་་་་ ་་་་དང་སྙན་ངག་ཉེར་བརྒྱད །

           ་་་་ ་་་་
འཕྲད་གྱུར་གྱི་ཐ་སྙད་ཆེན་པོ་རེ་རེ
སྲང་ལམ་ནས་འཕྲད་པའི་མི་རེ་རེ་དང་འདྲ་བར་གྲིབ་གཟུགས་མི་འདུག
མིག་གི་ཁམས་ནས་ལྗིད་ཏིག་གེར་མར་ལྷུང་དུས
གློ་ཁུག་ཏུ་བླུགས་པའི་རྒྱུ་སྐར་གྱིས་ཤོག་བུའི་ཁ་ཞེང་གཞལ་ཞིང
ཁ་ཟོས་སུ་ཆར་བ་རོལ
ང་ཚོ་མི་རེ་རེའང་ནག་ཐིགས་རེ་རེ་དང་འདྲ་བར
ནག་ཐིགས་སུ་གྱུར

འཆི་བ་དང་གསོན་པ་ལ་བརྗེ་སྤོར་མེད་པ་བཞིན
ཤོག་སྐྱའི་ཁུགས་ཀྱི་ནག་ཐིགས་ཀྱིས་མིག་ཤེལ་ཕུད་དེ
ང་ལ་མིག་ཆུ་ཕུད་ཁོམ་མེད
ང་རླུང་བཞིན་ཡལ་རྗེས་ཤོག་སྐྱ་མེ་ཡིས་འཚིག
ནག་ཐིགས་དག་གི་ལྡིང་མཚམས་ལས་ཚེ་སྲོག་གི་གསེར་ཁུ་བཞུར
མིག་ཟུང་ཕྱེ་བའི་སྐལ་བ་དབེན་ཡང
ནག་ཐིག་དག་ཇེ་ཆེར་གྱུར་དེ་ང་རྒྱང་རིང་ཞིག་ལ་དེད

         ནག་འཚུབ་སེ།
འཆི་བའི་ཐག་པ་མེ་ཡིས་འཚིག་མི་ཐུབ་པ་བཞིན
སའི་གོ་ལའི་ཕྱེད་ཀ་རྒྱ་མཚོ་དང་ཕྱེད་ཀ་སྐམ་ས་རུ་ཆགས
ལག་པས་རེག་མི་ཐུབ་པའི་རལ་གྲི་ཞིག་དེ་གཉིས་སོ་སོར་འབྱེད་བྱེད་དུ་གཡུགས་ན
རྒས་རྒྱུ་མེད་པའི་མི་རེ་རེ་ཡི་གསང་བ་སྟོང་ཁམས་སུ་འཐིམ

            ཁྱེད་ལ་སྨྲས་པ།
ལོ་མ་འདིའི་སྟེང་དུ་ང་འབུ་ཞིག་ཏུ་འགྱུར་རྩིས་ཡོད
འུ་གཉིས་སྡོང་བོ་གཅིག་གི་ཡལ་གའི་མཚེ་རུ་སྐྱཆས་ཟིན་པས
ལོ་མ་གཞན་ཞིག་གི་སྟེང་དུ་ཁྱེད་འབུ་ཞིག་ཏུ་འགྱུར་རྩིས་ཡོད་དམ

           མིག་འཚོལ་བ།
ཉིན་མོར
སྐར་ཁུང་ལས་འོད་འཕྲོས་པས་མིག་ལ་གཙེས་དེ་བལྟ་ཐུབ་མི་འདུག
འཕུར་བའི་འབུ་སྦྲང་གིས་ང་ལ་སྐོར་བ་བརྒྱབ་ཏེ
འོད་བརྟོལ་དེ་འཕུར་སོང
ངས་རང་གི་མིག་ཕྱི་རོལ་གྱི་དངོས་པོ་ག་གེ་མོ་ཞིག་ཡིན་ན་བསམ
ཡང་ན་བསིལ་རླུང་ཡིན་ན་བསམ

མཚན་མོར
སྐར་ཁུང་ལས་རྒྱུ་སྐར་འགའ་མཐོང
འཕུར་བའི་འབུ་སྦྲང་གི་གཤོག་སྒྲའི་ཁྲོད་མཁའ་དབྱིངས་ཀྱི་དགུ་ཚིགས་བཟུང
སྐར་ཁུང་ལས་བལྟ་བའི་མིག་འདི་རང་གི་མིག་ཡིན་ན་བསམ

               ཤ།
རི་བོ་ཆེན་པོའི་ཚུར་་ལ་བསྲིངས་པའི་གྲི་དེའི
ཁྲག་ལ་བལྡགས་དེ་འབུ་རིགས་མང་པོ་བསད་འོང
ཕྱེ་མའི་རླངས་པ་ཡིས་གྱེར་བ་ནི་ལྟོགས་སྐོམ་གྱི་གླུ་དེ
ཤ་ཚང་མ་ཐང་ལ་ལྷུང་དུས
རུས་པ་ཁོ་ནར་མྱ་ངན་གྱི་གདུང་བ་འཁོར

             ཁེར་བགྲོད།
སྤྲིན་དཀར་གྱི་ལག་པས
སྨད་འཚོང་མའི་མོ་མཚན་གྱི་ནམ་མཁའ་སྔོན་པོ་མ་རེག
རྡོ་བའི་གཤོག་པ་འཕུར་ཙམ་གྱིས་འོ་མའི་མཚོ་མོ་སྐྱོམས་ཤིང
ལོ་ཟླའི་གསུབས་པའི་དུས་ཀྱི་དྲན་ཐོའི་ནང་གི་འཛེར་མ་གཅུས
སྒོ་མོ་ནི་རྐང་བ      ཁ་ཕྱོགས་ནི་སྒེའུ་ཁུང
དཀྱོགས་མཚས་རེ་རེར་སླེབས་པར་སྔ་བ་ནི
འདམ་བག་ལ་ཉེ་བའི་མི་དག་ཡིན
ཆུ་ཐིགས་སྐམ་རིལ་གྱིས་རྐང་རྗེས་འབྲི་བའི་མི་དག་ཡིན

          སྲང་ལམ་ལ་ཆགས་པ།
ལོ་མ་དང་གློག་འོད
མག་མོག་གི་སྨུག་པ་གསུམ་མཉམ་དུ་འདྲེས་པས
སྲང་ལམ་ནས་རང་ཤུགས་སུ་གཅེར་བུར་འབུད་འདོད

མིག་གིས་དྲང་འཐད་དུ་བལྟས་དེ
ནམ་མཁའ་ནས་ཅི་ཞིག་འཁོར་འོང་བར་སྒུག་དུས
སྲང་ལམ་གྱི་འདབ་གཤོག་གིས་ལུས་ཀྱི་སྤྱི་ལྤགས་དང་ཁྲག་རྣག་ཁྱེར་སོང

སྲང་ལམ་དུ
སྲིང་བལ་བར་འཚང་ཅན་དག་ཉོ་རྒྱུ་ཡོད་རུང
ང་ཡིས་མིའི་རིགས་ལ་དགོས་མཁོ་མི་འདུག་གསུངས

སྲང་ལམ་དུ་བགྲོད་དུས
སྲང་ལམ་གྱི་ལྭ་བ་དྲོད་ཁོལ་ཅན་དེ་ང་རང་ལ་སྦྱིན
ང་ཡིས་ལག་སྣེར་ཁྲིད་པ
ཨར་འདམ་གྱི་འོ་འཁྱུད་དང་དྲི་ངད་ཀྱི་ཁ་བཏགས་ཡིན

             ཟློས་གར།
མར་མེའི་མགོ་ནས་གཤེར་ཁུ་ནག་པོ་མཚམས་མེད་དུ་བཞུར
སྐད་ཅིག་མའི་ལྷིང་འཇགས་ཀྱིས་འཆི་བ་བརྩི་ཀྱིན
མཁའ་དབྱིངས་ཀྱི་དྲ་རྒྱ་སྟོང་ཕྲག་བསྲེགས
ཐག་པ་དྲུད་པའི་མིག་ཆུའི་ཐིགས་པ་འཁྱར་འཁྱོར་དུ་ཆང་ཁང་སྟོང་བ་རུ་ལོག་རྗེས
ངོ་གདོང་ནས་ཞུ་མ་ཐུབ་པའི་ཨག་སྐད་དང་འོད་ཀྱི་ནད་རོ
སྨུག་ཀླུང་སྟུག་པོ་དེར་གཡུགས་ཤིང
རྩིག་ལྡེབ་དུ་བཀྲ་བ
མྱོས་པའི་མཆི་དང་ལག་པ་ཐོག་ཁང་གི་ཁྲག་རྩའི་སྲང་ལམ་གྱི་གཡས་གཡོན་ན་འདར་ཞིང
རྩ་ལྗང་གཅོག་ཐུབ་ཀྱིན་མེད
རུལ་དྲི་ནི་འབུ་སྦྲང་བཞིན་ཁ་ཟས་དག་ཏུ་འཐིམས་རྗེས
ནམ་མཁའ་རུ་སྨན་ཁབ་ཀྱི་རྒྱུ་མ་འཐེན་ཞིང
མཚན་མོའི་སྤྲིན་པ་ནད་རོ་མ་དག
ཐག་པ་གཅིག་གིས་ཕྱོགས་གཅིག་ཏུ་བསྡམས་དེ་དབོར
ང་ཡིས་གང་གི་མཚོན་བྱེད་བྱེད་ཆོག་པའི་དྲི་མ་འཚོལ་ཨང

         ཁྱེད་ཉིད་གླེང་ཚུལ་གཞན་ཞིག
གཉིད་ཁར་རྨི་ལམ་ལ་བལྟས
ནང་ནས་ཕྱི་ལ་བལྟས
ཐ་སྙད་འགའ་ལ་བལྟས་ནས་དམྱལ་ཁམས་སུ་ལྷུང
རྨ་ཁ་ནས་འོབ་དོང་ལ་བལྟས
དུས་ཚོད་ཀྱི་བར་སྟོང་ནས་ན་ཟུག་གི་སྐུད་པ་ཁྱེད་ཀྱི་སྙིང་དབུས་སུ་འཐེན
ནང་དུ་སྡོད་ཐུབ་མེད་དུས་རྨི་ལམ་ནི་འཚོ་བ
ཕྱི་ནས་སྡོད་ཐུབ་མེད་དུས་གཉིད་ནི་འཚོ་བ

           ཉི་འོད་ཀྱི་འཁྲིག་སྤྱོད།
ཉི་འོད་ཀྱིས་འཁུན་སྒྲ་མེད་པར་ས་གཞིར་འཁྲིག་པ་སྤྱོད་ཚུལ་འདིའི
མི་ཡི་གྲིབ་གཟུགས་ནི་ཉི་འོད་ཀྱི་བུ་ཆུང་འཁྲུལ་བ་མེད་པ་དེ་ཡིན
མི་རེ་རེ་ནི་འདོད་སྲེད་ཀྱིས་བསླངས་པའི་ལོ་མ་རེ་རེ་ཡིན་ན
གོ་ལའི་གས་སྲུབས་རེ་རེ་ན་འབུས་པའི་ཡན་ལག་དག་ཀྱང་འདོད་པའི་སྤོས་ཆུ་ཡིན་ཤེས
མཁའ་རླུང་ཁྲོད་འཚོ་བའང་མི་ཡི་ལུས་སྟེང་གི་བ་སྤུ་ཁོ་ན་ཡིན
དེ་ལ་གཤོག་དྲུག་འཛོམས་ཡོད

            རོ་ལངས།
རུས་པའི་ནང་དུ་འཁེགས་པའི་རྒྱུ་སྐར་གྱི་རྨ་ཁ
འོད་འཚེར་བའི་ཁྲག་རྩའི་རྒྱབ་ངོས་ཀྱི་འབུ་ཁྲ་དག་གིས་བལྡགས
ཕ་གིར་འཐེན་པའི་མིག་ཀོང་གི་འོད་ཐིགས་ཀྱིས
ང་ནི་ལྕགས་རི་འཁྱག་པོའི་ནང་ལོག་ཏུ་བསྡད་ཡོད་མོད
དོན་དམ་དུ་ངའི་བྱིས་པའི་མིག་ཆུ་ལ་འོད་སྣང་བསྩོལ་གྱིན་ཡོད

           ཕྱེ་མ་ལེབ་དང་མེ་འཁོར།
ནམ་རྒྱུན་མི་ཞིག་ལ་རེ་སྒུག་བྱེད་དུས
མེ་འཁོར་དང་ཕྱེ་མ་ལེབ་དྲན་འོང
ཕྱེ་མ་ལེབ་འཁོར་སའི་མེ་ཏོག་དྲན་འོང
མེ་འཁོར་ནང་གི་མི་ཡང་དྲན་འོང
ཉི་འོད་འཁྱག་པོ་འམ་ཚ་བོའི་འོག་ཏུ
ཁ་གྲགས་ཤེས་པའི་མེ་འཁོར་ལ་བསྒུག་པར་སྡོད་དུས
ཉི་འོད་དང་སྤྲིན་པ་ལ་སྡུག་དམེ་གང་ཡང་མི་འདོན་པར
ཡོང་བར་འོང་བའི་མི་ལ་རེ་སྒུག་བྱེད
ཉི་འོད་ལ་བརྩེ་དུང་གི་ཟེའུ་འབྲུའི་ལྷན་པ་བརྒྱབ་ཞིང
ལག་མཐིལ་གྱི་སྤྲིན་པའི་ཁ་དོགའང་སེམས་པར་བསྒྱུར་བར་མོས
ནམ་ཞིག་ལ
བསྒུག་པར་སྡོད་པའི་ཕྱེ་མལེབ་དང་བསྒུག་དེ་འོང་བའི་མེ་འཁོར་གཉིས་གདུང་ག་གཞུས་སོང་ན
ཤེལ་གྱི་རྡོ་རིང་ཞིག་བཞེངས་ཤིང་ཕྱེ་ལེབ་གཤོག་ཟུང་ལྟ་བུའི་མིང་ཡིག་བརྐོ་སྲིད
དེའི་རྗེས་སུ
སེམས་ཀྱི་ལྕགས་རིའི་རྒྱ་ཕིབས་སུ་ཕྱེ་མ་ལེབ་ཀྱི་ཁྱུ་ཚོགས་འཕུར་འོང་བར་བསྒུག
ཁྲག་དང་དུ་སྨུག་གི་བཏུམ་པའི་མེ་འཁོར་དེའང་གཞི་ནས་ལམ་ལ་ཆས་པའི་གོ་རིམ་ལ་བལྟ་ངེས

            རྒྱང་རིང་གི་ང་།
ས་ནག་གི་གྱེར་བའི་ཁེར་རྐྱང་གི་རྡོ་བ
ཀྱག་ཀྱོག་གི་ལམ་ཕྲན་གྱི་སྟེང་དུ་རྡེའུ་དམར་པོ་ཞིག་ཏུ་གྱུར་དེ
ཉག་ག་དང་ལྷན་དུ་ཡང་མོར་བགྲོད་ཀྱིན་ཡོད
ཕྱི་མིག་ནི་རྩྭ་ཕྲན་རྐང་ཐུར་གཅིག་བཀུག་པའི་བར་སྟོང་འམ
དེའི་ཕབ་པའི་སྒྲ་མེད་པའི་རོལ་དབྱངས་ཀྱི་ལེ་ཚན་ཡིན
སྤྲིན་པ་དམར་པོའི་ལྡིང་སྐོར་བརྒྱབ་ཙམ་གྱིས
ང་ནི་ཧ་ཅང་ཐང་ཆད་དེ་རྒྱབ་རོལ་དུ་ཅི་ཡང་བསྐུང་མེད་པའི་ཚོར་ཤེས་རྙེད
མིག་ལམ་གྱི་ལག་པ་མང་པོས་ཁྲག་རྩ་རེ་རེ་གིས་ཤིང་སེན་མགོ་ཁོ་ནས་སྡོད་གནས་ཤིག་ཕབ
སྡོད་གནས་ནས་སྤྲིན་པ་ལ་བལྟས   ཡང་ན་དེའི་རྒྱབ་ཀྱི་སྐར་ཚོགས་ལ་བལྟས
ཡང་ན་ངས་རང་ཉིད་ལ་ཅི་ལྟར་བལྟས་ཀྱང་སྤྲིན་པའི་གསེབ་ཀྱི་འཕྲིན་ཡིག་ཅིག་ལས་ཅི་ཡང་མ་རེད

            གཙང་ཁྲུས།
དམ་བུ་སྟོང་བ་འགའ་བཏུས་དེ
སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བའི་ནང་གཡུགས་ཚེ
དུ་བ་གང་རེ་བཅུའི་དེ་སྨིན་ཐག་ཆོད་པའི་གྲིབ་མའི་ནང་ཕྱིར་ལོག་འོང
སྲབ་བུར་ཆགས་པའི་མཁའ་དབུགས་སུ
དཀར་ཙམ་དཀར་ཙམ་གྱི་བབས་པའི་འོ་མའི་ཐིགས་པ
ཕྱི་ཤུན་དུ་ལྷོད་བག་གིས་འཚོས་དེ
སེར་ལམ་ལམ་གྱི་འཆི་བའི་ངོ་གདོང་གི་གསེབ་དུ
ཁ་མི་གྲག་པའི་ཤ་འབུ་ཞིག་ལྟར་འཛུལ

སྟོན་རླུང་གི་ཁུག་ལ་གཅུད་པའི་ནད་བུ་འདྲ་བའི་དམ་བུ་རེ་རའི་བར་སྣང་དུ
ནམ་མཁའ་དང་ས་གཞིའི་འཁུན་སྒྲའི་སྲ་འཛིན་བྱེད་དམ་ཐུར་དུ་གཤགས་ཆོག་པའི་རྫི་སྣེ་གཅིག་ཀྱང་མི་མཐོང
བདུད་རྩི མི་གྲུབ་བྱེད་དམ་ལོ་རབས་ཀྱི་ཁ་དོག
དམ་བུའི་ཐོག་གི་ཨང་ཀི་ལག་པའི་སྐྱོར་ཅིང་ཆེས་ཆར་སྐྱེ་གིན་ཡོད
རྐང་བ་དང་རྐང་རྗེས་གཉིས་ཞིང་ཁམས་ལྟར་སྔོ་ཞིང་ལྗང

             ཆུ་ཚོད་ཐོག་ནས་རུས་ཐལ་འཕྱུར་བྱུང་།
ས་སྨུག་འཐིབས་ཙམ་གྱིས་མདུན་གྱི་ཆུ་ཚོད་ལ་ཁ་ཕྱོགས་མེད་པར་བཟོས་བྱུང
ཐག་རིང་གི་རི་གྲོང་གིས་ལུས་པོའི་སྟེང་གི་སྟོང་ཆ་ཟོས་ཤིང་གད་སྙིགས་དུ་བསྐྱུགས
གད་སྙིགས་ནི་འགྱིག་ཤོག་ཁྲ་ཁྲ་དེ་གོམ་པ་སྤོ་མཚམས་འཇོག་དགོས་བྱུང
གཙང་བོ་རུ་འཁེགས་པའི་སྐར་མའི་ཚོགས་ཀྱི་རྫི་བོ་རང་ཉིད་ཡིན་པར་བཅོས་ཤིང
ཆུ་ཚོད་ཀྱི་ཕ་བོང་ལ་གདོང་ག་གཞུས

བགྲོད་ཀྱིན་ཡོད་མེད་མི་ཤེས་པའི་རང་ཉིད
བཞུས་ཆོག་པའི་མུན་པ་ཕྲ་མོ་ཞིག་གི་ནང་དུ་བསིལ་རླུང་གིས་བསྐྱོད་ཀྱིན
ས་ནག་གི་ཁང་བའི་ནང་ནས་མེ་ཏོག་དཀར་པོ་བཞད་པར་བལྟོས་ཤིང
མེ་ཏོག་བཞད་མེད་སར་རྐང་རྗེས་དུ་གོམ་པ་སྤོ་བར་བྲེལ
ཁ་འབྱེད་ཀྱིན་པའི་ཐེའུ་རྒས་པའི་ཕྱོགས་སུ་བྲེལ་ཞིང་སླར་ཡང་ཁ་སིམ་སོང
མི་ནི་ས་ཡིས་གྲུབ་པ་སྟེ
དུས་ཚོད་དང་བརྩེ་དུང     ལེགས་སྐྱེས་དང་མི་ཚེ
ཆུ་ཚོད་ཀྱི་ཐོག་ནས་རུས་འཐུལ་བཞིན་འཕྱུར་བྱུང
གཡས་གཡོན་དང་རྒྱབ་ཕྱོགས་ནས
རླུང་སེར་པོ་ཞིག་ལྡང་ཞིང་འགྱིག་ཤོག་ཁྲ་ཁྲ་ནི་སྐར་མ་ཁྲ་ཁྲ་བཞིན་འོད་འཚེར་བྱུང
བྱེ་ཐང་བརྒྱུད་པ་ནི་མཚོ་མོ་ཞིག་ལ་རེ་བས་ཡིན །

ནམ་མཁའ་ནི་རུས་ཧྲུལ་ཐེད་པོ
རྔུལ་ཆུའི་ཐིགས་པ་གཅིག་ཀྱང་གསོག་ས་མ་རྙེད
ཕར་ལ་བུད་མ་ཐག་པའི
རྒྱབ་གཟུགས་ཀྱི་ལྡེ་མིག་དང་ཤིང་ལེབ་ཀྱི་ངོས་སུ
མནོག་ནས་བསུབས་པའི་ཐ་སྙད་འགའ་ཡི་ཕྲ་རགས་བཞུར་འོང
ཚ་བའི་མངར་བའི་རུས་སྒྲོམ་ཀྱི་ཕོ་བྲང་དུ
སྐོམ་གདུང་གི་རྟ་ཁྱུ་དང་བདག་པོ    ད་ད་དུང་སྲང་ལམ་བཅས
མགོ་བོ་བཏུམ་ནས་བར་མེད་དུ་བརྒྱུགས
གཅེར་གཟུགས་ཀྱི་རྣམ་ཤེས་ཀྱིས་རུས་ཧྲུལ་ཐེད་པོ་བརྟོལ་དེ
བར་མེད་དུ་བརྒྱུགས         ཟུག་གཟུར་ཁྲོད

            ང་ནིoནད་ཅན་གྱི་མི་ཞིག་ཡིན།
དབྱར་ཁར་ཁ་བ་འབབ་པར་ངེས
དགུན་ཁར་ཉི་མ་དྲོ་བར་ངེས
སྟོན་ཁར་དྲག་ཆར་འབབ་པར་ངེས
དཔྱིད་ཀར་རླུང་དམར་གཡུགས་པར་ངེས
ཚེ་སྲོག་གི་རྣམ་ཤེས་དྲི་མའི་ནང་དུ་བསྡད་ཡོད་པར་ངེས
ཚེ་སྲོག་གི་རྣམ་ཤེས་ལྷིང་འཇགས་ཀྱི་ནང་དུ་བསྡད་ཡོད་པར་ངེས
ཚེ་སྲོག་གི་རྣམ་ཤེས་གཟུགས་ཀྱི་ནང་དུ་བསྡད་ཡོད་པར་ངེས
དུས་བཞིའི་ཡལ་གའི་སྟེང་དུ་མགྱོགས་པ་དག་མཐོང་བ་ན་སྙིང་རླུང་འཚུབ་འོང
དལ་བ་དག་མཐོང་བ་ན་བཟོད་བསྲན་གྱི་རྟ་ལྕག་བྲབས་འོང

           1/0
ནམ་མཁའ་ནི་ཀླད་གོར་ལྟར་སྒོ་མོ་ཕྱེས་ཡོད
སྡོང་རྒན་དེས     ནམ་མཁའི་ངོས་ཀྱི་གཙང་བོ་དང་ཉ་མོ་བོས  ནགས་ཚལ་དང་སེང་གེ་བོས
ལག་པ་མང་པོ་ནི
ཐལ་གྱིས་བཟོས་པ་ལྟར་མཁའ་ནས་བབས་པའི་ཁ་བ་ལ་འཕྲད་ཚེ
ཚང་མ་ཞུ་འགྲོ

            བ་སྤུ།
ལུས་ཐོག་གི་བ་སྤུ
 བསམ་བློའི་རལ་གྲི་འམ་ས་རྡུལ་གྱི་གླེགས་བམ་ལས་མ་སྐྱེས་པས
སྲོག་དབང་གི་བདག་པོ་ཁོ་རང་ཡིན་ཞིང
མིའི་ཧུར་སྒྲའི་རླབས་རྒྱུན་ཁོའི་གཙང་བོར་ཞུགས་ཤིང
ཉལ་ནས་ཁུ་སིམ་མེར་ཡོད་པའང་ཁོ་རང་ཡིན
ཁྱད་འཕགས་ཀྱི་རླུང་དང་བ་སྤུ
འབྲེལ་བ་ཆེས་ཆེ་བའི་ལུས་སྟེང་གི་དངོས་པོ་རྩ་ཆེན

           རྨི་ལམ་ལས་ཨང་གྲངས་འཚོལ་བ།
ཉིན་མོར་རེའུ་མིག་གི་གཡང་གཟར་དུ་ལྕེབས་རྗེས
མཚན་མོར་མིག་ཆུས་བྲིས་པའི་རྨི་ལམ་གྱི་གཞུང་ལམ་དུ་བསྐྱོད
ས་ཚིགས་ནི་མཚན་མོ་ཞིག
གནས་དེ་ནས་འུ་གཉིས་གཏན་བྲལ་དུ་གྱུར
སྤྲིན་པ་ཚམ་ཚོམ་གྱིས་ཁ་པར་ནང་གི་ཨང་གྲངས་གསུབས་སོང
ཆར་བ་འབབ་ཐེངས་རེར
ངས་ནི་སྨྱུག་ཆུ་དམར་པོས་ཆར་ཐིགས་རེ་རེ་ཁྲག་ཐིགས་རེ་རེ་རུ་བསྒྱུར
ཆར་བའི་སྒྲ་ལ་ཉན་དེ་གཤིན་པོ་ཞིག་གི་སྔས་མགོ་རུ
མིག་ཆུ་མ་བཏོན་པར་ཁ་པར་གྱི་ཨང་གྲངས་འཚོལ་ཤེས་པའི་རྨི་ལམ་ཞིག་ལ་བསྒུག
དངས་སྐྲག་གི་དབུགས་སོབ་སོབ་ཀྱི་ནང་དུ
སྨུག་པ་དག་གིས་ང་ལ་སྐད་བརྡ་མང་པོ་ཞིག་བཤད་ནའང
ངོ་གདོང་ངམ་ལུས་པོ་ལས་བཀྲུ་བྱེད་ཀྱི་ཡིག་འབྲུ་དམར་པོ
ཨང་གྲངས་འཚོལ་ཤེས་པའི་རྨི་ལམ་དེ་ལ་ཡང་སྐོར་བསྐྱར་སྐོར་བྱེད་པ་མང་དྲག་པས
མཐའ་རྒྱན་གྱི་སྲ་བོག་གི་རི་མོ་དེ་ཟད་སོང

          ཉིན་ཐོ་མི་འབྲི་དོན།
རླུང་སེར་པོ་ཉི་འོད་ཀྱི་རོལ་དབྱངས་ལ་ཞུགས་ཚད་ཀྱིས
ཁྱེད་ཀྱི་མིང་ཡིག་ཁོ་ནའི་ཤོག་སྟོང་བཀང་འགྲོ་བ་དང་དེ་ཡི་ལྗིད་ཚད་ཀྱིས
ཤོག་བུ་ཟགས་དེ་ས་གཞི་ལ་འཐིམ་འགྲོ
ཤོག་བུ་དཀར་པོའི་ངོས་སུ
མགོ་བོ་ནེམ་པོ་དཀྲུག་དཀྲུག་པའི་མཐའ་མར
ང་ལ་སྔར་བཞིན་སྔོན་ཆད་ཀྱི་ཁོར་ཡུག་སྲ་མོ་ཞིག་ལ་འཕྲད་ནའང
གནས་དེར་ལོག་ཐུབ་པ་ནི་དཔེ་མི་སྲིད་པ་ཞིག་ཡིན་པས
ཡར་སྔོན་གྱི་རླུང་སེར་པོ་ཉི་འོད་ལ་ཞུགས་ཚད་དེའི
ང་ནི་རང་ལ་གོམས་ཞིང་འདྲེས་པའི་མི་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ

           གློ་བུར་གློ་བུར་དུ།
གློ་བུར་གློ་བུར་དུ
ངའི་མིག་ཆུ་ཕྲག་མགོའི་སྐྱེད་ཚད་དུ་ལྷུང་དེ
དྲི་བསུང་དང་མཉམ་དུ་ལུས་སྟེང་གི་གཤེར་ཁུ་ཞིག་ཏུ་གྱུར
མུན་པ་གྱོན་པའི་གཤེར་ཁུ་དེ
ཕྱེ་ལེབ་ལ་འཕྲད་པའི་སྐབས་ཀྱི་གྲགས་འགུལ་དང་མིག་གི་སྒོ་མོ་རུ་གྱུར
གློ་བུར་གློ་བུར་དུ
ང་མིག་ཆུ་ཞིག་ཏུ་གྱུར་དེ་ཁ་པར་གྱི་སྐུད་ལམ་ལ་ཁེན་པའི་ཡལ་ག་ཞིག་ཏུ་གྱུར
རྣ་བ་ཡོད་པའི་གཞུང་རྟ་ཅན་གྱི་ཡལ་ག་ཕྲ་མོ་ཞིག་ཏུ་གྱུར
རྔུབ་གྱིན་པ་ནི     བརྡ་རྟགས་ཀྱི་ལུད་རོ་དང་འོང་ཕྱི་དང་གཅིན་དང་སྐྱག་པ་ཡིན
གློ་བུར་གློ་བུར་དུ
ང་སྒུར་སྒུར་དུ་འགྲོ་གིན་ཡོད    ཡལ་ག་དེ་དང་འདྲ་བོ་ཡོད
ཧྲག་ཧྲག་ཏུ་བབས་པའི་གསེར་ཆུ་བྱུགས་པའི་ལོ་མས
ཟ་འགྲམ་ནས་རྡེའུ་དཀར་ནག་གཉིས་སུ་གྱེས་དེ
གཅིན་དང་སྐྱག་པ་ཉི་འོད་དུ་བསྒྱུར
གློ་བུར་གློ་བུར་དུ་ང་རང་འགྱེལ་སོང    སྐྱེད་ཚད་ཀྱང་འཇིགས་སོང

           རྨི་ལམ་ཆག་རོ།
རི་བོ་རེ་རེའི་མདུན་དུ་བཙོག་པར་སྡོད་དུས
ལོ་ངོ་སྟོང་ལ་གཉོར་བའི་གསེར་གྱི་མཛོ་མོ་དེའི་རྭ་གཡུག་གཡུག་བྱེད་ཀྱང
རི་བོར་འབྱར་ནས་རྩད་པའི་ཡན་ལག་དག་རྒྱ་མཚོ་ལ་ཐུགས་རེག་བར
གཉིད་གུང་དུ་ཡན་པའི་ཆོམ་སྒྲ་སྣ་ཚོགས་ཀྱིས
མཛོ་མོ་དེའི་སྐེ་ཡི་དྲིལ་བུ་ཆུང་ཆུང་དཀྲོལ་དཀྲོལ་གནང་སོང་བས
མཚལ་ལ་གྱོན་ཞིང་ཞུ་བཞིན་པའི་ཉི་འོད་དེས
ཉིན་མོ་ཡི་སྐར་མའི་མིག་ཆུ་མཐོང་དུ་འཇུག་མི་སྲིད
 རྐང་ལམ་ཁྲ་ཁྲ་དེའི་མདུན་དུ
མགྱོགས་དྲག་པའི་གྲིབ་མ་རིང་བོ་དེའི་གཡབ་མོ་བྱེད་ཀྱིན་པ
མར་ལྷུང་གིན་པའི་ཁྲག་ཐིགས་ཀྱིས་གྲུབ་པའི་རྫ་བུམ་ཞིག་སྟེ
སྲ་མཁྲེགས་ཀྱི་དངོས་པོར་བརྡབས་ཚེ
རང་ཉིད་གཅེར་བུར་སོང་རུང
གས་ཆགས་རེ་རེ་འཛིན་ཐབས་བྲལ་ཞིང་སིལ་བུ་སིལ་བུར་འཐོར་དེ
རླུང་གི་ཁ་ནང་དང་དངོས་པོ་རེ་རེའི་ངོ་གདོང་དུ་འབབ་སྲིད

ལྗང་མྱུག་གིས་ཡར་བཀྱགས་པའི་གནམ་སའི་ཁ་འབྱེད་སྟངས་དེའི
མཛོ་མོའི་རྭ་རྩེར་བསླི་བྲིད་ཀྱིས་འཇོ་བ་ཆུ་ཐིགས་གཞན་ཞིག་གི་ནམ་མཁའ་ཡིན་དེ
ནམ་ཞིག་ཡང་སྐམ་ཞིང་ཆག་པར་འགྱུར་ངེས
རང་ཉིད་དེ་རུ་བཙོག་པར་སྡོད་པའང་གཏམ་རྒྱུད་ཀྱི་ཟད་གྲུབ་ཙམ་ཡིན

         མིང་མེད།
འཁྱག་གྲང་གི་གཟིར་བའི་ཐལ་སྤུངས་ཡི་དབྱར་ཁའི་བསུང་ངད་ལས
རི་མོ་གཅིག་གི་རྣམ་ཤེས་ཀྱི་ཆ་ཡ་བཙལ
ཁུ་བས་བྲིན་གྱིན་པའི་གཤོག་གསེང་གི་བར་སྣང་ལས
རྐང་འཐུང་གི་སྐྱེས་སྒོ་བཅད་དེ་རྨིག་རྗེས་གསུབས་པས་རྐང་བ་ཆེན་པོ་ཞིག་ཏུ་བསྒྱུར
སྨྲ་བ་བཅད་པའི་དངུལ་གྱི་ལོ་མ་ཁ་ཤས
ཁ་བ་ལེབ་མོ་འགའ་ཡི་རང་གཟུགས་སུ་འཁྲུལ
ནམ་མཁར་བལྟ་བ་དང་ཁ་བར་སྒུག་པ་ལས་ཁྲབ་རྨོག་གྱོན་ནས་གཡུལ་དུ་ཞུགས་ས་མེད

མངོན་སུམ་དང་འཆར་ཡན་གཉིས་སེམས་ཁམས་སུ་ཆགས་ན
མིག་གིས་སྤྱོད་ཀྱིན་པ་ནི་དུ་བ་དང་ཁ་ཡི་འབྲེལ་བ་ཡིན་དེ
ཚག་སྒྲ་གཅིག་གི་སྦར་ཡུན་རིང
ཚེ་གཅིག་གི་རྨི་ལམ་ཡོངས་སུ་འཇིབས་ཚར

གནམ་འོག་གི་ཆེས་མཐོ་བའི་ས་སྒང་གི་ལྟེ་ཐོག་ནས
སའི་གོ་ལའི་གཏིང་རིམ་དུ་ཟུག་པའི་འོད་ཟེར་ནག་པོ་མཐོང་ཞིང
གཟུངས་ཐག་གིས་བསྡམས་པ་ནི
གཏོར་མ་འདྲ་བའི་ལུས་པོ་སླེབས་མཚམས་སུ
ཚེར་ཕུང་གི་རྒྱ་མཚོའི་མཇིང་དུ་སླར་ཡང་རྙེད་ཀྱིན་པ་ནི་འཁྱག་གྲང་གི་ཚོར་བས
ཕྱི་ཤུན་གྱི་པགས་པ་རུ་སེར་གས་མེ་ཏོག་བསྒོས་ཤིང་རུས་པའི་ལྷུ་ལག་གི་གསང་བ་གཏོར་བ་ཐོས
རི་རབ་དང་ནམ་མཁའི་བར་ནས
ཐལ་སྤུངས་དང་དྲེག་པ་ནག་པོའི་བར་ནས་གསེར་གྱི་སྒོ་ཐེམ་བརྒལ་དགོས་བྱུང

            མི་ཆ་མེད་ཅིག་ལ་འཁྱུད་པ།
ཧྲག་ཧྲག་གི་སྐད་སྒྲའི་ནང་དུ་ཁོད་ཡངས་པའི་རླངས་པ་འཁྱིལ
མཆི་ནས་བཞུར་བའི་ངད་དྲི་བྱིས་པའི་ཞོ་ཤ་བཞིན
བར་སྟོང་ལ་མཉེས་གཤིན་བསྩལ་རྗེས
ཕྱིར་ལོག་པའི་ལམ་བུ་ཧ་ཅང་ལྷིང་འཇགས་ཡིན
མིག་ཆུ་ཉི་འོད་ལ་ལྡེ་ཞིང
ཁྱེད་ཀྱི་ལུས་དྲི་དང་མཆི་ལྗིད་ཏིག་གེར་བསྡད་དེ
རྒྱང་རིང་གི་མཁའ་མཐར་བགྲོད
ས་ཆེན་ལ་དེ་འདྲའི་དགའ་བོ་མེད་ཅིང
ང་རང་ཧ་ཅང་ཡང་བའམ་ཆུང་བའི་རླུང་དང་མཉམ་དུ་བསྡད་ཆོག་པས
ང་ཁྱེད་དང་འཁྱུད་དེ་རྒྱང་རིང་དུ་ལོག་ཆོག

              སྙན་ངག་གི་འཆི་བ།
སྐད་ཅིག་སྐད་ཅིག་ལ
རོ་ལྡན་གྱི་ས་འབུར་དང་ཕ་བོང་དེ་ཡི་དྲན་ཚུལ་ནི་ནམ་གུང་ཡིན་ན
ཉིན་གུང་གི་མི་ནི་དགའ་བ་གླེང་ཤེས་པའི་ས་བོན་ལེབ་མོ་ཞིག་ཡིན
རྡོ་གསེབ་ནས་ས་བོན་ཐོགས་པ་ནི་མིག་ཆུའི་འཁྲུངས་རབས་སུ་གླེང་ན
ཕུར་བ་བརྡབས་པའི་ཤུལ་ན
ཁེར་རྐྱང་གི་གཤོག་པ་མེད་པའི་འདབ་ཆགས་ག་ཚོད་འཇིག་རྟེན་གྱི་མཁའ་མཐར་བགྲོད
བསུབས་ཟིན་པའི་ཤུལ་རྗེས་སུ་ཁྲག་རྣག་ལྟར་བརྡོལ་བའི་རོ་ལངས་རྒྱགས་གིན་པས་ཡིག་རྡོག་འགའ
དབེན་སིམ་སིམ་དུ དབེན་སིམ་སིམ་དུ་གར་ཡོང་མི་ཤེས་པའི་དར་གཡུག་གིས་ཁྱེར
མཚམས་སྤྲིན་གྱི་ངོ་མདངས་ཤི་བོ་མི་ཡི་ལུས་པོར་འཁྲུ་བ་ནི
ངོ་གདོང་ཆག་རོའི་ལྟེ་བར་དཔྱངས་པའི་ཐིག་ལེའི་དབྱིབས་སུ་འདྲ་བའི་མགོ་བོའི་དམྱལ་ཁམས་ཀྱི་
ཕུ་མདོ་སྟེ
ཁྱོད་སུ་ཡིན་ཞེས་འདྲི་སའི་ས་ཚིགས་ཀྱི་སྒོ་མོ་ཡིན
མི་མགོ་དང་ཁུང་བུ་ཆེ་ཆུང་གི་འགྲམ་དུ
སྐམ་པར་གྱུར་བའི་ཡུལ་ལྗོངས་ཀྱི་རྩད་པ་སྐོམ་པའི་ཆུ་མོ་ལ་འཕྲད་དེ་སྲེད་པ་དང་འཁྲུལ་བ་རུ་བསྡེབས
འདོད་འདོན་ཀྱི་དབུགས་ངལ་ཐག་རིང་ནས་ལྡང་ཞིང་སླར་ཡང་ཐག་རིང་དུ་སོང
རོལ་དབྱིངས་དང་རི་མོ་སྲ་མཁྲེགས་ལྡན་པའི་དངོས་པོ་ཞིག་སྟེ
ཤོག་བུ་ལྟར་སྙིང་ཁ་བཀབ
རྐང་བ་དང་སེན་རྗེས་དག་གིས་འདབ་བག་གི་གསེབ་ནས་ཆེས་དཀོན་པའི་འབྲུག་སྒྲ་དང་ཐོག་མདའ་མཐོང
བཙལ་ནས་མི་རྙེད་པའི་དགུན་དཀྱིལ་གྱི་ཆར་བ་དང་འཇའ་ཚོན་མཐོང
འདམ་བག་ཏུ་ནུབ་པའི་སྐད་ཅིག་མ་དང་སྐད་ཅིག་མའི་དུས་ཡུན་གྱི་སྙན་ངག་གི་དབྱར་ཁ་མཐོང

              སུ་ནི་སུ་ཞིག་གི་སུ་ཞིག་རེད།
རླུང་མུ་མཐུད་དུ་གཡུགས་པ་འདིས་ཅི་ཞིག་འཚོལ་གྱིན་ཡོད
བརྩེ་དུང་སྔ་མོ་ནས་བོར་སོང
ལམ་གྱི་ཉི་འོད་ཀྱིས་ཅི་ཞིག་འཚོལ་གྱིན་ཡོད
རྐང་བ་སྔ་མོ་ནས་བཅད་སོང
ཆུ་ཀླུང་འདིས་ཅི་ཞིག་འཚོལ་གྱིན་ཡོད
མིག་ཆུ་སྔ་མོ་ནས་ལྷུང་སོང
བདེ་ལ་འབབ་མི་ཐུབ་པས་འུར་ཟིང་འདིས་ཅི་ཞིག་དཀྲོགས་ཀྱིན་ཡོད
འཇིག་རྟེན་སྔ་མོ་ནས་ལྷིང་འཇགས་ཡིན
ས་རུབ་པ་དང་ནམ་ལངས་འདིས་ཅི་ཞིག་འཚོལ་གྱིན་ཡོད
སྐྱེ་བ་འདི་སྔ་མོ་ཞིག་ནས་ཚར་སོང
ཞོགས་པ་དང་ས་སྲོད་འདིས་ཅི་ཞིག་འཚོལ་གྱིན་ཡོད
མིག་ཟུང་སྔ་མོ་ནས་བསྲེགས་ཟིན
རྒྱང་རིང་དང་ཐག་ཉེ་ཡི་བར་ན་ཅི་ཞིག་ཡོད
མི་གཉིས་ཡོད

            ཆེ་ཆུང་།
ཆིག་རྐྱང་གི་ཞག་ཐིག་ལྷོད་པའི་ཤ་གནད་དང་རྩ་མདུད
སྐྱུར་སིལ་སིལ་གྱི་སྟར་སིལ་གཅིག་གི་ཐོག་ཏུ་འབྱར་སོང་བས
སྲིབ་མཚམས་སུ་སྣང་བ་ནི་འཁྲུལ་སྣང་གི་གནམ་སའི་བར་མཚམས་ཀྱི་ཁ་དོག
འུ་ཐུག་པའི་ངོ་གདོང་ཐོག་གི་སྔོ་དྲི་སྲབ་པོ་དྲ་མིག་ཟུར་གསུམ་གྱི་ནང་ནས་ཕྱིར་ལ་འཕྲོས
སྐྱུག་མེར་ལངས་བའི་ང་ལ་བསྩལ་བའི་གཞོག་གྲིའི་སྟེང་གི་ཀུ་ཤུའི་ཕྱི་ཤུན
ཧ་ཅང་ཆེ ཧ་ཅང་ཆེ
དུས་ཚོད་ཀྱི་བར་སྟོང་དུ་མཆི་ཏོའི་བརྐོས་སོང་བའི་སྡོང་རྒན་རྒས་འཁོགས་ཅན་གྱི་འདབ་ལོར
སྒོ་རྟགས་དང་ཀླད་པ་སྐྱ་མདོག་ཏུ་གྱུར་བའི་གྲིབ་མ་ལ་རིང་ཐུང་མེད
འཁོར་གྱིན་ཡོད འཇིག་རྟེན་འདི
རྙིང་བའི་མེ་ལོང མེ་ལོང་དུ་ཤར་སོང
དུས་ཀྱི་སྔ་ཕྱིའི་འོག་ཏུ་མནན་པའི་འོ་མའི་མཚོ་མོ་ནུབ་ཕྱོགས་སུ་བགྲོད་པར་བྱས་སོང
ཨམ་བཙུགས་སུ་བསྡམས་པའི་ལང་ཚོའི་མེ་གསོད་རུ་ཁག་གི་ཚོ་བ
ཧ་ཅང་ཆུང ཧ་ཅང་ཆུང

              རྡུལ་གསེབ་ཀྱི་ཆུ་ཐིགས།
རྫ་མའི་མཆུ་ཏོ་ལས་རླངས་པ་ཅུང་ཙམ་ལས་ཡར་མི་འཕྱུར་མོད
བརླན་གཤེར་གྱི་ཟེགས་མའི་ཁང་བ་ཆེན་པོ་འདི་ཡོངས་སུ་བཟུང་ཡོད
དགྱེ་སྒུར་མི་ཤེས་པའི་མཁར་གྱང་འདི་དག་གི་ཧྲག་བར་ན
བ་ཚྭའི་གཟེར་བའི་རྩྭ་ལྡུམ་དག་དང་ལྷན་དུ་གནས་ཡོད
ས་འགུལ་ཐེངས་ཤིག་གི་རྗེས་སུ
མེ་རུ་ལྟ་བུའི་ཉི་འོད་ཀྱིས་བཅོམ་ཟིན་ནའང
ཆར་བའི་འབབ་ཞོད་ཐེངས་གཅིག་ཡོད་ན
དེ་ནི་སུས་ཀྱང་བྲིན་མ་ཐུབ་པའི་ཉོ་ཚོང་རིགས་ཤིག་ལོས་ཡིན
ནག་རོག་གེར་ཡོད་པའི་གྱང་གོག་དང་རྡོ་བ
མདུན་རྒྱབ་མི་ཤེས་པར་གཡས་ཉུལ་གཡོན་ཉུལ་དུ་ཉལ་ནས་ཡོད
མིའི་རིགས་ལ་མཁོ་བའི་དངོས་རྫས་མང་པོ
ལོ་མང་འགོར་རྗེས་ཇི་ཞིག་ཏུ་འགྱུར་བ་ངས་མི་ཤེས་མོད
རྡུལ་ནང་གི་བརླན་གཤེར་འཛིན་པའི་ཆུ་ཐིགས་དེ་ཚོ
སྐར་མ་འགའི་རིང
ས་ཁམས་ཆེན་པོ་འདིའི་ལུས་ཡོངས་སུ་འཐིམ་ནས
བྱིས་པ་ལྟ་བུའི་ལྗང་མྱུག་ཚོར
གསོན་ཤུགས་ལྷད་མེད་པ་ཞིག་སྟེར་ངེས
ཡིད་སེམས་སྣོག་པར་སླ་བའི་མི་ཚོའི
སྟེར་ངེས་ཀྱི་དགོས་མཁོ་སྐོང་སླད་ནག་པོར་ཡལ་ལ་འགྲོ་བའི་སྤྲིན་པའི་སྣེ་དང
དུ་བ་དང་རྡུལ་གྱི་ཁུགས་སོ་ནས་ཧ་ཅང་གཉོམ་ཆུང་གི་མར་ལྷུང་ན
ལྡོག་འཕྲོས་ཀྱི་སྒོ་ནས་རང་གི་ངོ་གདོང་དུ་ཟེགས་ན
ང་ཚོའི་ངོ་གདོང་ཀྱང་ཆུ་ཐིགས་གིས་མ་གྲུབ་ས་གང་ན་ཡོད

              ཕྱི་དྲོ། རེའུ་མིག་ནང་དུ་བྱིངས།
ཕྱི་དྲོ་ལ  དུས་ཚོད་ཀྱི་མདའ་རྩེས་མེ་ལོང་མཐའ་དག་སྲ་ཆགས་སུ་བཏང་སྟེ
མི་གཅིག་ལའང་གྲིབ་གཟུགས་མེད་པར་བཟོས
སུ་ལའང་བདག་པོ་མེད་པར་བཟོས
ལག་པས    རྡོ་བ་དག་གཙང་ཤོག་ཁུག་ཏུ་གཅུད་དེ་ནམ་མཁར་འཕངས
མགོ་བོ་དག་ཁྲག་དམར་དུ་བརྫུས
སྐྱེ་བཞིན་པའི་རྩད་པ་དག་སྦྲིད་སྨན་ཞིག་ལྟར་རི་བོའི་ཕར་རྒྱབ་ན་སྨུག་པོར་ཆགས་པར་བཟོས
དེ་དག་ལ་ཁྲག་དྲི་འཐུལ་ཡོད
ལག་པ་གཞན་ཞིག་གིས  མི་རེ་རེ་ལ་བརྒྱུས་པའི་ཐག་པ་རེ་རེ་འཐེན་ཞོར
 བོས་པའི་སྐད་འབོད་ཡང་མེ་ལྕེ་ཞིག་གི་ཟོལ་གྱིས་ཡང་ཡང་སྦར་བར་བྱེད
ཐལ་སྨུག་ཞིག་གི་རྗེས་སུ
ལྕེབ་ཐག་དྲུད་པའི་ཕྱི་དྲོ   རེའུ་མིག་ནང་འཛུལ་དེ་མི་རྣམས་ལ་གཡབ་མོ་བྱེད
གཞི་ནས་ཕྱི་དྲོ་རྒས   འབུས་ཀྱིན་པས་མྱུ་གུ་བཙན་རྫོང་དུ་རྒས
རེའུ་མིག་ནི་སྒོ་མོ        ཁྱོད་ཀྱིས་མ་མཐོང་བ་དེ་རུ་ནུབས
ཁ་ཕྱོགས་ཡང་མེད་པར་བཟོས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

་་་་ ་་་་དང་སྙན་ངག་ཉེར་བརྒྱད །

2013-09-18 རླུང་བུ། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།