ལྷ་སའི༼ཉང་བྲན༽རྟགས་མའི་སྙན་ངག་གྱེར་འདོན་ཁྲོད་ཀྱི་སྙན་ངག་ལྔ།

རོང་བོ་དགེ་འདུན་ལྷུན་གྲུབ་སོགས མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-29

      དབྱངས་ཅན་ལྷ་མཛེས། ཡུལ་ཤུལ་ས་འགུལ་གྱི་རྐན་སྒྲ།
                                                   རོང་བོ་དགེ་འདུན་ལྷུན་གྲུབ།
ཁྱེད་རང་བདག་གི་མིག་སྔར་རྟག་པར་མ་སྐྱོ་ཞིག
བདག་གི་དུར་བྱང་གི་མདུན་དུ་ཁྱེད་རང་དགའ་བར་གྱིས
རྒྱུ་མཚན་ནི        ནམ་ཞིག་བདག་གི་དུར་ཁང་གི་ཉེ་གམ་དུ
ཧི་མ་ལའི་ཕ་རོལ་ནས་ལོག་འོང་བའི་དཀོན་མཆོག་གི་ཕོ་ཉ་ཞིག་གིས
ཡིད་ཆེས་ཀྱི་སྨོན་ལམ་ཤུགས་དྲག་ཏུ་འདེབས་ངེས
 
བདག་གིས་འདི་ནས་རི་བོ་ཞིག་བརྒལ་ནས་འགྲོ་དགོས་བྱུང་དུས
ཁྱེད་ཀྱིས་བསྐྱེལ་མ་ཐུང་ཙམ་བྱས་ཀྱང་རུང་སྟེ
དཀོན་མཆོག་གིས་ངེད་གཉིས་བག་ཙམ་འདྲིས་པར་བྱས་ཀྱང
གློ་རྡེག་ལ་འུ་གཉིས་ཀྱི་སྒོ་མོ་རྡུང་མཁན་དེ་འཆི་བདག་ཡིན་པས
ང་ནི་ཡུད་ཙམ་གྱི་ཚེ་ལ་ཁྱེད་དང་གཏན་དུ་འབྲལ་དགོས་བྱུང་སོང
 
ཁྱེད་རང་ཆུང་ཆུང་ཡིན་དུས་སུ
ཞོགས་པའི་ཟིལ་བ་མུ་ཏིག་བཞིན་ཕྱོགས་སུ་བསྟོར་ནས
སྤྲིན་དཀར་དང་གཡུ་འབྲུག་འཁྱུག་པ་ལྟ་བུའི་དུ་བའི་མཛེས་སྡུག་ལ་ཅེར་ནས
གཙང་གསུམ་གྱི་མགོ་ཁུང་ན་ཉལ་བའི་ཕ་ཡུལ་གྱི་རྟ་ནོར་ལུག་གསུམ་དྲན་དུས
ཁྱེད་ཀྱིས་ངའི་ཕ་ཡུལ་དང་ངའི་མི་རིགས་ཞེས་མ་འབོད་རོགས
སྙིང་ཁ་ན་སྒྲ་མེད་དུ་འབབ་པའི་གཙང་བོ་དཀར་བོ་དེས
ས་གཞི་ཡོམ་ཞིང     ད་དུང་ས་གཞི་གཞན་ཡང་ཡོམ་པས
དཀོན་མཆོག་གིས་ཀྱང་མར་མེ་སེར་པོ་ཞིག་གི་འགྲམ་ན་ངུ་ལྕོག་རྒྱག་གིན་འདུག
ཁྱེད་ཀྱིས་སྐྱེ་རྒུ་ཀུན་པོར་དེ་ལྟའི་སྐྱོ་བ་མ་བསྟེར་ཅིག
 
ད་དུང་ཁྱེད་ཀྱིས་ཕ་ཡུལ་གྱི་ས་སྤར་མོ་གང་བྲང་ཁར་བསླན་ནས
སྐྱོ་བའི་ངང་དུ་མ་འཛད་རོགས
ས་རྡུལ་རེ་ཡི་འོད་ཟེར་གྱིས་བཏེགས་པའི་རྟ་ཕོ་ག་ཙམ་ཞིག་ལ
ཆེས་ཡིད་དུ་འོང་བའི་རྨི་ལམ་ཡོད་སྲིད་ལ
དེ་ལས་གཞན་ཁྱེད་དང་བཅས་པའི་ཁྱེད་ཀྱི་ཕ་ཡུལ་ཉེ་རིང་གང་དུ
དཀོན་མཆོག་གིས་ཀྱང་སྤྱན་མིག་སྟོང་ཕྲག་བགྲད་ནས་སྐྱོབ་པར་རེ་ཡོད་ཨང
 
ཕ་ཡུལ་གྱིས་ཁྱེད་རང་མཐོང་དུས
ཁྱེད་ཀྱིས་སྐྲ་གསེབ་ལ་གླིང་བུ་ནག་པོ་འཛེར་ཡོད་པ་མཐོང་འཕྲལ
སྤྲིན་དཀར་དང་ལུག་ཁྱུ      ཡང་ན་ལུག་མིག་མེ་ཏོག་གི་ཟེའུ་འབྲུའི་ཚོགས་ཀྱང
ཁྱེད་དང་ལྷན་དུ་འགྲེང་ཡོད་ལ      ཁྱེད་དང་ལྷན་དུ་རྒྱང་དུ་བྱེར་བའི་སེམས་པ
ཕྱིར་རང་གི་སྙིང་ག་རུ་སྡུད་ཀྱིན་འདུག
དེའི་ཕྱིར་ཁྱེད་ཀྱི་ཕ་ཡུལ་གྱི་རྒྱ་ནག་མ་ཎི་དང་བཅས་པའི་དཀོན་མཆོག་གིས
ཁྱེད་དང་ཁྱེད་ཀྱི་ཕ་ཡུལ་ཕྱི་རུ་འབོད་བཞིན་སྣང
 
ཕྱིར་འཁོར་ནས་བལྟས་ཚེ
འཆར་ཡན་གྱི་ཀློང་ན་འཕྱོ་བའི་ཕ་ཡུལ་གྱི་རི་དར་དང་རྡེའུ་འབུམ་གྱི་ཚོགས
ག་བར་རྡོག་ཐོན་གྱིས་བཞུད་ཟིན་པའི་ལོ་ཟླ་འདི་ཀོ་ནི
ཁྱེད་ཀྱི་ཆང་ཕོར་ཁ་ན་དྲིལ་བའི་མིག་ཆུ་ཐིགས་པ་འགའ་སྟེ
ད་ལྟའི་དུས་སུ་སེམས་ཀྱི་རྒྱ་མཚོ་ལ་འདྲེས་པ་ནི
དུས་ཚོད་ཀྱི་བར་སྟོང་ལ་ལྷན་པའི་དངུལ་གྱི་སོར་གདུབ་ཅིག་དང་མཚུངས
 
ཁྱེད་རང་མ་སྐྱོ་ཞིག     ཤིན་ཏུ་མ་སྐྱོ་ཞིག
ཞོགས་པའི་ཟིལ་རྩྭ་ལ་ཡན་པའི་རླུང་བུ་དག་གི་ལྕིད་ཤུགས་ཀྱིས
སླར་ཡང་ཁྱེད་ཀྱི་པང་དུ་དཔྱིད་ཀ་ཞིག་འཁྲིད་འོང་ངེས་ཤིང
དེ་དུས་ཀྱི་དཔྱིད་ཀ    འབྲི་ཆུ་རབས་བདུན་གྱི་ས་ཚིགས་ཤིག་ཏུ་འབྱོར་ཚེ
སྒ་བསྟོད་ཇོ་བོ་ཞལ་དཀར་དེ་ཡང་རྒྱལ་ལོ
ཁྱེད་ཀྱི་སྤྱི་གཙུག་ན་འབར་བའི་ཨེ་ཤ་ཡའི་འོད་ཟེར་དེ་ཡང་རྒྱལ་ལོ
 
     ལྷ་སའི་རྡོ་ཁང་།  ལྷ་སའི་སྐྱིད་ཆུ།
                                      མདོ་སྨད་ཧེ་རུ་ཀ
 
བསིལ་རླུང་ཕྲ་མོ།   ལྷ་སའི་ཉི་འོད་འོག་གི་བསིལ་རླུང་ཕྲ་མོ།
རྡོ་བའི་ཁང་བརྩེགས་དག་གི་བྱ་འགབས་བརྒྱུད་ནས
སྐྱིད་ཆུའི་ངོས་སུ་ལྷམ་མེར་འཕྲོས་ཡོང་སྟེ
ངའི་སེམས་ལ་ག་ལེར་སིམ་ཡོད
ཉི་འོད་དྲོན་མོ     ལྷ་སའི་ནམ་མཁའི་འོག་གི་ཉི་འོད་དྲོན་མོས
སྐྱིད་ཆུའི་བཞུར་རྒྱུན་དང་ངལ་དུབ་གཞིབས་ཏེ
རྡོ་ཁང་གི་གྲུ་བཞི་ལས་པའི་མེས་པོ་ཚོའི་སེམས་རྩར་འཐིམས་ཡོད
མདང་ནུབ   ཆར་བ་སིམ་སིམ་བབས་པས
རྡོ་ཁང་ཁྲ་མོ་དག་གི་ཡང་སྟེང་ལ་འོད་ཀྱི་སྣུམ་མདངས་འཁྱུག་རུང
སྐྱིད་ཆུ་སྔོན་མོའི་ཁ་ཞེང་ཆེ་རུ་རྒྱས་ཐུབ་མེད་པ
ཞོགས་ཀའི་ཉི་འོད་ཀློང་ནས་མཐོང་བྱུང
ལྷ་བསང་ཤུག་པའི་དྲི་ངད་ཀྱི་ཁྲོད་ནས་དྲན་བྱུང
 
བགྲེས་སོང་ཞིག་གིས་རྡོ་ཁང་ཞིག་བཞེངས་ནས་སོང་ཤུལ་དུ
རྡོ་ཁང་གི་ཡང་སྟེང་ལ་བྱ་ཚང་ཞིག་བཞག་ཡོད
ལས་ཀྱིས་དུབ་པའི་ངལ་བའི་རྔུལ་ཆུ་མཐའ་དག
གཙང་བོར་གྲུབ་ནས་སྐྱིད་ཆུའི་ནང་ལ་མིག་ཆུ་རུ་ཐིགས་སོང་སྐད
ལྷ་སའི་སྐྱིད་ཆུའི་ངོགས་སུ་སྐྱ་ཀ་ཁྲ་མོ་ཞིག་ཡོད
ལྷ་སའི་བར་སྐོར་གླིང་ན་ཕོ་རོག་ནག་ཆུང་འདུག
 
ལྷ་སའི་རང་བྱོན་མང་བོའི་ཁྲོད་ནས
རྡོ་ཁང་འདི་དག་རང་བྱོན་མིན་པའི
བཟོ་བོ་དག་གི་དཔའ་གདེངས་ལ་རྣ་བ་ཅོར་ནས་ཁྱོད་ཀྱིས་ཉོན་དང
སྐྱིད་ཆུ་སྔོན་མོའི་བཞུར་སྟངས་ལ་མིག་ཟུང་ལྷོད་དེ་ཁྱོད་ཀྱིས་ལྟོས་དང
ལྷ་སའི་གནས་མཇལ་བ་ཚོ
ལྷ་སའི་ཡུལ་སྐོར་བ་ཚོ
དུས་ཐོག་གཅིག་ལ་རྡོ་བའི་ཁང་བར་འཛུལ་ནས་མངར་ཇ་འཐུང་གིན་ཡོད
སྐྱིད་ཆུའི་འགྲམ་ངོགས་མྱུལ་ནས་རྐང་བ་འཁྲུད་ཀིན་ཡོད
 
ཉི་མ་དང་ཐག་ཉེ་བའི་ལྷ་ས
འོ་ཐང་མཚོ་མོ་བསྲུབས་ཤུལ་གྱི་རྡོ་བའི་ཕོ་བྲང་དེ
རྡོ་བའི་བསིལ་བ་འདྲོངས་སྲིད་པའི་ཕ་བོང་ཆེན་པོ
ཉི་མའི་ཚ་བ་འགོག་སྲིད་པའི་རྡོ་བའི་རྩིགས་པ
སྐྱིད་ཆུའི་རྒྱུན་ཐག་གི་སོ་ཕྲེང་བར་ནས
ངས་རྡོ་བའི་ཕྲེང་རྡོག་མང་བོ་ག་ལེར་མཐོང་བྱུང
 
རྡོ་བ་ལེབ་མོ་འཁུར་བའི་རྒད་པོ་ཞིག་གངས་ལ་འཐིམས་ཡོད
སྐྱིད་ཆུ་ཟོ་ལ་འཆུ་བའི་རྒན་མོ་ཞིག་མཚོ་ལ་ཆགས་ཡོད
ཡར་ཀླུང་ནས་ཁུར་ཡོང་བའི་ནས་འབྲུ་རྡོག་གཅིག
འདི་དག    འདི་དག་ཚང་མ    ཡུལ་འདིའི་ནང་རྟེན་དུ་གྲུབ་ཅིང
ཡུལ་འདིའི་གཟུང་ཐག་དུ་ཟད་ཀྱིན་ཡོད་པས
གསེར་མདོག་གི་ཉི་མའི་ངོགས་ན་སྙེ་ལོ་ཤད་ཤད་ཀྱིས
ལང་ཚོའི་མཛེས་སྡུག་མ་ལུས་རྡོ་བའི་ཁང་བར་བྱིན་ཡོད
 
ཕ་བོང་དང་ཉི་མའི་བར་ཐག་ཉིད་ནི
ས་གཞི་དང་ནམ་མཁའི་བར་ཐག་ཡིན་ལ
གཙང་བོ་དང་རྒྱ་མཚོའི་ཁ་ཐག་དང་ཕུགས་འདུན་ཡིན་པས
ངས་རྒྱང་རིང་གི་རེ་སྒུག་ས་གཞིར་བསྲེས་ནས
ནམ་མཁའི་ངོས་ཀྱི་ཕ་བོང་དག་དྲན་ཡོང
ཡང་ན་ཕ་བོང་ལས་གྲུབ་པའི་ཁང་བཟང་དག་གི་རྔམ་ཟིལ་དང་མངའ་ཐང་དྲན་ཡོང
དེ་དག་གི་ཁྲོད་ན་སྦས་ཤིང་བསྐུང་བའི
ལོ་ཟླའི་སྐྱི་གཉེར་གྱིས་བཅིལ་ཤིལ་བཏུམས་པའི
སྙིང་རུས་དང་དཔའ་མཛངས་ཀྱི་ཁ་དོག་ཡལ་ཨེ་ཡོད
 
ཆར་བ་འདི   ནམ་མཁའི་མིག་ཆུ་ཡིན་སོང
དྭངས་གསལ་གྱི་མིག་ཆུ་སྤྲིན་པའི་སྲམ་མཐུག་གིས་མ་ཁོག་པར
རྡོ་ཁང་གྲུ་བཞིའི་སྒལ་གཞུང་ལ་བབས་ནས་ཡོད
རེ་བའི་སྙེ་ལོ་ལྡེམ་ལྡེམ་འགུལ་གྱིན་པའི་དུས་ཚིགས་ཀྱི་ཁུགས་སོར
ཉི་ཟེར་ཕྲ་མོས་ལས་དབང་གི་ཁ་ཕྱོགས་བཙལ་ནས་བརྒྱུགས་རུང་གི
ཞོགས་པའི་བསང་དུད་དང་འདྲེས་པའི
མར་མེ་དྲི་ངད་དང་བསྡོངས་པའི
སྐྱ་རེངས་ཀྱི་ཐུ་འོག་ན་དལ་གྱིས་བགྲོད་པ་ཉིད་ནི
སྐྱིད་ཆུ་སྔོན་མོའི་ནུར་འགྲོས་ཡིན་འདུག
 
རྡོ་ཁང་གྲུ་བཞི་དེ་རྟག་བརྟན་ལ་ཟུག་ནས་ཡུན་རིང་ལུས
སྐྱིད་ཆུ་སྔོན་མོ་ཉིད་མདུན་དུ་བཞུར་ནས་ཡུན་རིང་འགོར
ལྷ་སའི་རྡོ་ཁང
ལྷ་སའི་སྐྱིད་ཆུ
རང་ལུགས་གཉིས་སུ་གྱེས་པའི་རྩ་བ་དང་རྩེ་མོ་དེ་ག
ཉིན་སྲུབ་གཉིས་ལ་བསྐུངས་བའི་བརྩེ་དུང་གི་ཐིག་ལེ་ཨེ་ཡིན
བརྩེ་དུང་གི་ཐིག་ལེ་ཉི་མའི་ངོགས་སུ་དཔྱངས་པའི་ལས་དབང་གི་རྨ་ཁ་ལགས་ན
ལྷ་སའི་སྐྱིད་ཆུ་ཁྱོད་བཞུར་ནས་འགྲོ་བཞིན་ཡོད
ལྷ་སའི་རྡོ་ཁང་ཁྱོད་ཟང་ཟིང་ལ་ཆགས་ནས་ཡོད
ཉིན་མཚན་དུས་དྲུག་གི་ནང་རོལ་ལ་བསྐུང་ནས
ངས་ཁྱོད་གཉིས་ཡང་ཆུང་ལ་སྦྲུམ་ནས་མ་ནོག་ཡོད
ངས་ཁྱོད་གཉིས་མ་ཁོག་ལ་བཅུག་ནས་མ་བརྗེད་ཡོད
ལྷ་སའི་རྡོ་ཁང   ལྷ་སའི་ཉི་འོད་འོག་གི་རྡོ་ཁང་གྲུ་བཞི
ལྷ་སའི་སྐྱིད་ཆུ   ལྷ་སའི་ཉི་འོད་འོག་གི་སྐྱིད་ཆུ་སྔོན་མོ
                              2011-8-30ཉིན་ཉི་གྲོང་ནས།
 
         ཕ་ཡུལ།
                      སྨྲེང་བུ།
ད་ནངས་ཞོགས་པར
ཕ་ཡུལ་ནས་ཁ་པར་ཞིག་འབྱོར་བྱུང
ཁོ་ཚོས་གྲོང་བརྡལ་ཞིག་ཏུ
རླངས་འཁོར་ཞིག་ལ་སྒུག་བསྡད་ཡོད་ཟེར
རླངས་འཁོར་དེ
གྲོང་ཁྱེར་ཞིག་ནས་འབྲོག་ཁུལ་ཞིག་ཏུ་བགྲོད་པའི་གླ་འཁོར་ཞིག་ཡིན་སྐད
དོན་ལ་ཕྱུག་པོ་ཚོས་འབྲོག་པའི་རྩྭ་ས་ཉོས་ཏེ
མི་སེར་གླས་ཏེ་དབྱར་རྩྭ་དགུན་འབུ་བརྐོ་བར་ཁྲིད་ཀྱི་ཡོད
 
ཁ་པར་ལས
ལམ་བར་དུ་ངེས་མེད་བསྐུངས་ཏེ
འགོག་མཁན་གྱི་ལམ་པ་ཡོད་པས
ཉིན་མོ་ཡིབ་སྟེ་མཚན་མོར་འགྲོ་དགོས་ལ
ལམ་རྒྱགས་དང་ཉལ་གོས་འཁུར་ནས
རྐང་ཐང་ལ་འགྲོ་ས་མང་ཟེར
 
ཁ་པར་ལས
ལྷ་ས་ན་གྲ་བཞི་ལྷ་མོར་འབོད་པའི
ཚོང་པའི་སྐྱབས་རེ་ས་ཞིག་ཡོད་པས
ཆག་ཆེ་ཉམ་ང་རེ་དང་ན་བ་ཚ་བ་རེ་མི་འབྱུང་བའི
གྲོགས་དན་དང་འཕྲིན་བཅོལ་ཞིག་མཛོད་དང་ཟེར
 
སྤྱིར་ཡིན་ན
མཚོ་སྔོན་པོའི་ལྷོ་ཕྱོགས་འདི
རྨ་ཆུའི་སྟོད་རྒྱུད་ལ་གཏོགས་པས
རང་ས་རང་དབང་ཡིན་ན་འགྲིག་ཀྱང
ལམ་གྱི་དཀའ་སྡུག་དང་ལམ་པའི་འཇིགས་སྣང་གཟེད་དེ
དུས་ཚོད་མང་པོ་ལྟོགས་སྐོམ་ཁྲོད་ཟད་པའི་ངང་ཚུལ་འདི
དུས་རབས་ཉེར་གཅིག་གི་སྤྱི་ཟླ་ལྔ་པའི
རྨ་ཆུའི་སྟོད་རྒྱུད་འདིར་ཐོས་རྒྱུ་མཐོང་རྒྱུ་གཉིས་ཀ་ཡོད
 
དབྱར་རྩྭ་དགུན་འབུ་ཟེར་བའི་ནོར་བུ་འདི་རྙེད་པ་ནས་བཟུང
བདེ་ས་འཇམ་ས་རུ
ཚོང་པ་ཚོས་ཉིན་མོའི་ཟས་བརྗེད་ཅིང
མཚན་མོའི་གཉིད་ཀྱང་བཅག་ཡོད
ལྷ་སའི་ཨི་སི་ལམ་ཕྱག་ཁང་ཆེན་མོའི་ཉེ་འཁོར་ནི
སྨན་རྩྭ་ཉོ་འཚོང་གི་འདུ་དགོད་ཆེ་ས་ཡིན་ལ
སྨན་རྩྭ་ཉོ་འཚོང་གི་ཐོག་ཁང་ཆེན་མོ་ཞིག་ཀྱང་གསར་དུ་བཞེངས་ཡོད
ཁོ་ཚོས་ཁ་པར་རྐྱང་རྐྱང་གི་ལམ་ནས
བདེ་ས་འཇམ་ས་རུ་བསྡད་དེ
བྲིན་ཚོང་གི་རྒྱུ་ནོར་ལོ་ནས་ལོར་གསོག་རྒྱུ་ཡོད་ཅིང
ལུས་ཀྱི་དཀའ་སྡུག་དང་སེམས་ཀྱི་འཇིགས་སྣང་གཟེད་དོན་མེད
འཁྱག་གྲང་དང་ལྟོགས་སྐོམ་མྱང་དོན་མེད
སེམས་ངལ་གྱི་ལན་ཆགས་ཀྱང་འཁུར་དོན་མེད
 
ནང་མི་ཚོས
སྒོ་ཟོག་ཉུང་ངུ་དེ་ཚོ་དང
ཞིང་ས་ཆུང་ངུ་དེ་ཚོ་བསྐྱུར་ཏེ
མེས་པོ་དང་མེས་མོ       དྲིན་ཅན་གྱི་ཕ་མ་དག་བསྐྱུར་ཏེ
རྫ་ལུང་རི་ལུང་ཉུལ་མཐར
སྣག་ཁྲག་གིས་བསགས་པའི་ནོར་བུ་རྩ་ཆེན་དེ་དག
ཕངས་མེད་དུ་རིན་མེད་དུ་ལག་འབབ་ཕྲ་མོར་བརྗེས་མཐར
གདོང་གི་འཛུམ་ཆུང་དེ་གཞི་ནས་མཐོང་ཐུབ
ངག་གི་གླུ་ཆུང་དེ་གཞི་ནས་ཐོས་ཐུབ
སྐབས་དེར       ཁོ་ཚོས
ལུས་ཀྱི་དཀའ་སྡུག་དང་སེམས་ཀྱི་འཇིགས་སྣང་དེ      བརྗེད་ཡོད
འཁྱག་གྲང་དང་ལྟོགས་སྐོམ་དེ       བརྗེད་ཡོད
སེམས་ངལ་གྱི་ལན་ཆགས་དེའང་བརྗེད་ནས
རང་ཡུལ་ལ་ལོག་གྲབས་ཀྱི་སྒང་ཡིན་ཡང
ཇི་ལྟར་བཙལ་ཡང
ཁོ་ཚོའི་འཁོར་བ་འདིའི་མཐའ་མཐོང་ཐབས་མི་འདུག
ཇི་ལྟར་རེག་ཀྱང
ཁོ་ཚོའི་ལས་བསྐོས་འདིའི་གདོང་མྱོང་ཐབས་མི་འདུག
ཕྱུག་པོ་དང་རྩྭ་བདག
 ཚོང་པ་ཚོས་ཁོང་ཚོ་རེ་རེ་བཞིན་བཙིར་རྗེས
ད་ཆ་ཁོ་ཚོའི་ཨམ་ཕྲག་ལ་ག་ཚོད་ལྷག་བསྡད་ཡོད
ཁོ་ཚོས་སེམས་དང་བསམ་པས
ལྷ་དང་ལྷ་མོའི་གྲོགས་དན་ལ་སྒུག་རྗེས
སྙིང་རེ་རྗེ་ཟེར་མཁན་ག་ཚོད་ཡོད
 
ནམ་ཞིག་ལ
ཁོ་ཚོའི་འཁོར་བ་འདིའི་མཐའ་ཟད་དེ
ཁོ་ཚོས་ལས་བསྐོས་འདིའི་གདོང་རྙེད་པར་འགྱུར་རམ
ནམ་ཞིག་ལ……!?
ནམ་ཞིག་ལ……!?
ནམ་ཞིག་ལ……!?
 
       ལམ་ཆུང་།
                   དཔལ་ལྷ།
 
ལམ་ཆུང་ཞིག་གི་སྣེ་མོ་སྙེག་དུས
ཡོད་ཚད་ལ་དང་དད་ཀྱི་ཞེན་ཁ་ཞིག་འཕངས
ཉི་ཟེགས་ཀྱི་རྡུལ་བ་ཁྲག་ཁྲིག་གིས་རྩེན་པའི
དགའ་སྐྱོ་ཆགས་སྡང་གི་མེ་ཕུང་དེ་དག
སེམས་ཁམས་ཀྱི་རྗེས་ཤུལ་དུ་ཕབ་པའི
ལྐོག་འགྱུར་གྱི་མན་ངག་ཅིག་ཏུ་རུམ་ཚེ
རང་གཤིས་ཀྱི་ཡོ་བའི་སྲབ་མདའ་དེ
སྨྲེང་སེམས་ཕྲ་མོའི་སྲུབས་ཀ་ནས་གཅུ་ཞིང
སེམས་ངོགས་ཀྱི་ལམ་ཆུང་སྐྱ་མོ   ངང་གིས་འགྲིམ
 
ཡུལ་གྱི་བཀོད་པའི་ཉམས་བཟང་དག་ལས
མི་སྡུག་སྣང་ངོ་ཞིག་གི་སིམ་འཛུལ་ལ
ཧར་སྒོམ་ཞིག་བྱེད་ཚེ   སྨྲེ་སྔགས་ཡང་འཆོར
དེ་ན་བཅོས་མིན་གྱི་ངོ་གདོང་དེ་དང
དངས་གཙང་གི་སེམས་པ་ཞིག་བཀླག་ཕྱིར
ངའི་ཁྲག་རྩར་བཞུར་བའི་ཁྲག་རྒྱུན་དྲོན་མོར
བསྲེས་ལྷད་ཅིག་མེད་པའི་དམ་གྱིས་ཚིག
 
གྲོག་རོང་གི་རྒྱུག་ཆུའི་ཤག་སྒྲ་རྣོ་བོས
ངའི་བན་བུན་གྱི་མགྲིན་པ་བརྣངས་ཤིང
ངའི་ཁྲག་རྩའི་བུ་ག་ནས་འཕྱུར་འོངས་ཚེ
ཚེ་སྲོག་ལ་བཀོལ་བའི་རེ་སྙེག་གི་མེ་ཕུང་དེ་དག
བླ་མེད་བདེན་ཁ་ཞིག་གི་རྗེས་སྙེག་སྟེ
ནམ་མཁར་འཕྱོ་ཞིང་ས་གཞིར་གླགས་བལྟའོ
 
ད་གཟོད་ཟླ་བའི་བླ་ཁྱིམ་ལས་ཁུགས་པའི
དྲན་པ་ཞིག་གི་ཞལ་ངོ་གསལ་བྱུང་ཚེ
མངོན་ལྐོག་གང་རུང་གི་མཚོན་པ་བས་ཀྱང
ཟླ་བའི་མཚན་ཉིད་དེ་རྟོགས་སླ་བར་ངེས་ན
རང་སེམས་ཀྱི་མཁའ་དབྱིངས་སུ་འཁྲོལ་བའི
རོལ་མོ་དག་ལས  མིག་ཆུ་དང་དགོད་སྒྲ
སྨྲེ་སྔགས་དང་རེ་སྙེག་སོགས་འཕྲོས་འོང་སྟེ
འདི་ནི་འཚོ་བའི་ཁྲོད་ཀྱི་སྙན་ངག་ཅིག་དང
སྙན་ངག་ཁྲོད་ཀྱི་ལམ་ཆུང་སྐྱ་མོ་དེ་ཡིན་ཨང
 
       བུ་མོ་ཟླ་བ།
                         ས་དམར་གྲགས་པ།
མི་རྣམས་ཀྱིས་བཤད་པ་ལྟར་ན
སྐར་ཚོགས་ཀྱི་དབུས་སུ་འོད་ལམ་ལམ་བྱེད་ཀྱིན་པ་དེ་ཟླ་བ་རེད་ཟེར
དེ་ན   རང་སེམས་ན་འགུལ་གྱིན་པ་འདིའང་ཟླ་བ་མ་ཡིན་ནམ                             
ཟླ་བའི་མིག་ཟུང་ཆུང་ཆུང   བདག་གི་སེམས་པ་ཆུང་ཆུང
རི་རྩེ་ནས  བདག་ལ་ཕྱི་མིག་གིས་བལྟ་མཁན་དེ
ལྷ་སྒྲུང་ནང་གི  ཟླ་བའི་བུ་མོ་ལྟ་བུའི  བུ་མོ་ཟླ་བ་མ་ཡིན་ནམ
བུ་མོ་ཟླ་བ  བུ་མོ་ཟླ་བ  ཞིང་གྲོང་གི་བུ་མོ་ཆུང་ཆུང
 
སྨོན་པ་ཁྲི་ཕྲག་གི་རེ་བ་དང་འགྲོགས་ནས  
སྐྱིད་ཤོད་གཙང་བོར་བཞག་པའི་དམ་བཅའ་རྙིང་པ་རྙིང་པ་དེ
སེམས་ལ་བཟུང་ནས  ཡིད་ལ་བསྒོམས་ཏེ
ཉིན་ཞིག་ཁྱོད་ཀྱི་སྒོ་ཁར་འབྱོར་མཁན་དེ་ང་ཡིན་ན 
དེ་དུས   ཁྱོད་ཀྱིས་ང་ངོ་ཤེས་སམ       
ད་དུང   ཁྱོད་ཀྱི་སེམས་པ་ནི་གངས་རི་དང་འདྲ་བའི
སྐབས་དེ་དུས་ཀྱི་དཀར་གཙང་གཙང་གི་སེམས་པ་གཙང་མ་དེ་ཡིན་ནམ
བུ་མོ་ཟླ་བ  བུ་མོ་ཟླ་བ  ཞིང་གྲོང་གི་བུ་མོ་ཆུང་ཆུང
 
མཆི་མ་རུམ་དུ་བླུགས་མཁན་གྱི་བུ་མོ་ཟླ་བ
བརྩེ་བ་སྙིང་ལ་རྐོ་མཁན་གྱི་བུ་མོ་ཟླ་བ
གལ་སྲིད  ཁྱོད་ནི་བར་སྐོར་གླིང་གི
ཨ་མ་ཆང་མའི་ལག་ནང་གི་ནས་ཆང་སྔོན་མོ་འདི་ཡིན་ན 
ཁྱོད་རང་དྲན་པའི་སྐབས་སུ   ངས་ན་ཟུག་དང་ལྷན་དུ
ཧུབ་གང་རེ་གང་རེ་བྱས་ཏེ་སེམས་པའི་ན་ཟུག་འདི་གསོས་ཆོག་ལ
ཡང་ན  ཁྱོད་ནི་ཞིང་ས་གྲུ་བཞི་འདིའི་ནང་གི་སྲན་མའི་མེ་ཏོག་འདི་ཡིན་ན
ངས་རང་གི་སེམས་པ་ན་བའི་མཆི་མ་དག  ཆར་བ་བཞིན
དུས་རྒྱུན  ཁྱོད་ཀྱི་དགོས་མཁོ་དང་བསྟུན་ཏེ
སིམ་སིམ  སིམ་སིམ་དུ  འབབ་ན་འདོད
བུ་མོ་ཟླ་བ  བུ་མོ་ཟླ་བ  ཞིང་གྲོང་གི་བུ་མོ་ཆུང་ཆུང
 
ཉི་མ་མེ་ཏོག་དང་མཉམ་དུ་སྐྱེས་ཤིང
པདྨའི་མེ་ཏོག་དང་ལྷན་དུ་བཞད་པའི   བུ་མོ་ཟླ་བ 
རྐང་རྗེས་ཕྱི་ལ་འཇོག་མཁན་གྱི་བུ་མོ་ཟླ་བ
ཕྱི་མིག་སེམས་ལ་འཇོག་མཁན་གྱི་བུ་མོ་ཟླ་བ
དཔེ་ཁུག་ཆུང་ཆུང་ཁུར་བའི་ཞིང་གྲོང་གི་བུ་མོ་ཟླ་བ
དེ་རིང  རི་བོ་གང་ཞིག་གི་ཉེ་འགྲམ་དུ་ཡོད
སྤྲིན་པ་གང་ཞིག་གི་གཤོག་འོག་ཏུ་ཡོད
བུ་མོ་ཟླ་བ  བུ་མོ་ཟླ་བ  ཞིང་གྲོང་གི་བུ་མོ་ཆུང་ཆུང
 
ཐག་རིང་ཞིག་ན་ཁ་བ་བབས་ཀྱིན་འདུག
གནས་དེ་རུ་ཁྱོད་ཡོད་དམ  བུ་ཡུག་འཚུབས་དྲགས་པས
ཡོད་ན  ཁྱོད་གྲང་གིན་འདུག་གམ
ཐག་ཉེ་ཞིག་ཏུ་ཆར་བ་བབས་ཀྱིན་འདུག
གནས་དེ་ན་ཁྱོད་ཡོད་དམ  ཆར་རླུང་ཤུགས་དྲགས་པས
ཡོད་ན  ཆར་བས་བརླན་བྱུང་ངམ
བུ་མོ་ཟླ་བ  བུ་མོ་ཟླ་བ  ཞིང་གྲོང་གི་བུ་མོ་ཆུང་ཆུང
 
འཕྲད་པའི་དུས་ཚོད་མ་བྱུང  དྲན་པའི་ན་ཟུག་མི་བཟོད
ངའི་སེམས་ཀྱི་མེ་ལོང་ནང་དུ་འཆར་བའི་བུ་མོ་ཟླ་བ
རི་བོའི་ཕ་རོལ་ན་ཅི་ཞིག་ཡོད་པ་བདག་གིས་དེ་རིང་འཚོལ་མི་འདོད་ལ
སེམས་པའི་སྒོ་ཁ་རུ་སུ་ཞིག་སླེབས་ཡོད་པའང་བདག་གིས་དེ་རིང་ལྟ་མི་འདོད
ཡིན་ན་ཡང  རེ་ཞགས་ཀྱིས་ཟིན་པའི་ཁྱོད་ཀྱི་འབྲི་དེབ་ཆུང་ཆུང་དེ་དང
མཆི་མ་ཡིས་བརླན་པའི་ངའི་དྲན་གདུང་གསོན་པོ་འདི་དག
ནམ་ཞིག  མེ་ཏོག་གི་ཆར་བ་ཞིག་དང་ལྷན་དུ་འབབ་སྲིད་དམ་སྙམ་ན
ངས  དྲན་གདུང་གི་ན་བུན་ཡོད་ཚད་བཟོད་ཐབས་མི་འདུག་ཨང
བུ་མོ་ཟླ་བ  བུ་མོ་ཟླ་བ  ཞིང་གྲོང་གི་བུ་མོ་ཆུང་ཆུང་ལགས
                                  ༢༠༡༡ལོའི་ཟླ༧ཚེས༢༩་ཉིན་དབུས་སུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སའི༼ཉང་བྲན༽རྟགས་མའི་སྙན་ངག་གྱེར་འདོན་ཁྲོད་ཀྱི་སྙན་ངག་ལྔ།

2011-10-29 རོང་བོ་དགེ་འདུན་ལྷུན་གྲུབ་སོགས ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།