ས་དམར་གྲགས་པའི་སྙན་ཚོམ། སྟོན་ཀ

 
    ༼ ༡༽སྟོན་ཀ

སྟོན་ཀ་བསླེབས་བྱུང   ཉི་འོད་ཀྱིས་ཁ་བ་བསུས་བྱུང
ལོ་མའི་རོལ་དབྱངས་ལ་འཐིམས་པའི་ཁ་བ་ནག་པོ
པགས་པ་མེད་པའི་སེམས་ཅན་གང་རུང་གི་སྙིང་ལ་ཟུག་སོང

༢༠༡༢/༩/༢༥ཞོགས་པར་དབུས་སུ་གྲུབ།
 
   ༼༢༽ རྩིས།

ཤིང་སྡོང་དང་ཡལ་ག    
མེ་ཏོག་དང་རྣམ་ཤེས
གཉིས་གཉིས་བཞི་རུ་གྲུབ   
ཡོད་ཚད་བརྒྱ་རུ་གྲུབ
སྟོང་དང་ཁྲིའང་འདི་ལས་བྱུང་ངོ

༢༠༡༢/༡༠/༥ཉིན་དབུས་གྲུབ།

     ༼༣༽ཚོར་བ།

རི་རྩེ་ནས་སྤྲིན་པ་ལག་པས་འཛིན་མ་ཐུབ
རྐང་འོག་ནས་ཅི་ཞིག་གཉིད་ལ་ཤོར་སོང

དོན་ངོ་མར་ངའི་བྲང་གཞུང་ཆེའམ་ནམ་མཁའ་ཆེ

མེ་འོད་ཁོ་ནས་ང་ལ་ཅི་ཞིག་སྦྱིན་ཐུབ་བམ
མཆོད་མེ་རྐང་གཅིག་འདི་ཡང་གཟིམ་ལ་ཉེ

བྲག་མཐོན་པོ་གན་ཨ་ཕ་རེད་ཟེར
ཐངས་ཡངས་པོ་གན་ཨ་མ་རེད་ཟེར
ང་སུ་རེད   ཁོ་སུ་རེད
འདི་ལ་ཆར་པ་ཟེར  འདི་ལ་སྤྲིན་པ་ཟེར

༢༠༡༢/༡༠/༦ཉིན་དབུས་སུ་གྲུབ།

   ༼༤༽མཆོད་མེ།

སུ་ཞིག་གི་རྣམ་ཤེས་རླུང་གིས་ཁུར་སོང
རླུང་གིས་ཁུར་དེ་ཐག་རིང་དུ་ཆས་སོང
འོད་ཀྱི་རྨི་ལམ་དེའི་གཞིས་ཁྱིམ་དུ་འཛུལ་པ་ག་ལ་ཡིན་ནམ
སྙིང་ནས་དྲན་བྱུང    ག་རེ་ཡིན་ན་བསམས་བྱུང

ཡིག་དྲུག་གི་མགུར་མ་རེ་རེ
འོད་ཀྱི་ཐིགས་པ་རེ་རེ་ཡིན་ན
སུ་དང་གང་གིས་རེ་སྨོན་དང་སྐྱབས་འཇུག་ལ་འདྲེས་ཏེ
ཁྱོད་ཀྱི་བསྔོ་སྨོན་ལ་འཐིམ་པར་ཞུའོ

ཚག་ཚག་འབར་བཞིན་པའི་མཆོད་མེ་རྐོང་བུ་གང་འདི
ཨ་མའི་མར་ལོ་ཆུང་ཆུང་དེ་ཡིན་པ་ཤེས་པར་གྱིས

                    ༢༠༡༢/༨/༥ཉིན་གཙོས་ནས་གྲུབ།

   ༼༥༽འོད།

ངའི་མིང་ལ་འོད་ཅེས་འབོད
འོད་ནི་ཅི་ཞིག་ཡིན་ནམ

ང་ལ་གྲོགས་པོ་ཞིག་ཡོད
དེའི་མིང་ལ་མུན་པ་ཟེར

དེ་རིང་ཤར་ན་ཡོད
སང་ཉིན་ནུབ་ན་ཡོད
མུན་པ་ལགས    ཁྱེད་རང་གང་ན་ཡོད

༢༠༡༢/༡༠/༧ཉིན་དབུས་སུ་གྲུབ།

   ༼༦༽ཁ་དོག

དཀར་པོ་ནི་ཁ་དོག་གི་གཞི
སེར་པོ་ནི་ཁ་དོག་གི་རྒྱན

སྔོན་པོ་ནི་མཐོ་ཚད
ལྗང་ཁུ་ནི་རྒྱ་ཁྱོན

ངུར་སྨུག་ནི་ཆོས་ཀྱི་འོད་དང་ལམ་གྱི་མདོ

མེད་པ་དག་ནི་ཡོད
འཚོ་བ་ནི་ཁ་དོག་གོ

༢༠༡༢/༡༠/༨ཉིན་དབུས་སུ་གྲུབ།

    ༼༧༽མིང་མེད།

ལྕགས་ཀྱི་སྒོ་ཆེན་དེ་ངའི་བྱ
འོད་ཀྱི་སྒེའུ་ཁུང་དེ་ངའི་བྱ

རྨི་ལམ་གྱི་གཤོག་པ་ཡ་གཅིག་ཕྱི་མ་ཡིན
རྨི་ལམ་གྱི་གཤོག་པ་ཡ་གཅིག་འཇིག་རྟེན་ཡིན

ཚེ་རབས་ནས་ཚེ་རབས
དེ་རིང་ནས་སང་ཉིན
སྐར་ཆ་གཅིག་གི་རྗེས་སུ་ཅི་ཞིག་བྱུང་ཨང

ཨ་མ་ལགས    ཨ་མ་ལགས------

༢༠༡༢/༡༠/༩ཉིན་དབུས་སུ་གྲུབ།


     ༼ ༨༽མིག་ཤེལ།

མགོ་བོ་འདི་ཆུང་དྲགས་པས་ཡིན་ནམ
ལྷ་སྒྲུང་གི་རྨི་ལམ་ལས་བབས་པའི་རལ་གྲི་ཐུང་ཐུང
གསེར་དང་དངུལ   གཡུ་དང་བྱུ་རུ
གང་ཞིག་གིས་ཀྱང་རྒྱན་མ་ནུས

ང་ལ་མགོ་རས་ནག་པོ་ཞིག་ཡོད
ཨ་མི་རེ་ཁའི་སྲིད་འཛིན་གྱི་ཡིན
ང་རང་མགོ་རས་དེའི་འོག་ཏུ
དུས་ཡུན་ག་ཚོད་ཅིག་ཏུ་གབ་ནས་སྡོད་ཐུབ་བམ

མགོ་རས་དེ་ཟད་རྗེས
ང་ལ་སྐུད་པ་ཞིག་ལྷག་སྲིད་དམ
སྐུད་པ་དེ་ལ་ངས་ཅི་ཞིག་བརྒྱུ་ཆོག་གམ

༢༠༡༢/༡༠/༡༡ཉིན་དབུས་སུ་གྲུབ།

  ༼༩༽ ཐོ་འགོད།

མིང་ལ་ས་དམར་གྲགས་པར་འབོད
རུས་མིང་ལ་མེས་པོའི་སྐབས་སུ་སྒ་ཡིན་སྐད
ཕ་ཡུལ་མདོ་ལྷོའི་ཅོ་ནེ་བཙན་རྫོང་ནས་ཡིན
ད་ལྟ་ང་རང་ལྷ་ས་རུ་ཡོད   
ལྷ་ས་རུ་སྡོད་རྒྱུར་ཧ་ཅང་དགའ

དགའ་རོགས་མེད   དགའ་ཕྱོགས
སྙན་ངག་ལྷ་མོའི་རྨི་ལམ་འབྲི་རྒྱུ
ཡོངས་འབབ་ཧ་གོ་མ་སོང་། རང་ལོ༢༩ཡིན
རྨི་ལམ   ཆུང་མའི་རུམ་ཁ་ང་ལ་དབང་ན
བྱིས་པ་ང་རང་འདྲ་བ་ཞིག་སྐྱེས་འདོད་མེད

སྔོན་དུས་སུ་གྲྭ་བ  དེ་ནས་སློབ་མ
དེ་ལས་འཁྱམས་པོ་དང་སྙན་ངག་ལ་དགའ་མཁན་ཞིག
ཟ་མ་གང་ནས་ཟས་ཀྱང་ཆོག་པར་འདོད
ཨ་མའི་མིང་ལ་རིན་ཆེན་སྐྱིད
ཨ་ཕའི་མིང་མི་འདྲི་རོགས
ང་དང་ཁ་གྱེས་ཏེ་མི་ལོ་བཅུ་བཞི་ཡོལ་ཟིན

༢༠༡༢/༡༠/༡༣ཉིན་དབུས་སུ་གྲུབ།

   ༼༡༠༽ ༢༠༠༧ལོའི་དེ་རིང་དྲན་པ།

ཉི་མ་དེར་ང་རང་གཞིས་ཀ་རྩེ་རུ་ཡོད
འོད་སྣང་མེད་ས་ཞིག་ན་དགུན་ཁའི་ཁ་བར་བསྒུག་བསྡད་ཡོད

ཉི་མ་དེར་གྲོགས་པོ་དག་གིས་ང་ལ་རྩམ་པ་འཆིང་བུ་རེ་གནང་བྱུང
ངས་དེ་རིང་དབུས་ན་ཉི་མ་དེ་དྲན་བཞིན་ཡོད

དེ་རིང་ངས་ཆང་ཕོར་མཆི་མར་གཏེགས་ཏེ
རྒྱང་རིང་གི་ཨ་མ་དང་གྲོགས་པོ་དག་དྲན་ཆོག་གམ

ཉི་མ་དེར   ཉི་མ་དེར   ༢༠༠༧/༡༠/༨
ཉི་མ་དེར   ང་ལ་གཞི་ནས་མིག་ཆུ་ཡོད་པ་ཚོར་བྱུང

                          ༢༠༡༢/༡༠/༨ཉིན་དབུས་སུ་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་དམར་གྲགས་པའི་སྙན་ཚོམ། སྟོན་ཀ

2012-12-27 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།

 
    ༼ ༡༽སྟོན་ཀ

སྟོན་ཀ་བསླེབས་བྱུང   ཉི་འོད་ཀྱིས་ཁ་བ་བསུས་བྱུང
ལོ་མའི་རོལ་དབྱངས་ལ་འཐིམས་པའི་ཁ་བ་ནག་པོ
པགས་པ་མེད་པའི་སེམས་ཅན་གང་རུང་གི་སྙིང་ལ་ཟུག་སོང

༢༠༡༢/༩/༢༥ཞོགས་པར་དབུས་སུ་གྲུབ།
 
   ༼༢༽ རྩིས།

ཤིང་སྡོང་དང་ཡལ་ག    
མེ་ཏོག་དང་རྣམ་ཤེས
གཉིས་གཉིས་བཞི་རུ་གྲུབ   
ཡོད་ཚད་བརྒྱ་རུ་གྲུབ
སྟོང་དང་ཁྲིའང་འདི་ལས་བྱུང་ངོ

༢༠༡༢/༡༠/༥ཉིན་དབུས་གྲུབ།

     ༼༣༽ཚོར་བ།

རི་རྩེ་ནས་སྤྲིན་པ་ལག་པས་འཛིན་མ་ཐུབ
རྐང་འོག་ནས་ཅི་ཞིག་གཉིད་ལ་ཤོར་སོང

དོན་ངོ་མར་ངའི་བྲང་གཞུང་ཆེའམ་ནམ་མཁའ་ཆེ

མེ་འོད་ཁོ་ནས་ང་ལ་ཅི་ཞིག་སྦྱིན་ཐུབ་བམ
མཆོད་མེ་རྐང་གཅིག་འདི་ཡང་གཟིམ་ལ་ཉེ

བྲག་མཐོན་པོ་གན་ཨ་ཕ་རེད་ཟེར
ཐངས་ཡངས་པོ་གན་ཨ་མ་རེད་ཟེར
ང་སུ་རེད   ཁོ་སུ་རེད
འདི་ལ་ཆར་པ་ཟེར  འདི་ལ་སྤྲིན་པ་ཟེར

༢༠༡༢/༡༠/༦ཉིན་དབུས་སུ་གྲུབ།

   ༼༤༽མཆོད་མེ།

སུ་ཞིག་གི་རྣམ་ཤེས་རླུང་གིས་ཁུར་སོང
རླུང་གིས་ཁུར་དེ་ཐག་རིང་དུ་ཆས་སོང
འོད་ཀྱི་རྨི་ལམ་དེའི་གཞིས་ཁྱིམ་དུ་འཛུལ་པ་ག་ལ་ཡིན་ནམ
སྙིང་ནས་དྲན་བྱུང    ག་རེ་ཡིན་ན་བསམས་བྱུང

ཡིག་དྲུག་གི་མགུར་མ་རེ་རེ
འོད་ཀྱི་ཐིགས་པ་རེ་རེ་ཡིན་ན
སུ་དང་གང་གིས་རེ་སྨོན་དང་སྐྱབས་འཇུག་ལ་འདྲེས་ཏེ
ཁྱོད་ཀྱི་བསྔོ་སྨོན་ལ་འཐིམ་པར་ཞུའོ

ཚག་ཚག་འབར་བཞིན་པའི་མཆོད་མེ་རྐོང་བུ་གང་འདི
ཨ་མའི་མར་ལོ་ཆུང་ཆུང་དེ་ཡིན་པ་ཤེས་པར་གྱིས

                    ༢༠༡༢/༨/༥ཉིན་གཙོས་ནས་གྲུབ།

   ༼༥༽འོད།

ངའི་མིང་ལ་འོད་ཅེས་འབོད
འོད་ནི་ཅི་ཞིག་ཡིན་ནམ

ང་ལ་གྲོགས་པོ་ཞིག་ཡོད
དེའི་མིང་ལ་མུན་པ་ཟེར

དེ་རིང་ཤར་ན་ཡོད
སང་ཉིན་ནུབ་ན་ཡོད
མུན་པ་ལགས    ཁྱེད་རང་གང་ན་ཡོད

༢༠༡༢/༡༠/༧ཉིན་དབུས་སུ་གྲུབ།

   ༼༦༽ཁ་དོག

དཀར་པོ་ནི་ཁ་དོག་གི་གཞི
སེར་པོ་ནི་ཁ་དོག་གི་རྒྱན

སྔོན་པོ་ནི་མཐོ་ཚད
ལྗང་ཁུ་ནི་རྒྱ་ཁྱོན

ངུར་སྨུག་ནི་ཆོས་ཀྱི་འོད་དང་ལམ་གྱི་མདོ

མེད་པ་དག་ནི་ཡོད
འཚོ་བ་ནི་ཁ་དོག་གོ

༢༠༡༢/༡༠/༨ཉིན་དབུས་སུ་གྲུབ།

    ༼༧༽མིང་མེད།

ལྕགས་ཀྱི་སྒོ་ཆེན་དེ་ངའི་བྱ
འོད་ཀྱི་སྒེའུ་ཁུང་དེ་ངའི་བྱ

རྨི་ལམ་གྱི་གཤོག་པ་ཡ་གཅིག་ཕྱི་མ་ཡིན
རྨི་ལམ་གྱི་གཤོག་པ་ཡ་གཅིག་འཇིག་རྟེན་ཡིན

ཚེ་རབས་ནས་ཚེ་རབས
དེ་རིང་ནས་སང་ཉིན
སྐར་ཆ་གཅིག་གི་རྗེས་སུ་ཅི་ཞིག་བྱུང་ཨང

ཨ་མ་ལགས    ཨ་མ་ལགས------

༢༠༡༢/༡༠/༩ཉིན་དབུས་སུ་གྲུབ།


     ༼ ༨༽མིག་ཤེལ།

མགོ་བོ་འདི་ཆུང་དྲགས་པས་ཡིན་ནམ
ལྷ་སྒྲུང་གི་རྨི་ལམ་ལས་བབས་པའི་རལ་གྲི་ཐུང་ཐུང
གསེར་དང་དངུལ   གཡུ་དང་བྱུ་རུ
གང་ཞིག་གིས་ཀྱང་རྒྱན་མ་ནུས

ང་ལ་མགོ་རས་ནག་པོ་ཞིག་ཡོད
ཨ་མི་རེ་ཁའི་སྲིད་འཛིན་གྱི་ཡིན
ང་རང་མགོ་རས་དེའི་འོག་ཏུ
དུས་ཡུན་ག་ཚོད་ཅིག་ཏུ་གབ་ནས་སྡོད་ཐུབ་བམ

མགོ་རས་དེ་ཟད་རྗེས
ང་ལ་སྐུད་པ་ཞིག་ལྷག་སྲིད་དམ
སྐུད་པ་དེ་ལ་ངས་ཅི་ཞིག་བརྒྱུ་ཆོག་གམ

༢༠༡༢/༡༠/༡༡ཉིན་དབུས་སུ་གྲུབ།

  ༼༩༽ ཐོ་འགོད།

མིང་ལ་ས་དམར་གྲགས་པར་འབོད
རུས་མིང་ལ་མེས་པོའི་སྐབས་སུ་སྒ་ཡིན་སྐད
ཕ་ཡུལ་མདོ་ལྷོའི་ཅོ་ནེ་བཙན་རྫོང་ནས་ཡིན
ད་ལྟ་ང་རང་ལྷ་ས་རུ་ཡོད   
ལྷ་ས་རུ་སྡོད་རྒྱུར་ཧ་ཅང་དགའ

དགའ་རོགས་མེད   དགའ་ཕྱོགས
སྙན་ངག་ལྷ་མོའི་རྨི་ལམ་འབྲི་རྒྱུ
ཡོངས་འབབ་ཧ་གོ་མ་སོང་། རང་ལོ༢༩ཡིན
རྨི་ལམ   ཆུང་མའི་རུམ་ཁ་ང་ལ་དབང་ན
བྱིས་པ་ང་རང་འདྲ་བ་ཞིག་སྐྱེས་འདོད་མེད

སྔོན་དུས་སུ་གྲྭ་བ  དེ་ནས་སློབ་མ
དེ་ལས་འཁྱམས་པོ་དང་སྙན་ངག་ལ་དགའ་མཁན་ཞིག
ཟ་མ་གང་ནས་ཟས་ཀྱང་ཆོག་པར་འདོད
ཨ་མའི་མིང་ལ་རིན་ཆེན་སྐྱིད
ཨ་ཕའི་མིང་མི་འདྲི་རོགས
ང་དང་ཁ་གྱེས་ཏེ་མི་ལོ་བཅུ་བཞི་ཡོལ་ཟིན

༢༠༡༢/༡༠/༡༣ཉིན་དབུས་སུ་གྲུབ།

   ༼༡༠༽ ༢༠༠༧ལོའི་དེ་རིང་དྲན་པ།

ཉི་མ་དེར་ང་རང་གཞིས་ཀ་རྩེ་རུ་ཡོད
འོད་སྣང་མེད་ས་ཞིག་ན་དགུན་ཁའི་ཁ་བར་བསྒུག་བསྡད་ཡོད

ཉི་མ་དེར་གྲོགས་པོ་དག་གིས་ང་ལ་རྩམ་པ་འཆིང་བུ་རེ་གནང་བྱུང
ངས་དེ་རིང་དབུས་ན་ཉི་མ་དེ་དྲན་བཞིན་ཡོད

དེ་རིང་ངས་ཆང་ཕོར་མཆི་མར་གཏེགས་ཏེ
རྒྱང་རིང་གི་ཨ་མ་དང་གྲོགས་པོ་དག་དྲན་ཆོག་གམ

ཉི་མ་དེར   ཉི་མ་དེར   ༢༠༠༧/༡༠/༨
ཉི་མ་དེར   ང་ལ་གཞི་ནས་མིག་ཆུ་ཡོད་པ་ཚོར་བྱུང

                          ༢༠༡༢/༡༠/༨ཉིན་དབུས་སུ་གྲུབ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།