སྒོ་ཡོན་གྱི་སྙན་ངག་གསར་བ་ཕྱོགས་བསྒྲིགས།

         འོད་ཀྱི་ལུས་ལ་ངག་གིས་འདི་ལྟར་རྨུག
སྙན་ངག་དུམ་བུ་ཞིག་མཚོ་ལ་ཟགས་པས།།
ངང་བའི་གཤོག་ཐོག་ནས་སྒྱུ་རྩལ་སྦར་བ།།
མཚོ་མཐའི་རླབས་ངོགས་ནས་ང་ཡིས་མཐོང་ཐུབ།།
རེད་དང་མ་རེད། ཨ། སྐད་ཆ་མི་གཏོང་།།

ཚོར་བའི་རྩིད་པ་ཞིག་སྤྲིན་པར་བསྡོངས་པས།།
ནམ་མཁའི་ཀོ་གྲུ་ལས་སྨུག་འགོ་ལངས་པ།།
རི་བོའི་བསིལ་ཁྱིམ་ནས་ང་ཡིས་མྱང་ཐུབ།།
འགྲིག་དང་མི་འགྲིག ཨ། འཆད་འདོད་མ་གནང་།།

ཡི་གེའི་ཐབ་ཚང་དུ་རུས་པ་གདུ་བས།།
ལོ་མའི་ཤུལ་རྗེས་ནས་བྱ་ཕོ་གྲག་པ།།
གསེག་མའི་སྤྱིལ་ཆུང་ནས་ང་ཡིས་ཐོས་ཐུབ།།
སྙན་དང་མི་སྙན། ཨ། དཔྱད་ཟོལ་མི་འདུག།

སྟོང་བའི་བློ་རྩེ་ལ་དར་ཚོན་བརྡབས་པས།།
ངག་གི་ལྗོན་པ་ལས་རླུང་བུ་འཁྲུངས་པ།།
དིང་གི་སྙིང་ནད་ལས་ང་ཡིས་སློང་ཐུབ།།
ཡོད་དང་མེད་པ། ཨ། གླེང་ལམ་མ་ཕྱོགས།།

ཆོས་སྐད་འདར་ཡོམ་ཞིག་པིར་གྱིས་བདུངས་པས།།
གཞུང་ལམ་སྐམ་པོ་ལས་མཆི་མ་གཡར་བ།།
འུར་ལུང་ཤོག་ཁ་ནས་ང་ཡིས་རྙེད་ཐུབ།།
བདེན་དང་མི་བདེན། ཨ། ཨུ་ཚུགས་མ་བཟོ།།
            ༡༤ .༠༥ .༢༠༡༡ལ།

           བློ་གྲོས་ལྡན་པའི་ཡིག་འབྲུ་དག་གང་དུ་བྲོས།
ཤ་ཁྲག་འགུལ་འགུལ་གཏོང་བའི་ཉིན་མོར།།
ཀུ་རེ་འདི་འདྲ་རྩེད་བསམ་ཡོད་རེ།།
རུས་ཀྱི་རིན་པ་བཞག་པའི་བླ་རས།།
སྙིམ་པ་ཅན་གྱི་བདག་པོར་དབང་ན།།
མིག་མདངས་རྣོ་བའི་ཁྱི་ཡི་སྡེ་ལ།།
ཉི་མའི་ལག་པ་བཞིན་དུ་བསྐྱང་ན།།
མཐོངས་པའི་རྔམ་པ་གས་ལ་ང་ཡི་སུག་པ་འདར་དགོས།།

སེམས་གཟུགས་ཆུ་ལ་ལྡང་བའི་སྔ་ནུབ།།
ཤོག་གུའི་གློ་གྲི་སྟེང་ལ་སྤོས་ཡོང་།།
འཇའ་ལམ་རང་མལ་ཤར་བའི་མངལ་ཁྲི།།
རྨིག་རྗེས་རུམ་ལ་བྲིས་པར་ཡོད་ན།།
ཚེ་སྲོག་ལྕགས་སུ་སྐྱེས་པའི་གཞིས་ལ།།
དབྱངས་ཀྱི་སྐྲ་ལོ་བཞིན་དུ་སྦྲན་ན།།
རྨ་ཁ་གསེར་གྱིས་མི་བརྒྱན་གསར་བརྗེ་སྔར་ལྟར་བྱའོ།།
             ༡༥.༠༢.༠༡༢ལ།

          དར་ལམ།
མདུན་ལ་དར་ལམ་བརྐྱངས་པ།།
ཚེར་མའི་རྨི་ལྟས་ཡིན་ཚུལ།།
རྒྱབ་ཀྱི་ལ་ཁྱིས་མཐོང་ཙམ།།
ཆུ་མོའི་གཞུང་ན་བྲིས་ཙམ།།
ཕྱི་ལ་བལྟས་པས་མེད་ཀྱང་།།
ནང་དུ་བསློགས་པས་རྙེད་པ།།
ག་རེ་རླུང་འཚུབ་འདི་ཀ།།
ང་ཡི་ལོ་རྒྱུས་མིན་ཤོག།

ཤོག་མཐའི་གསེར་ཞྭ་གང་ཡང་།།
ལམ་གྱི་བྲོ་ཁར་གྱར་མིན།།
“དར་ལམ”འཇའ་ཡིས་བརླབས་སོང་།།
“རྨི་ལྟས”དབྱིངས་ལ་བཞག་ཚར།།
         ༡༩.༠༥.༠༡༡ལ།

         བཙུན་པའི་ཁ་ཕོར། རླུང་གི་རལ་གྲི།
ཆར་བ་འབབ་མཚམས་ཀྱི་གཤོག་པ་བཀྱགས།།
རྡོ་བའི་ཟུར་ཁྱིམ་ལ་རྐང་བ་བཞག།
རྨི་ལམ་དབྱངས་འགྲོས་ལ་མ་བརྒྱུས་པས།།

རས་དམར་ཡུག་མ་དེར་འདར་ཡོམ་བསླངས།
མཚོ་ཆེན་རབ་ཁ་ན་དུར་ས་བཟོས།།
མུ་ཏིག་ལྷ་སྐེ་ལ་མ་བཏགས་པས།།

གངས་ཀྱི་ཡིག་འབྲི་ལས་མེ་དཔུང་ལངས།།
པོ་ཏི་རྙིང་གོག་ལ་དབུགས་རྩ་བགོས།།
འཆི་སྐད་འོད་གསལ་ལས་མི་དམན་པས།།

ཆོས་གོས་ཞི་བ་ལ་སངས་རྒྱས་འཁྲུགས།།
མི་ཡི་ལོ་འདབས་སུ་གསེར་སྡོང་འབར།།
ཐག་པ་ཐལ་རླབས་ཀྱིས་མ་ཐེབས་པས།།
             ༡༦.༠༣.༢༠༡༡ལ།

         བྱེ་མའི་གདོང་དུ་ལོ་མ་སྟོངས་ཚུལ།
ཚེ་སྲོག་བཏོད་པའི་ཡིག་འབྲུ་འགའ་ཞིག་གདུ་ཞིང་ཁོལ།།
དབྱངས་ལ་བསྐུས་པའི་རྗོད་རིས་ཚོམ་པ་གསལ་ལ་དྭངས།།
མུན་པའི་ཐིག་ལེར་འོད་ཀྱང་མངའ་བའི་མཚར་རེ་བྱུང་།།

ཁྱོད་ཀྱི་ལས་ལམ་ཤོག་གུར་བཞེངས་པའི་ཕོ་བྲང་ཞིག།
སེམས་ཀྱི་རྩྭ་ཐང་མཁའ་ལ་ཟུག་པའི་རྟོགས་པ་ཙམ།།

ནམ་ཟླ་ཡག་པའི་བསིལ་རླབས་རྒྱུ་བ་ཨེན་ཙམ་རེད།།
འཁྲབ་རྩལ་ཅན་གྱི་རྐང་ཤུལ་འཚོལ་བ་དེས་ཀྱང་དཀའ།།
ཁྱོད་ཅེས་འབོད་པར་ཁྱོད་ཅིག་དགོས་པ་ནམ་ཞིག་རྙེད།།
             ༡༨. ༠༥ .༢༠༡༡ལ།

         དཀོན་མཆོག་དང་ཁོང་གི་དབུ་སྐྲ།
                  —ཡབ་ཀྱི་སྐྱེས་སྐར་ལ།

དོ་དགོང་གི་ཟླ་འོད་ཀྱིས་མི་རྣམས་ཟ་བཞིན།།
མི་ཡུལ་ལ་གློག་སྒྲོན་ཞིག་འཆར་སོང་ཟེར་བ།།
རང་དབང་གི་སྐར་མའི་ཚོགས་ཁོ་ན་མ་གཏོགས།།
བཙན་ཚུགས་ཀྱིས་ངག་སྲུང་བའི་སྒོ་ཁྱིས་མི་ཤེས།།
ས་གཞི་ལ་གཤེ་གཏོང་བའི་སྲིན་བུས་ལྟ་ཅི།།

རི་སྒང་ལ་སྙིང་བྲིས་པའི་ཚོན་གྱི་ཞྭ་མོ།།
མུན་ཁྲོད་ཀྱི་མགུར་ཡིན་པའི་གཏན་ཚིགས་རྙེད་པ།།
གནམ་འོག་གི་ལྷ་ལྷ་མོར་སྣང་བ་ཙམ་ལས།།
གངས་རི་ལ་ཁྲག་བསྐུ་བའི་རྔོན་པས་རྟོགས་མེད།།
གདོང་མདོག་ལ་ནག་གྱོན་པའི་ཏེ་ཕོས་ཅི་ཆ།།

ཆོས་གོས་ཀྱི་དྲི་གསལ་བའི་སོ་སྐྱེས་སྟོན་མཆོག།
འཇིག་རྟེན་ལ་དར་ཕྱར་བའི་ལམ་འགྲོར་བཞེངས་པ།།
འཁྲུངས་སྐར་གྱི་དབྱངས་བསུ་བའི་སེམས་ལ་འབྱོན་ལས།།
དབུགས་རྩ་ལ་བྲོ་རྡུང་བའི་འཕྱོར་མོས་གོ་མིན།།
དབུ་སྐྲ་ལ་ཆུ་གཏོར་བའི་གདུག་པས་སྲིད་དམ།།
                ༠༥.༠༧.༠༡༡ལ།

         སུ་ཞིག  ཁ་ཕར་འཁོར།
ནེ་ཙོའི་གཤེ་བ་ལུས་ལ་མི་འདོགས་རོགས།།
ཐལ་བའི་མཆོད་པ་མདུན་ལ་ཁྱེར་མ་འོང་།།
ང་ནི་ཁྱོད་ཀྱི་འཇའ་ལམ་གཏོར་བའི་ཚངས་པ་ཆེན་པོ་མིན་བཞག་པས།།
བདག་པོ་མེད་པའི་ནམ་མཁའ་ཡུག་གཅིག་ང་ཡི་སྐལ་དུ་གཞག་པ་བྱོས།།
    
ཁྱི་ཆུང་འགའ་ཡི་ཧབ་ཟུག་མེད་དུ་ཤོག།
རུས་པ་ཁོ་ནས་བླ་ཚེ་གསོ་དགོས་མེད།།
གཡུང་དྲུང་དྲི་མས་རང་སེམས་སྦགས་པའི་མི་ཚུལ་དར་གྱི་གཟུང་གཞུག་ནང་།།
སྤོབས་པའི་ལག་པ་རིང་དུ་བསྲིངས་ཏེ་འཚོ་བའི་མངའ་ཐང་ལེན་རོགས་གནང་།།

དངུལ་གྱི་གཤོག་པས་འཇམ་མཉེན་ཡལ་བར་བཟོས།།
གར་གྱི་དགའ་བ་བློ་ལ་རན་མི་གདའ།།
བྱེ་མའི་ཕོ་བྲང་རབ་ཏུ་ཡངས་ཤིང་རླུང་གི་ཞགས་པ་མྱུར་བ་ཡིས།།
དམངས་ལ་སྐྱེས་པའི་གསེར་གྱི་སྒམ་ཚུགས་མཚན་ཐུན་ཙམ་གྱིས་ཤག་པ་བྲལ།།
            ༡༥.༡༢.༠༡༡ལ།

            མཇུག་མཐའི་ཡར་ཞུ།
བཀུར་བར་འོས་པའི་དབུས་ཀྱི་སྒྲོག་གུ་ལགས།།
ཁྱོད་ཀྱི་བཅིངས་པ་ཅུང་ཟད་གློད་པར་བགྱིས།།
མདུན་གྱི་ནམ་མཁའ་བདག་ལའང་དབང་བས་ན།།
དབུགས་ཀྱི་ཐག་སྒྲ་ཙམ་ནི་ཤུགས་དང་བཅས།།
རས་ཡུག་སྤར་མོ་གང་དང་གདན་གཅིག་ཏུ།།
ཚེ་ཡི་འདོམ་པ་སྔུན་ལ་བརྡར་བ་ནི།།
གནའ་མཐའི་སོལ་བ་བསྣོག་པའི་ཀུ་རེ་དང་།།
ཚེ་རབས་སྐམ་ལ་སྦྱར་བའི་བསྔོ་ཡིག་ཡིན།།
         ༢༣.༠༧.༠༡༢ལ།

         ཁོ་མོ་ག་རེ།
        —ལོ་གསུམ་འདྲིས་མྱོང་བའི་སྐྱེས་མར་གསོལ་བ།
ཁྱོད་རང་གཏན་དུ་བུད་སོང་།།
ཕྱིར་མིག་བསྙབ་མི་ང་མིན།།

སྲིད་པའི་བརྩེ་བྱམས་དགོད་འདུག།
ང་ལ་ད་དུང་ང་ཡོད།།  
         ༠༡.༠༤.༠༡༢ལ།

         ཉི་གདུགས་ཐོགས་པའི་དགྲ་བཅོམ་པ།
འགྲོ་མིའི་གློ་བ་གཏིང་ནས་གདུ་བཞིན།།
དམངས་གཙོའི་སྙིང་སྟོབས་ངར་གྱིས་འཁྱུགས་པའི།།
བོད་ལུང་ཆུང་ཆུང་ཚེ་ཡིས་བྱུགས་པ།།
འོད་ཀྱི་རལ་གྲི་འདི་རུ་སྐྱེས་སོང་།།
ང་ནི་ཁྱེད་ཀྱི་རུས་པའི་རྒྱབ་ན།།
སྨྲ་བ་རང་ལ་གཏོད་པའི་ཁྱིམ་ཕྱེབ།

ས་ཡི་རལ་བ་ཡར་ལ་འཕྱར་བ།།
རང་དབང་རྩིས་ཀྱི་ཐང་ལ་བཏོད་ན།།
སེམས་ཀྱི་སྟོང་བ་རིགས་ཀྱིས་བཟོས་པའི།།
དོན་གྱི་དཔའ་རྟུལ་གནམ་གྱི་སྐར་ཆེན།།
ང་ནི་ཁྱེད་ཀྱི་རྨི་ལམ་རྗེས་ན།།
མིག་ཟུང་བཙུམས་པ་མེད་པའི་ལོ་མ།།

མཁའ་དབྱིངས་མེ་རུ་སྦར་སོང་མ་ཟློས།།
ཁྲག་གི་དཔའ་འབར་སྒང་ལ་བཙུགས་པས།།
ཡ་གླིང་ཡུལ་སྡེ་འགུལ་བར་བྱས་པ།།
བདེན་པའི་ལྷ་མོ་ཁོ་ནས་གཟིགས་ཡོད།།
ང་ནི་ཁྱེད་ཀྱི་གཤོག་པའི་མཐའ་ན།།
འདར་འདར་ཆང་ཕོར་ཐོགས་པའི་རི་མོ།།
          ༡༨.༠༨.༠༡༡ལ།

          པེ་ཅིང་ནས་རང་ཉིད་ཀློག་པ།
མི་ཚོགས་བྱེ་མར་འཐོར་བའི་ཁྲོམ་དུ།།
སྣང་བ་རང་ལ་བསྡུས་པ་ཡོད་དེ།།
འཚོ་བའི་སྨུག་ཟམ་རྒྱང་ལ་བརྐྱངས་པའི།།
སྤྲིན་པའི་གཡུལ་འགྱེད་ཀློང་གི་མགྲོན་པོས།།
ཉི་མ་དམར་བོའི་མཁར་རྫོང་གཤག་དུས།།
བ་སྤུའི་འདབ་མའུར་ལ་ཆས་བཞིན།།
གནམ་བདེའི་སྒོ་ལ་བྱིལ་བ་བཟོ་ན།།
ས་ཡི་གཤོག་པར་བཞེངས་པའི་ཡུལ་གྲུ།།
མཚན་ཐུན་སྟོང་གི་རྨི་ལྟས་ཡིན་ཕྱིར།།
གནའ་བོའི་གཡུ་འབྲུག་འཁྱུགས་པའི་མཁའ་ལམ།།
ལོ་རྒྱུས་བཤོལ་འདེབས་ཙམ་གྱི་སྦུབ་ཆལ།།

ང་ནི་རི་བོ་གངས་ནས་ཡོང་བའི།།
མུ་ཏིག་ཁོག་ལ་ཐོགས་པའི་མདའ་དར།།
སློག་པའི་ཕྱི་ནང་གངས་ལ་ལྡེ་ནས།།
མཐའ་ཀླས་པེ་ཅིང་ཧུབ་གང་གཞིབ་འགྲོ།།
         ༠༧.༠༥.༠༡༣ལ།

①    “བ་སྤུའི་འདབ་མ”ནི་འདིར་རྒྱའི་སྐད་དུ“柳絮毛”ཞེས་པར་གོ་དགོས།

            ཁྭ་ཏ་དཀར་བོ།
              ―མེ་ལྕེ་ལགས“སྒྲོལ་མ་ལྷ་ཁང”དུ་ཕྱིན་པར།
ཡི་གེའི་རུས་ཚུགས་ཁྲག་ཏུ་ཁོལ་བ་བདག་ལ་འཐིམ།།
ཟོ་ལཱ་ལྟ་བུའི་ཀློག་དེབ་དག་ནི་ཕར་ཕར་བདས།།
གདུང་སྐད་ཙམ་གྱིས་ཉི་མ་དམར་བོ་སྐྲག་དོན་མེད།།
ཡོབ་གླིང་དབུགས་ཀྱིས་གངས་ཀྱི་རས་ཡུག་དྲ་ཐབས་ཅི།།

དམངས་ཀྱི་ངུ་བཤུམ་གང་དུ་སོང་བ་སུ་ལ་འདྲི།།
སྒེར་མའི་ཟུག་ལངས་ག་ནས་འོང་བའང་སུ་ལ་འདྲི།།
ཨ་རིའི་གཉའ་ཆག་མི་རབས་དག་གི་རྗེས་ཤུལ་ནས།།
ཚེར་སྡོང་རང་ལ་སྐྱེས་སོང་བསམས་པའི་དེབ་ཅིག་འཁོར།།

མདང་གི་གཏམ་རྒྱུད་ཆར་གྱིས་བཞུར་འོང་བཟླས་པ་ན།།
མདུན་གྱི་རལ་གྲི་ངར་མ་རྣམས་ནི་རིམ་གྱིས་བསྒྱེལ།།
འདས་པའི“སུའུ་ལེན”མགོ་ལ་ཕོག་པའི་མཚན་མོ་འདིར།།
ནུབ་བྱང་འདབས་ཀྱི་ཁྭ་ཏ་དཀར་བོ་ཡིད་ངོར་ལྷུང་།།
                 ༢༦.༡༠.༠༡༡ལ།

        ཁྱོད་ཀྱིས་ནམ་མཐའ་འཕྲལ་གྱིས་དྲིས་སོང་།
                —རྒོལ་བྷོར་ཟིའི(Galbraith) «ལྷའི་ཕོ་ཉ»དང་འཕྲད་པ།

བྱི་ལ་སྣ་ཚོགས།།
གློ་བ་གཡོས་སོང་།།
གནམ་ལ་གཤེ་སྐག།
འུར་ལ་ཧོབ་སེ།།
སྐར་མས་ཁྲ་བརྒྱན།།
མཚན་མོས་དབྱངས་བུས།།

སྙིང་ལ་ཆུ་ཁོལ།།
སྤར་གྱི་མངལ་བཟི།།
དབུགས་ཀྱིས་བྱིལ་བྱིལ།།
བློ་གཤོག་ཐོན་སོང་།།
སྟོང་བའི་སྐད་སིམ།།
ཁམས་ཀྱི་རུས་ཚུགས།།
        ༢༣.༡༢.༠༡༡ལ།

        སྡེ་ཤོག་ཅིག་གི་རལ་བ།
ལོ་ལ་ལོག་ཤོག་སྟོབས་ཀྱི་དཔའ་བ་ཀེ་རེར་ལངས།།
དར་ལ་འཕྱར་སོང་དམུ་ཡི་རིགས་སྡེ་དགུང་ལ་འཁྲུངས།།
ས་ཡི་རྣམ་ཤེས་སྐལ་ལ་བཞག་པའི་དེ་རིང་ལ།།
ང་ཡི་སྲིད་པ་ཁྱོད་ཀྱིས་བྱས་སོང་ཟེར་བ་འདྲ།།
འཛམ་བུའི་སྡེ་ཞིག་ཁྱོད་ཀྱི་ཡིན་ན་ཆོག་པ་འདྲ།།

རྩྭ་ཆུའི་འཁྱིལ་བ་གནམ་ལ་བསླངས་པའི་ཞིང་བཀོད་ཡག།
སྨག་པའི་ཁྲག་རྐང་རུས་ལ་བྲིས་པའི་བཤུལ་རྒྱུད་བཙོག།
རྡོག་པའི་གདན་ལ་གནག་པའི་ཐོབ་པ་བཞེངས་ཤིག་པའི།།
གསེར་གྱི་སྤྲིན་པ་འཇའ་རུ་འོང་གྲབས་བཟོས་པའི་ཉིན།།
དབུ་ཡི་ལྕགས་རི་ཁྱོད་ཀྱིས་བསྲུང་བ་གང་དགོས་ལ།།
ཡབ་ཀྱི་མཚོན་པ་ཁྱོད་ཙམ་ཡོད་པས་མགུ་བ་ལྡིང་།།

ངར་གྱིས་རྒྱུག་པའི་གློག་གི་རྩེ་ལྕེ་ཡོམ་པའི་སྟེང་།།
མཚན་གྱིས་མཚོན་པའི་ཕོ་བྲང་བགྲེས་པོ་འགྱིང་བའི་ངོས།།
ཤུགས་ཀྱིས་བཙན་པའི་སྒྲ་རོལ་གསར་བའི་བརྡ་རྟགས་དགོད།།
དིར་ལ་འདྲིས་པའི་བློ་ཡི་སད་པ་རྦད་ནས་བསྒུལ།།
སང་གི་ནངས་ཞོགས་ཁྱོད་ཀྱིས་བསྐོལ་བ་རྒྱང་ཤོག་བུས།།
མེ་ཡིས་སྦགས་པ་ཁྱོད་ཉིད་མིན་པ་གསལ་དུ་ཐོངས།།
                   ༩༠.༠༥.༠༡༡ལ།

          རྒྱུད་མང་ནང་གི་བོད་སྐད།
              —ཉིན་ཞིག་རིག་འཛིན་སྒྲོལ་མ་མཐོང་ཚུལ།

འོ་མ་དགོད་པའི་དབྱངས་ཀྱི་ངལ་བ།།
དཀར་པོ་དར་གྱི་འུར་ལ་སིམ་སིམ།།
སྙིང་ལ་བྱིལ་བའི་སྒྲ་ཡི་གཤོག་རྩེ།།
རི་ཁའི་ལོ་མའི་མཐའ་ན་འཛུམ་དམུལ།།
ཤོག་བུའི་འཇའ་ཚོན་གླུ་ལ་བྲིས་འདྲ།།
གླིང་བུའི་ཁུགས་པ་མཚོ་མོར་འཁྱིལ་བ།།
དལ་གྱིས་འོང་བའི་ངག་གི་རྦ་རླབས།།
ཁ་བའི་མཁའ་ལ་འུབ་ཀྱིས་ཁྱབ་སོང་།།
ལང་ཚོའི་ཉམས་ཆ་བརྙན་དུ་འཕོས་པས།།
གསེར་གྱི་མེ་ལོང་གཡོ་ཞིང་འདར་བ།།
སྦྲ་མཐའི་བཞོ་ལུང་ཟོམ་ལ་བདུངས་ནས།།
གཡང་གི་རོལ་མོ་རླུང་ལས་བརྡེབ་པ།།
ཡི་གེའི་ཆར་ཟིམ་སྐད་ལ་བཞུར་དུས།།
མདུན་གྱི་རྣོ་སྦྲེང་བྲོ་ལ་ཞུགས་བཞག།
རྔུལ་ཆུའི་ཐིགས་པ་སྙན་ལ་དཀྲོལ་ཉིན།།
གཞས་ཀྱི་བཟི་བ་ཡིད་ལ་ལྡང་བ།།
སྨག་གིས་ཟ་བའི་གདུང་བ་མངའ་མིན།།
སྨྲ་བའི་ཁོག་ལ་ཕྱིན་ན་ཚོར་ཙམ།།
ནང་མིའི་སྙིང་ཁམས་དྲོད་ལ་སྦྱར་བའི།།
ཁྱོད་ཀྱི་བོད་སྐད་སྒང་ལ་དར་ཤོག།

༢༣.༠༥.༠༡༡ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོ་ཡོན་གྱི་སྙན་ངག་གསར་བ་ཕྱོགས་བསྒྲིགས།

2013-08-18 སྒོ་ཡོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།