་བ་དམ་བཅའ་འདི་ཁོ་ན།
 
ཡིད་རྟོན་རང་མེད་པ་ཁྱོད་ཉིད་ཀྱི་འཛུམ་རེད།།
ཞེད་སྣང་གིས་འཚོ་བ་ང་རང་གི་ལས་རེད།།
འདས་སོང་གི་ལམ་བུར་ཕྱི་མིག་ཅིག་འཕེན་དུས།།
ལས་དབང་ལ་རྒོལ་བའི་འགད་རྫས་དེ་རྙེད་བྱུང་།།
 
རང་ཉིད་ཀྱི་ཆེད་དུ་མིང་བྱང་དེ་བཙོངས་མེད།།
ཡུལ་མི་ཚོར་མཁོ་བའི་དངོས་རྫས་དེ་བརླགས་མེད།།
དུས་རབས་ཀྱི་ཐེམ་པར་ཨུ་ཚུགས་ཀྱིས་བརྒལ་ནས།།
ཤི་གསོན་གྱི་བར་ནས་དཔང་ཡིག་དེ་བཙལ་དགོས།།
 
མུན་ནག་གི་ཀློང་ནས་འུག་པ་བཞིན་བསྡད་ཡོད།།
དབང་ཐང་གི་སྔུན་ནས་རང་གཤིས་དེ་བསྲུང་ཡོད།།
མཁའ་དབྱིངས་སུ་བཏེགས་པའི་མཆོད་སྤྲིན་གྱི་ཕུང་བོ།།
ལམ་ལམ་དུ་འཚེར་བའི་མེས་པོ་ཚོར་འབུལ་རྒྱུ།།
          ༢༠༡༡ལོའི་སྤྱི་ཟླ༡༠ཚེས༢༦ཉིན་རང་ཤག་ནས།

           ཚེ་གཅིག་གི་ཡོང་སྒོ།
སེམས་འདི་ཟིན་ཐབས་མེད་པས་རང་གི་མིན་འདྲ།
ལུས་འདི་གཞན་ལ་དབང་བས་རང་དང་གྱེས་ཡོད།།
ལུས་སེམས་སོ་སོར་གྱེས་པའི་སྐྱོ་གར་འཁྲབ་པ།།
ལས་ཀྱི་རྒྱལ་པོ་ཁྲོས་པའི་བཀའ་ཆད་ཡིན་འདྲ།།
 
མིག་ཟུང་མཁའ་ལ་ཅེར་ནས་ཚིག་གསུམ་བཤད་ཡོད།།
བྲང་ཁ་ས་ལ་གླན་ནས་ཀི་གསུམ་བཏབ་ཡོད།།
གནམ་སའི་མཚམས་སུ་འཐེན་པའི་རོལ་དབྱངས་ཟླུམ་པོ།།
འཁོར་བའི་འདམ་དུ་ཚུད་པའི་ལམ་ཐིག་ཡིན་འདྲ།།
 
ཤེས་པས་ཚོར་ཐབས་མེད་པ་གཞན་གྱི་སེམས་རེད།།
གཞན་གྱིས་རེག་ཐབས་མེད་པ་ང་ཡི་སྡུག་རེད།།
སྐྱོ་སྡུག་བསྣོལ་མར་བསྡེབས་པའི་ཆང་ཕོར་འདི་ནི།།
མི་ཚེའི་འཛུམ་མདངས་འཕྲོག་པའི་གཤེད་མ་ཡིན་འདྲ།།
 
ཚ་ཚ་འུར་འུར་ཆེ་བའི་རི་ལུང་ཀུན་ཏུ།།
རྣམ་ཤེས་ལྡོམ་པོ་ཞིག་གི་རུས་རྐང་སྤུངས་ཡོད།།
འོ་ཆུའི་གསང་བ་རུམ་པའི་སྦལ་བ་དེ་ཡང་།།
ད་ནི་དམིགས་མེད་བདེ་བའི་དབྱིངས་སུ་བཞུད་འདུག།
 
མ་རིག་བག་ཆགས་ཟེར་བའི་ཤོབ་རྐྱལ་ཞིག་གིས།།
འཁོར་བའི་འོབས་ཆེན་འདི་རུ་འཛུམ་གྱིས་ཁྲིད་དེ།།
འདོད་པ་ཤ་བཞིན་ཟོས་པའི་མཐའ་མ་ཞིག་ལ།།
ང་ཡང་སྒོག་སྐྱ་བཞིན་ཏུ་བརྡུང་གྲབས་བྱས་བྱུང་།།
 
བདེན་པ་བདེན་པར་གླེང་བའི་སྙིང་སྟོབས་མི་འདུག།
རྫུན་པ་རྫུན་དུ་ཤེས་པའི་དབང་ཐང་མ་ཡོད།།
བར་མ་བར་གྱི་རྨི་ལམ་དྲོན་པོ་ཞིག་ལ།།
ཁེར་རྐྱང་འཚོ་བ་མཚོན་པའི་གླུ་ཞིག་བླངས་ཡོད།།
 
ཨ་ཕོ་ཨ་ཕོ་ཟེར་ནས་རྫིག་མདོག་མ་སྟོན།།
ཁོར་ཡུག་འདི་ནས་ཁྱོད་རང་ཧ་ཅང་ཆུང་ངོ་།།
ཡོད་མེད་བརྡར་ཤ་ཆོད་པའི་རྡོ་རིང་ངོས་ལ།།
མི་ཚེ་ཧྲིལ་པོ་ཞིག་གི་སྡོམ་ཚིག་བཀོད་ཡོད།།
 
མིག་ཟུང་རིག་རིག་བྱེད་པ་སྟེས་དབང་མིན་འགྲོ།
རྐང་ལག་འདར་འདར་བྱེད་པ་འཕྲལ་ཙམ་མ་ཡིན།།
ལོ་ཟླའི་སྒྲོམ་དུ་བཅུག་པའི་ཆུ་ཐིགས་རེ་རེ།།
འཆི་བདག་རྒན་པོ་ཞིག་ལ་སྐྱེས་སུ་བཞག་ཡོད།།
 
ཐ་སྙད་ཡོད་ཚད་མེ་ཏོག་བཞིན་ཏུ་བཏུས་ཡོད།།
ལུས་ཕུང་འདི་ཉིད་མཆོད་རྫས་བཞིན་ཏུ་བཤམས་ཡོད།།
ཡིན་མིན་ཐེ་ཚོམ་མེད་པར་འཛུམ་གྱིས་བཞེས་དང་།།
ཁྱོད་ལ་དབང་བའི་དངོས་རྫས་འདི་ལས་མེད་དོ།།
                  ༢༠༡༡ལོའི་སྤྱི་ཟླ་༡༠ཚེས༢༥དགོང་མོར།
 
           གཙང་བཞེས་གནོངས།
ཡག་བཙོག་གི་སྐད་ཆ་བཤད་ན་སྡུག་སྤྱད་ཅིག།
བདེན་རྫུན་གྱི་རྒྱ་མར་བཅལ་ན་སུན་ནི་ཞིག།
ཚོད་ཚོད་ལ་ངོ་གདོང་ཤོར་བའི་རྣམ་པ་འདི།།
མེ་ལྕེ་ཡི་ཚག་སྒྲའི་ཁྲོད་ནས་ཨེ་མཐོང་ངམ།།
 
ཉིན་རེ་བཞིན་ཤོག་ངོར་བྲིས་ཀྱང་མི་མཚོན་ལ།།
ལོ་རྒྱུས་ཀྱི་གླེགས་བམ་གསེབ་ནས་མི་རྙེད་པའི།།
མཚན་ངོགས་སུ་ལྷང་ལྷང་གྲག་པའི་སྐད་སྒྲ་འདི།།
ཕྱི་རོལ་གྱི་འཇིག་རྟེན་གཞན་ནས་ཨེ་ཐོས་སམ།།
 
གཞོན་ནུ་མའི་ཟླ་མཚན་ཁོ་ནས་མི་མཚོན་པའི།།
དཔོན་ཆེན་ཚོའི་དགོད་སྒྲའི་ཁྲོད་ནས་མི་མངོན་པའི།།
རྩ་ལམ་དུ་ཡང་ཡང་འཕྱུར་བའི་ནད་ཡམས་འདི།།
གྲོང་ཁྱེར་གྱི་ཁ་རླངས་ངོགས་ན་ཨེ་ཡོད་དམ།།
 
ལྡབ་ལྡིབ་ཀྱི་སྐད་ཆའི་བར་ནས་དོར་བ་ཡི།།
སྒྱིད་ལུག་གི་དཔེ་ཆའི་གསེང་ནས་བསྐྲད་པ་ཡི།།
བདག་མེད་ཀྱི་ཀ་ཁ་སུམ་ཅུའི་ལས་དབང་འདི།།
གཉན་པོ་ཚོས་གཏོར་བཟློག་བཞིན་ཏུ་འཕེན་ནུས་སམ།།
 
ཁུ་ནག་བཞིན་མངར་ལ་སོབ་པའི་མི་ཚེ་འདི།།
ལས་ཉོན་གྱི་བཙོན་དུ་ཚུད་པའི་རྣམ་ཤེས་འདི།།
ཁེ་གྲགས་ཀྱི་སེམས་ངལ་གསོ་སའི་ཨ་རག་བཞིན།།
དུས་རབས་ཀྱི་ཕོར་བའི་ཀློང་ན་ལྟེམས་ལྟེམས་བྱེད།།
 
ན་ཟུག་གིས་ཡོངས་སུ་གཅུན་པའི་ལུས་པོ་དེ།།
རླུང་འཚུབ་ཀྱིས་རྨང་ནས་བརླག་པའི་མིང་བྱང་དེ།།
སྐྱིད་སྡུག་གི་འགྲན་བསྡུར་བྱེད་སའི་སྟེགས་བུ་བཞིན།།
དཀར་ནག་གི་ཐ་སྙད་འདོགས་རྒྱུ་དཀའ་མོ་རེད།།
 
ཆགས་ཞེན་གྱི་བཟི་ཁའི་དབང་དུ་མ་སོང་བར།།
གང་དྲན་གྱི་རྩེད་འཇོའི་ཚུལ་དུ་མ་བཟུང་བར།།
རང་སེམས་ལ་རྣ་བ་བླགས་པའི་སྐྱེས་བུ་དེས།།
སྙན་ངག་འདི་འོ་ཇ་བཞིན་ཏུ་བཏུང་ཆོག་གོ།
            ༢༠༡༡ལོའི་སྤྱི་ཟླ༡༠ཚེས༢༣ཉིན་རང་ཤག་ནས།

            དཔང་ཡིག
ང་ཡི་སེམས་ཀྱི་མཐོ་སྒང་ལ་ཁ་བ་བུ་ཡུག་དྲག་ཏུ་འཚུབ།།
ལང་ཚོའི་འདབ་མ་ཆུང་ཆུང་དེ་ལས་ཀྱི་རྒྱལ་མོའི་རྩེད་ཆས་ཉིད།།
མཁའ་ལ་ཅེར་བའི་མིག་འོད་ལ་སྐྱོ་བའི་མདངས་ཞིག་མངོན་ན་ཡང་།།
གསང་བའི་རི་ལུང་བཅོ་བརྒྱད་པོ་མིག་ཆུ་འདི་ཡིས་མི་མཚོན་ནོ།།
 
ཡ་ཆུང་དྲན་པའི་སྣང་ངོ་རུ་ལམ་ལམ་འཚེར་བའི་སྒྲོན་མེ་དང་།།
ཤ་དང་རུས་པའི་བར་གསེང་དུ་གཏེར་དུ་སྦས་པའི་ཡིག་འབྲུ་དག།
རྩིག་ངོར་བཀལ་བའི་སྐུ་བརྙན་བཞིན་དྲན་སྐུལ་བྱེད་པར་འབད་ན་ཡང་།།
དམར་ལ་ནག་པོའི་ཞེད་སྣང་གིས་དབང་པོ་སྣ་ལྔ་དམ་དུ་བཅིངས།།
 
དེ་རིང་གཡུགས་པའི་དྲག་རླུང་འདི་ཁྱོད་ཀྱི་ངོ་གདོང་ཨེ་ཡིན་ནམ།།
རྨི་ལམ་དཀྲོགས་པའི་ཆོམ་སྒྲ་དེ་ཁྱོད་ཀྱི་གོམ་སྒྲ་ཨེ་ཡིན་ནམ།།
བར་མ་བར་གྱི་ཐེ་ཚོམ་ངང་ངག་སྒོ་འབྱེད་པར་བརྩོན་ན་ཡང་།།
མགྲིན་པར་ལྷུང་བའི་ཕ་བོང་དེ་སུས་ཀྱང་བསྒུལ་བར་མི་ནུས་སོ།།
 
ཁྱོད་དང་འཕྲད་པའི་ཉིན་མོ་ལ་སྐྱོ་བས་མནར་དོན་ཅི་ཡིན་ནམ།།
ཁྱོད་རང་དྲན་པའི་ལོ་ཟླའི་ཁྲོད་འཛུམ་མདངས་མེད་པ་ཅི་ཡིན་ནམ།།
བསམ་གཞིགས་སྟོང་གི་བར་སྣང་ནས་དྲི་བ་མང་དུ་བརྩེགས་ན་ཡང་།།
སྙིང་ཁར་འཁྱིལ་བའི་ན་བུན་འདི་སངས་པའི་ཐབས་ཤིག་མེད་པ་འདྲ།།
 
འཇིག་རྟེན་ཇི་ལྟར་ཆེ་ན་ཡང་ང་ལ་གནས་མལ་ཡེ་ནས་མེད།།
ནམ་མཁའི་རྒྱ་ཁྱོན་ཡངས་ན་ཡང་གཤོག་རྩལ་ངོམ་ས་དེ་བས་མེད།།
མེད་པ་གསུམ་གྱི་ཐུ་འོག་ནས་ཡར་མར་ཅི་ཞིག་གླེང་ན་ཡང་།།
ང་ལ་དགོས་པའི་རོལ་དབྱངས་དེ་ཐོས་པའི་སྐལ་བ་མེད་པ་འདྲ།།
 
ང་ལ་དགོས་པའི་ནོར་བུ་ནི་ཆུང་མ་བུ་ཕྲུག་མ་ཡིན་ལ།།
བཟོ་བཀོད་ལེགས་པའི་ཁང་བ་དང་ཤོག་སྒོར་བརྩེགས་མ་མ་ཡིན་ནོ།།
རྨི་ལམ་ཟེར་བའི་ཆང་ཁ་ནས་སྙན་ངག་ཅུང་ཙམ་རྙེད་པ་ཡང་།།
རེ་ཞིང་སྒུག་པའི་འཛུམ་མདངས་ལ་བར་ཐག་རིང་བའི་དཔང་རྟགས་སོ།།
                     ༢༠༡༡ལོའི་སྤྱི་ཟླ༡༠ཚེས༢༡ཉིན་རང་ཤག་ནས།
 
           ལྐོག་ཏུ་ཡིབས་པའི་དྲ་འབུ་ཚོས་ཉོན།
ཆོས་དང་སྲིད་ཀྱི་འགྲོ་སྟངས་མ་ཤེས་རྨོངས་པའི་ཀླད་པ་ནག་འཚུབ་འཚུབ།།
རྩོམ་དང་སྙན་ངག་གཅིག་ཏུ་འཁྲུལ་ཏེ་རང་གིས་རང་ལ་མགོ་སྐོར་བཏང་།།
རང་རློམ་དུག་གི་མཆེ་བའི་བར་ནས་ཁ་ལུད་འཕེན་རྐྱང་བྱེད་པ་ནི།།
རང་གཞན་སུ་ལའང་ཕན་པ་མེད་དོ་གདོང་གཉིས་ཅན་གྱི་དྲ་འབུ་ལགས།།
 
ཟིན་ཐོ་སྤེལ་བའི་ཤེས་ཡོན་མེད་ན་གཞན་ལ་ཁྲོ་བ་མ་སློང་རོགས།།
རང་མིང་བརྗོད་པའི་སྙིང་སྟོབས་མེད་ན་དཔའ་རྟགས་བསྟན་ནས་ཅི་ཞིག་བྱ།།
མུན་ནག་གསེབ་ནས་ལྐོག་མདའ་འཕངས་པ་ཁྱོད་ཀྱིས་རྒྱན་དུ་རློམ་ན་ཡང་།།
སྡུག་ལ་སྡུག་གི་སྣོན་རྟགས་བརྩེགས་ན་ཉུང་དུ་འགྲོ་སྲོལ་ཡེ་ནས་མེད།།
 
རྩོམ་ལ་རྩོམ་གྱི་དཔྱད་མཆན་སྤེལ་ན་མི་གཞིར་ཁྱད་གསོད་མ་བྱེད་རོགས།།
ཟིན་ཐོ་བདག་པོར་འཁོན་འཛིན་ཡོད་ན་ལྐོག་ཏུ་ཡིབས་ནས་ཅི་ཞིག་བྱ།།
སློབ་ལ་དགའ་བའི་མི་ཞིག་ཡིན་ན་རང་གིས་ལམ་ཞིག་རྙེད་པར་འབུངས།།
ཟིན་བྲིས་སྤྱི་ལ་ངན་སེམས་བཅིངས་ན་རང་གཞན་སུ་ལའང་མི་ཕན་ནོ།།
 
རང་མགོ་གཡོགས་པའི་ཁ་ཕོ་དེ་ནི་ཡུལ་མིའི་མདུན་སར་སྙན་ན་ཡང་།།
མི་ཚོགས་འཛོམས་པའི་ཁྲོམ་ར་དེ་རུ་ཨ་ལ་ལ་ཞིག་མ་རེད་ལོ།།
ཡིག་ནོར་སྤུངས་པའི་རྩོམ་འཁྱོག་དེ་ནི་ཁྱོད་ཀྱི་མིག་ལ་མཛེས་ན་ཡང་།།
དྲ་གྲོགས་མང་པོའི་མདུན་སར་ལྷགས་དུས་བཟང་ངན་ཡུན་གྱིས་འབྱེད་ངེས་སོ།།
 
ཁྱོད་དང་ཁྱོད་འདྲའི་གྲུབ་རྟགས་དེ་ཡིས་ཟིན་བྲིས་མང་པོའི་ཚེ་སྲོག་འཕྲོག།
དུག་མདའ་དེ་ཉིད་གཡུགས་རྐྱང་བྱས་པས་མཁས་པ་མང་པོ་རྒྱང་དུ་བྱེར།།
མཁས་པ་ལ་ལས་ཟིན་བྲིས་སྤྱི་ལ་སུན་པའི་མགོ་བོ་གཡུགས་དོན་ཡང་།།
ཁྱོད་དང་འདྲ་བའི་འདྲེ་སྲིན་མང་པོ་ཉིན་མཚན་ཀུན་ཏུ་འདུར་བས་སོ།།
 
མཁས་པ་ཡིན་ན་མཁས་རྟགས་སྟོན་དང་ཀུན་གྱིས་མིག་ཟུང་ཅེར་ནས་ཡོད།།
གྲུང་བོ་ཡིན་ན་མདུན་ལ་ལྟོས་དང་ས་གནམ་གཉིས་ཀ་ཡངས་ཤིང་ཆེ།།
སྡིགས་དམོད་ཁོ་ནའི་ཕྲེང་བ་བསྟར་ཏེ་བགྲོ་གླེང་ཡིན་ཚུལ་བརྗོད་པ་ནི།།
གཡོ་སྒྱུའི་ཚིག་ལ་ཕྲ་རྒྱན་སྤྲས་ཏེ་གཞན་ལ་ངོམ་སོ་བྱེད་དང་མཚུངས།།
 
གཞན་རྩོམ་ཀློག་པའི་འབྱོར་བ་མེད་ན་བཀོད་འདོམས་བྱེད་པར་མ་སྤྲོ་རོགས།།
རྣོ་ལྕགས་ཟ་བའི་མཆེ་བ་མེད་ན་འགྲམ་པ་གཅོག་པའི་ཉེན་ཁ་ཡོད།།
ལག་ལེན་གསེར་གྱི་ཐིགས་པ་མེད་ན་དྲན་ཚད་ཁ་ནས་མ་བྱོ་རོགས།།
མི་ངན་ཁ་ཡི་གཏམ་ངན་དེ་ཡིས་རང་ཉིད་སྡུག་ལ་སྦྱར་བ་མང་།།
 
           མེས་པོ་སྲོང་བཙན་ལ་ཕུལ་བ།
ཕྱག་ན་པད་མའི་ལང་ཚོའི་འོད་མདངས་ཡུལ་ཕྱོགས་བཞི་རུ་འཕྲོས་པ་ཡི།།
གཡས་དང་གཡོན་གྱི་སྤྱན་འོད་དེ་ལས་རྒྱ་བཟའ་བལ་བཟའ་འཁྲུངས་བར་བཤད།།
ཐུགས་ཀའི་འོད་ལས་མངོན་པར་འཁྲུངས་པའི་སྲོང་བཙན་སྒམ་པོའི་སྐྱེ་བ་དེ།།
ལྷ་དང་མིའི་རིགས་གང་དུ་གཏོགས་ཀྱང་ཁོ་བོས་སྙིང་ནས་འདུད་པར་སྤྲོ།།
 
ལོ་རྒྱུས་དེབ་ཐེར་ཞིབ་ཏུ་ཀློག་དུས་སྤྲུལ་བའི་ལྷ་ཞིག་མིན་ནམ་སྙམ།།
ཤ་ཁྲག་གཙང་མའི་འགོ་ཁུངས་དེད་ན་སྲིན་པོའི་རིགས་སུ་གཏོགས་སམ་སྙམ།།
ཤ་ཡི་སྐུ་བརྙན་དབུ་ལ་སྐྱེས་པ་ལྷ་སྒྲུང་ལྟ་བུར་མཐོང་ན་ཡང་།།
གངས་ཅན་འགྲོ་བའི་ཞིང་ས་དེ་རུ་ཁྱོད་ལས་ལྷག་ཅིག་མེད་དོ་སྐད།།
 
མཐུན་སྒྲིལ་གསེར་གྱི་སྒོ་མོར་མཐོང་ནས་དགེ་བཅུའི་ཁྲིམས་སྲོལ་ལེགས་པར་ཕྱེས།།
ཕྱི་དང་ནང་གི་ནད་ཡམས་སེལ་ཕྱིར་ཡི་གེའི་ས་བོན་གསར་དུ་བཏབ།།
འབངས་མིའི་སྐྱིད་སྡུག་གཙུག་ཏུ་བཀུར་ནས་སུམ་གཉིས་ས་ལ་མངའ་དབང་བསྒྱུར།།
ཐོན་མིས་ང་རྒྱལ་གླུ་དབྱངས་ལེན་དུས་ཁྱོད་ནི་དཔུང་རོགས་བཙན་པོ་ཞིག།
 
ཐོན་མིའི་བློ་རིག་ཇི་ལྟར་རྣོ་ཡང་ཁྱོད་རང་བསླུ་ཐབས་མ་བྱུང་ལ།།
བློན་པོ་མགར་དེ་ཇི་ལྟར་གྲུང་ཡང་རྒོལ་བའི་ནུས་པ་ཡོད་མ་ཡིན།།
བཙུན་མོ་ཆེ་ཆུང་ཐབས་ཀྱིས་བསུས་ཏེ་ཆབ་དཔལ་རིག་གསུམ་སྐྱོང་བའི་དུས།།
ཅང་ཤེས་རྟ་ཕོའི་རྨིག་སྒྲ་དེ་ནི་གོ་ལ་ཟླུམ་པོའི་ཁྱོན་ན་ལྡིར།།
 
པོ་ཏ་ལ་ཡི་གཟི་བྱིན་དེ་ཡིས་ཁྱོད་ཀྱི་སྙིང་སྟོབས་མཚོན་ནས་ཡོད།།
གཙུག་ལག་ཁང་གི་འོད་སྣང་དེ་ཡིས་ཁྱོད་ཀྱི་ལྷག་བསམ་འགྲེལ་གྱིན་འདུག།
ཀ་མད་སུམ་བཅུར་མི་ཚེ་བསྟིམས་པའི་མཁས་པ་སྟོང་གི་ཕྲག་སྟེང་ན།།
མངོན་པར་འཕགས་པའི་འོད་སྣང་དེ་ནི་ཁྱོད་སྐུའི་མཐོང་བ་དོན་ལྡན་ཉིད།།
 
བདག་ནི་ཁྱོད་ཀྱི་རིགས་སུ་སྐྱེས་ཀྱང་ཁྱོད་ཀྱི་འཁྲུངས་རབས་མ་ཤེས་ལ།།
སློབ་དཔོན་ཐོན་མིའི་མཚན་ལ་རྨོངས་ནས་ཀ་ཁའི་རྫི་བོ་བྱེད་ཀྱིན་ཡོད།།
ཁྲི་ཁར་འགྱིངས་པའི་བླ་མ་དེས་ཀྱང་ཁྱོད་རང་གླེང་དུས་ལྐུགས་པ་བཞིན།།
བོད་དོན་གླེང་བའི་སྨྲ་ལྕེ་རྒོད་པོ་རྣོ་སྐུད་ཕྲ་མོས་བསྡམས་ནས་ཡོད།།
 
སུམ་རྟགས་རྩོམ་པའི་མཁས་པ་དེ་ཚོས་སླ་བ་དཀའ་མོར་གཏོང་བཞིན་འདུག།
གཞུང་ལུགས་འཆད་པའི་དགེ་བཤེས་ལ་ལས་འཁྲུལ་བའི་མདུད་པ་རྒྱག་བཞིན་ཡོད།།
བར་མ་བར་གྱི་འབངས་མི་དག་གིས་བྲང་ཁ་ས་ལ་གླན་ན་ཡང་།།
སེམས་ཀྱི་རྨ་ཁ་རུལ་ལ་ཉེ་བས་ཨ་ལན་ལྡོན་མཁན་ཡེ་ནས་མེད།།
 
དུས་ཀྱི་རླུང་བུ་འུར་འུར་ལྡང་དུས་སྤྲུལ་བའི་ལྷ་ཚོགས་རྒྱང་ལ་བྱེར།།
ཐང་གི་ན་བུན་མཁའ་ལ་འཕྱུར་བས་སེམས་དཔའ་དེ་ཚོ་གཉིད་དུ་ཡུར།།
རྒུད་པའི་ཉིན་མོ་འཛུམ་གྱིས་བསུ་བའི་སློག་ཧྲུལ་གྱོན་པའི་སྤུན་ཟླ་ཚོས།།
དྲན་པའི་སྨྲེ་ངག་ཁྱོད་ལ་བསྲིངས་སོ་ང་ཡི་མེས་པོ་སྲོང་བཙན་ལགས།།
          ༢༠༡༡ལོའི་ཟླ༥པའི་ཚེས༡༡ཉིན་རང་ཤག་ཏུ་སྐྱོ་སྣང་དང་བཅས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་བེའུ་ཡི་བཅད་རྩོམ་བདམས་བཀོད།

2012-03-18 དཔལ་བེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།