རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་ཉེ་བའི་སྙན་ངག་འགའ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-18

2013111217431700256.jpg

             ཞོགས་ཇ།

ཟས་ཅོག་སྟེང་གི་སྲན་ཆེན
སོ་ཡིས་མི་ཆོད་ཅིང
ལག་པས་ཁ་བཀར་མི་ཐུབ་པའི
སྲན་ཆེན་དམར་ལྡང
ལོ་སར་སྐབས་ནས་ད་རག་ལ
ཟླ་ངོ་དགུ་ཡི་རིང་ལ
གཉིད་དུ་ཡུར་བའི་ཁྱོད
བདག་པོ་མེད་ལ་བྲོ་བ་མེད་པའི་ཁྱོད
དེ་རིང་འཆའ་ཚད་ལ་བསླེབས་ཀྱང
སོ་ཡིས་འཇུ་ཚོད་མ་རེད
དེའི་ཕྱིར་མཛུབ་མོ་གཉིས་ཀྱི་རྩེ་ནས
ཉི་མ་འཁོར་རེ་རེ་བཀད་པར་བྱ
ནང་སྙིང་མིག་སྐྱག་ཙམ་ལས་མེད་པའི
ཉི་མ་འཁོར་ནག་རིལ
ལྕེ་བར་ནས་བོར་ལ་ཁད་དུ
མིད་པའི་ནང་དུ་འདེད་པར་བྱ
ཞོགས་ཇ་སྣུམ་པོ་ཞིག་གི་ཚུལ་དུ་བསྒོམ་པར་བྱ

              སེམས་ཀྱི་ལོགས་རིས།

སྐལ་བཟང་གཡུ་སྒྲོན་གྱི་གྲེ་བ
ཤེལ་གྱི་སྦུ་གུ་དང་འདྲ
ལྷ་སའི་གཞས
སེམས་སུ་བླུགས་འོང
ལྷ་སའི་ཁ་དོག
སེམས་སུ་བླུགས་འོང
ཕྱི་གསལ་ནང་གསལ་གྱི
གཏམ་རྒྱུད་མང་པོ
སེམས་སུ་བླུགས་འོང
ངའི་ཨམ་འབྱོག
རྡོ་བ་དང་འདྲ་ཡང
དོ་ནུབ་གློ་བུར་དུ
ཆར་ཆུས་བརླན་ཅིང
ངའི་ཨམ་འབྱོག་གི་ཤལ་བར
ལྷ་སའི་ལྷོ་ཁ་ནས་ཡིན་པའི་མེ་ཏོག་ཅིག་བཙུགས
གོང་དཀར་ནས་ཡིན་པའི་ཟླ་བ་ཞིག་བཀལ
ང་རང་དོ་ནུབ
སེམས་ངལ་གྱིས་འདར་རམ
དགའ་སྤྲོ་ཡིས་འཛུམ་མམ

              ལམ་འདི་ནས་བུད་ཚེ།

ལམ་འདི་ནས་བུད་ཚེ
ཁྱེད་ཀྱི་མགྲིན་པར་ཐོགས་པའི
དབྱངས་ཀྱི་སྒྲོག་གུ་དེ་གང་ན
གསང་བའི་ཚིག་འབྲུ་དེ་གང་ན
ལམ་འདི་ནས་བུད་ཚེ
མདུན་གྱི་མེ་ལོང་དེ་གང་ན
མེ་ལོང་ནང་གི་ངོ་གདོང་དེ་གང་ན
ལམ་འདི་ནས་བུད་ཚེ
ཤེལ་ཕོར་དབུས་ཀྱི་ཇ་ལོ་དེ་གང་ན
ཇ་ལོའི་གསེབ་ཀྱི་རླངས་པ་དེ་གང་ན
ལམ་འདི་ནས་བུད་ཚེ
བར་སྣང་གི་སྤྲིན་པ་དེ་གང་ན
སྤྲིན་པའི་གསེབ་ཀྱི་ཚེས་རིས་དེ་གང་ན
ལམ་འདི་ནས་བུད་ཚེ
མདུན་རྒྱབ་ཀྱི་གྲིབ་མ་དེ་གང་ན
གྲིབ་མའི་ནང་གི་གྲིབ་མ་དེ་གང་ན
ལམ་འདི་ནས་བུད་ཚེ
རི་ཁྲོད་ནས་རྙེད་པའི་རྨི་ལམ་དེ་གང་ན
རྨི་ལམ་ཁྲོད་ཀྱི་འོད་ཟེར་དེ་གང་ན

             ཐོལ་བྱུང་འཕྲིན་ཡིག

ལྷོ་ཁ་ནས་ཅི་ཞིག་བྱོན་མྱོང
ལྷོ་ནས་བྱང་དུ་གཡོ་བའི་སྤྲིན་པ
གཞས་ཆུང་ཁུར་བའི་བྱེའུ་ཆུང་ཅོ་ཀ
ཀོ་གྲུ་གཏོང་བའི་བན་དེ་ཆུང་ཆུང
སྙིང་རྗེ་བ་མང་པོ་ཞིང
སྐྱིད་ཆུའི་འགྲམ་ལ་འཚངས་འོང་དུས
ང་ཡི་བྱེའུ་ཆུང
ཁྱེད་ནི་ཤར་ཕྱོགས་སུ་འཕུར་དོན་ཅི་ཡིན
ཁྱེད་རང་བསྙེས་སའི་ལྗོན་པ་དེ
མཚོ་རྫིང་གི་རླབས་རིས་དང་བསྡོངས་ནས་འགུལ་ཅིང
རླུང་བུ་སིལ་སིལ
སིལ་སིལ་གྱི་རླུང་དེས
ཕ་ཡུལ་ཡིད་ལ་བྲིས་ཤིང
གཞས་ཆུང་མཆུ་རུ་ཐོགས་ནས
གང་དུ་འཕུར་ས་ན
ཅི་ཞིག་དྲན་བཞིན་ཡོད

               བྱེའུ་ཆུང་སྒྲོལ་མ།

ལྷ་སའི་ལྷོ་ཁ་ནི་ལྗོན་པ་ཞིག་ཡིན་ལ
ལྗོན་པ་དེའི་རྩེ་ན
ཅི་ཞིག་ཡོད
ཅི་ཞིག་ཡོད
༼ ལྗོན་པ་དེའི་རྩེ་ན
བྱེའུ་ཆུང་སྒྲོལ་མ་ཡོད
བྱེའུ་ཆུང་སྒྲོལ་མ་ཡོད
༼ ཨོ། བྱེའུ་ཆུང་སྒྲོལ་མ
སྡོང་རྩེའི་དེ་ན་མེ་ཏོག་ཅིག་དང་འདྲ
འཕུར་དུས་གཤོག་སྒྲོ་མཛེས་ཤིང
འབབ་དུས་བྱད་དབྱིབས་མཛེས་པ
ད་ལྟ་ཞེ་ལ་ཐོགས་དུས་ག་བར་ཡོད་དམ
ག་བར་ཡོད་དམ
༼ ད་ལྟ་མཚེའུ་ཞིག་གི་འགྲམ་ན་ཡོད
གྲོང་ཁྱེར་ཞིག་གི་མཐའ་ན་ཡོད
༼ ཨོ། བྱེའུ་ཆུང་སྒྲོལ་མ
བྱེའུ་ཆུང་སྒྲོལ་མ
སེམས་པ་གངས་རི་ལས་ཀྱང་དཀར
བརྩེ་བ་གཡུ་ཡི་མཚོ་མོ་ཡིན
༼དེ་འདྲ་ཡིན་ཤག
དེ་འདྲ་ཡིན་ཤག

             ག་རེ་ཅི་ཞིག་ཟ།

ཡང་ཉིན་གུང་ལ་བསླེབས་འདུག
ཉི་འོད་ཀྱིས་ཤེལ་སྒོ་ངར་ཅིང
ཤེལ་སྒོའི་འོད
མལ་འཕྲོས་ཐོག་ལ་བརྒྱབ་ནས
མགོ་བོ་མལ་ཐུལ་གྱིས་གཡོགས་ཀྱང
ག་ས་གང་དུ་ཉི་ཟེར་ཕོག་ནས
རྨི་ལམ་ནང་ལས་ཕྱིར་འབུད་དགོས་བྱུང
ག་རེ། མགོ་བོ་ཡར་བཀྱགས་རུང
ལྟོ་བ་ཟས་ཀྱིས་བཀྲེས་རུང
ཅི་ཞིག་ཟ
ཆུ་ཁོལ་ནི་མ་བསྐོལ་ན་མི་ཁོལ་ཅིང
གོ་རེ་འང་མ་བསྲོས་ན་གྱོང་འདུག
ཆ་ག་དང་ཅོག་ཙེ་ཐོག་གི་དངོས་པོ་ཙག་ཙིག་ཚང་མ
རང་རང་ས་ན་ས་རྡུལ་གྱིས་མནན་ཏེ
གཉིད་དུ་ཡུར་བ་བཞིན་
འཇམ་ཐིང་ངེར
གཡས་གཡོན་དང
མགོ་རྔ་མེད་པར་ལུས་འདུག
མིག་འབྱེད་འཛུམ་གྱིས་ངང་དུ
ཁ་རུ་ཅི་ཞིག་འཇུག་འདོད་ཀྱིས
ལག་པས་གང་སར་བསྙབས་ཀྱང
གོ་རེ་ཀ་ར་ཕྱེད་ཀ་ཙམ་མ་གཏོགས་ལག་ཏུ་མ་ཐོབ

              སེམས་ངལ།

ཡར་འགྲེང་ཙམ་ནས
སྟོན་ཀ་འགྲོ་ལ་ཉེ
ཀྱེ། སྟོན་དུས་ཨ
ཁྱེད་གང་དུ་འགྲོ
སིལ་སྡོང་རྩེ་ཡི་སིལ་རྣམས་བཏོགས་ཏེ
སེར་མདོག་གི་ལོ་མའི་ཚོགས་ཁྱེར་ཏེ
རྒྱང་རིང་གང་དུ་འགྲོ
ཧི་མ་ལ་ཡི་ཕ་རོལ་ལམ
ཤར་གྱི་རྒྱ་མཚོ
སོག་པོའི་རྩྭ་ཐང
ཨ་རབ་ཀྱི་བྱེ་ཐང
ཡང་ན་གང་དུ་འགྲོ
དེའུ་འབུར་ཞིག་གི་པང་ན
ཤག་སྐོར་རྙིང་སོང་ཞིག་གི་ལྷས་སུ
སྨིན་པ་རླུང་བུས་སྤུར་བཞིན
ཧྲེང་ཧྲེང་གི་ངང་དུ་འཚོ་བཞིན
གྲིབ་མའི་ནང་དུ་ས་རྡུལ་འཚངས་པའི་མི་དེ
ངག་སྒོ་འདར་བའི་མི་དེ
མིག་ཟུང་ཟད་པའི་མི་དེ
ཉི་འོད་ཀྱིས་མི་དྲོས་པའི་མི་དེ
ལག་པའི་མཐིལ་ལ་རི་མོ་མི་གསལ་བའི་མི་དེ
ཤར་དུ་འགྲོ་འམ
ནུབ་ཏུ་འགྲོ
རྐང་འོག་གི་ལམ་དེ
གང་ནས་གང་ལ་བརྐྱངས་ཡོད

              ཁྱམས་ར།

གྲིབ་མ་རེ་གཉིས
རབ་རིབ་ཀྱིས་འགུལ་འོང
གྲིབ་མའི་ནང་གི་མགྲོན་པོ
དྲོད་ས་སྙེག་པའི་སྦྲང་ནག་འགའ་རེ
བང་བང་གི་སྒྲ་དང་བཅས
གདུང་མ་དང་ཀ་བའི་ལོགས་སུ་འཕུར
སྦྲང་ནག་གི་མགྲིན་སྒྲ
རྣ་སྒོར་བཏགས་པའི་གླུ
ཁ་བ་བཞིན་གྲང
ཉི་འོད་བཞིན་ཚ
དབེན་ཐང་ཐང་གི་དགོན་པ
སྙན་ལྷང་ལྷང་གི་གཡེར་དྲིལ
རི་བོ་བཞིན་ལྕི
སྤྲིན་པ་བཞིན་ཡང

            སྟོན་ཀ

ལམ་ཀྱ་ཀྱུ
སྟོང་ལོ་རླུང་བུས་འཕུལ
སེར་ལམ་ལམ་གྱི་ཉི་ཟེར
བ་མོས་སྒུམ
སྟོན་གྱི་རྣམ་པ་སྣུམ་ཚོན་རི་མོ་འདྲ

སྟོན་གྱི་རྣམ་པ
དགུན་ཁ་ཐོན་དུས་དྲན་འོང
དབྱར་ལྗོངས་འདས་དུས་དྲན་འོང
རྡོ་བའི་གསེབ་ཀྱི་ཆུ་ཕྲན་ལྷུང་ལྷུང
ཆུ་ཁར་གཡེངས་པའི་ཆབ་རོམ་ལེབ་མོ
ཉིན་རེར་ཆེ་རུ་བསྐྱེད

སྒེའུ་ཁུང་ངོས་ཀྱི་སྦྲང་མ
མགྲིན་པའི་དབྱངས་ལ་སིམ་ནས
མིག་ཟུང་རབ་རིབ་ངང
འཕུར་ས་འཚོལ་བཞིན་ཡོད

            ལྷ་ས།

གནའ་བོའི་ལྷ་ས
སྤྲིན་དཀར་གྱིས་གཡོགས
མཚམས་སྤྲིན་གསེབ་ཀྱི་པོ་ཏཱ་ལ
ཉི་ཟླའི་རྣ་ལོང་གིས་མཛེས
སྙན་ལྷིང་ལྷིང་གི་རོལ་དབྱངས་ཀྱིས་མཛེས
པོ་ཏཱ་ལ
དམར་པོ་རིའི་སྒང་ན
གླང་ཆེན་ཞིག
སེང་གེ་ཞིག

ལྷ་ས
གནའ་བོའི་ལྷ་ས
དྲེལ་བའི་འགྲུལ་ལམ་ན
གནས་མཇལ་བའི་སྐྱབས་ཡུལ་ན
གསེར་མདོག་གི་ལང་ཚོ་དེ
ཆོས་ཀྱི་དབུ་ཁྱུད་ལ་ཐིམ

            སྒེའུ་ཁུང་།

དཀར་བསིལ་བསིལ་གྱི་ཟླ་འོད་དེས
ལྗོན་པའི་ཚལ་ལ་འགྲོ
ནེའུ་གསིང་གི་གཞི་ལ་ཁྲིད་འགྲོ
གཙང་བོའི་འགྲམ་ལ་ཁྲིད་འགྲོ
ད་དུང
རུ་བ་ཐེངས་མང་པོར་སྤོར་མྱོང་སའི
དབྱར་ས་དང་སྟོན་སར་ཁྲིད་འགྲོ

སྒེའུ་ཁུང་ངོས་ཀྱི་ཟླ་འོད་ཨ
ང་རང་ཕྱི་རོལ་ལ་འདི་ལྟར་ཁྲིད་དུས
ངའི་གྲིབ་མའང་རྗེས་སུ་འཁྲིད་རོགས
རྐང་རྗེས་ཀྱང་རྗེས་སུ་འཁྲིད་རོགས
ང་རླུང་བུ་བཞིན
འཇའ་གཟུགས་ལྟར
རྨི་ལམ་ལྟར
ཡུན་རིང་ལ་ཁྲིད་ལུགས་འདིས
ང་གཞི་ནས་སྨྲེང་སོང
ང་གཞི་ནས་ཆད་འོང

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་ཉེ་བའི་སྙན་ངག་འགའ།

2015-10-18 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

2013111217431700256.jpg

             ཞོགས་ཇ།

ཟས་ཅོག་སྟེང་གི་སྲན་ཆེན
སོ་ཡིས་མི་ཆོད་ཅིང
ལག་པས་ཁ་བཀར་མི་ཐུབ་པའི
སྲན་ཆེན་དམར་ལྡང
ལོ་སར་སྐབས་ནས་ད་རག་ལ
ཟླ་ངོ་དགུ་ཡི་རིང་ལ
གཉིད་དུ་ཡུར་བའི་ཁྱོད
བདག་པོ་མེད་ལ་བྲོ་བ་མེད་པའི་ཁྱོད
དེ་རིང་འཆའ་ཚད་ལ་བསླེབས་ཀྱང
སོ་ཡིས་འཇུ་ཚོད་མ་རེད
དེའི་ཕྱིར་མཛུབ་མོ་གཉིས་ཀྱི་རྩེ་ནས
ཉི་མ་འཁོར་རེ་རེ་བཀད་པར་བྱ
ནང་སྙིང་མིག་སྐྱག་ཙམ་ལས་མེད་པའི
ཉི་མ་འཁོར་ནག་རིལ
ལྕེ་བར་ནས་བོར་ལ་ཁད་དུ
མིད་པའི་ནང་དུ་འདེད་པར་བྱ
ཞོགས་ཇ་སྣུམ་པོ་ཞིག་གི་ཚུལ་དུ་བསྒོམ་པར་བྱ

              སེམས་ཀྱི་ལོགས་རིས།

སྐལ་བཟང་གཡུ་སྒྲོན་གྱི་གྲེ་བ
ཤེལ་གྱི་སྦུ་གུ་དང་འདྲ
ལྷ་སའི་གཞས
སེམས་སུ་བླུགས་འོང
ལྷ་སའི་ཁ་དོག
སེམས་སུ་བླུགས་འོང
ཕྱི་གསལ་ནང་གསལ་གྱི
གཏམ་རྒྱུད་མང་པོ
སེམས་སུ་བླུགས་འོང
ངའི་ཨམ་འབྱོག
རྡོ་བ་དང་འདྲ་ཡང
དོ་ནུབ་གློ་བུར་དུ
ཆར་ཆུས་བརླན་ཅིང
ངའི་ཨམ་འབྱོག་གི་ཤལ་བར
ལྷ་སའི་ལྷོ་ཁ་ནས་ཡིན་པའི་མེ་ཏོག་ཅིག་བཙུགས
གོང་དཀར་ནས་ཡིན་པའི་ཟླ་བ་ཞིག་བཀལ
ང་རང་དོ་ནུབ
སེམས་ངལ་གྱིས་འདར་རམ
དགའ་སྤྲོ་ཡིས་འཛུམ་མམ

              ལམ་འདི་ནས་བུད་ཚེ།

ལམ་འདི་ནས་བུད་ཚེ
ཁྱེད་ཀྱི་མགྲིན་པར་ཐོགས་པའི
དབྱངས་ཀྱི་སྒྲོག་གུ་དེ་གང་ན
གསང་བའི་ཚིག་འབྲུ་དེ་གང་ན
ལམ་འདི་ནས་བུད་ཚེ
མདུན་གྱི་མེ་ལོང་དེ་གང་ན
མེ་ལོང་ནང་གི་ངོ་གདོང་དེ་གང་ན
ལམ་འདི་ནས་བུད་ཚེ
ཤེལ་ཕོར་དབུས་ཀྱི་ཇ་ལོ་དེ་གང་ན
ཇ་ལོའི་གསེབ་ཀྱི་རླངས་པ་དེ་གང་ན
ལམ་འདི་ནས་བུད་ཚེ
བར་སྣང་གི་སྤྲིན་པ་དེ་གང་ན
སྤྲིན་པའི་གསེབ་ཀྱི་ཚེས་རིས་དེ་གང་ན
ལམ་འདི་ནས་བུད་ཚེ
མདུན་རྒྱབ་ཀྱི་གྲིབ་མ་དེ་གང་ན
གྲིབ་མའི་ནང་གི་གྲིབ་མ་དེ་གང་ན
ལམ་འདི་ནས་བུད་ཚེ
རི་ཁྲོད་ནས་རྙེད་པའི་རྨི་ལམ་དེ་གང་ན
རྨི་ལམ་ཁྲོད་ཀྱི་འོད་ཟེར་དེ་གང་ན

             ཐོལ་བྱུང་འཕྲིན་ཡིག

ལྷོ་ཁ་ནས་ཅི་ཞིག་བྱོན་མྱོང
ལྷོ་ནས་བྱང་དུ་གཡོ་བའི་སྤྲིན་པ
གཞས་ཆུང་ཁུར་བའི་བྱེའུ་ཆུང་ཅོ་ཀ
ཀོ་གྲུ་གཏོང་བའི་བན་དེ་ཆུང་ཆུང
སྙིང་རྗེ་བ་མང་པོ་ཞིང
སྐྱིད་ཆུའི་འགྲམ་ལ་འཚངས་འོང་དུས
ང་ཡི་བྱེའུ་ཆུང
ཁྱེད་ནི་ཤར་ཕྱོགས་སུ་འཕུར་དོན་ཅི་ཡིན
ཁྱེད་རང་བསྙེས་སའི་ལྗོན་པ་དེ
མཚོ་རྫིང་གི་རླབས་རིས་དང་བསྡོངས་ནས་འགུལ་ཅིང
རླུང་བུ་སིལ་སིལ
སིལ་སིལ་གྱི་རླུང་དེས
ཕ་ཡུལ་ཡིད་ལ་བྲིས་ཤིང
གཞས་ཆུང་མཆུ་རུ་ཐོགས་ནས
གང་དུ་འཕུར་ས་ན
ཅི་ཞིག་དྲན་བཞིན་ཡོད

               བྱེའུ་ཆུང་སྒྲོལ་མ།

ལྷ་སའི་ལྷོ་ཁ་ནི་ལྗོན་པ་ཞིག་ཡིན་ལ
ལྗོན་པ་དེའི་རྩེ་ན
ཅི་ཞིག་ཡོད
ཅི་ཞིག་ཡོད
༼ ལྗོན་པ་དེའི་རྩེ་ན
བྱེའུ་ཆུང་སྒྲོལ་མ་ཡོད
བྱེའུ་ཆུང་སྒྲོལ་མ་ཡོད
༼ ཨོ། བྱེའུ་ཆུང་སྒྲོལ་མ
སྡོང་རྩེའི་དེ་ན་མེ་ཏོག་ཅིག་དང་འདྲ
འཕུར་དུས་གཤོག་སྒྲོ་མཛེས་ཤིང
འབབ་དུས་བྱད་དབྱིབས་མཛེས་པ
ད་ལྟ་ཞེ་ལ་ཐོགས་དུས་ག་བར་ཡོད་དམ
ག་བར་ཡོད་དམ
༼ ད་ལྟ་མཚེའུ་ཞིག་གི་འགྲམ་ན་ཡོད
གྲོང་ཁྱེར་ཞིག་གི་མཐའ་ན་ཡོད
༼ ཨོ། བྱེའུ་ཆུང་སྒྲོལ་མ
བྱེའུ་ཆུང་སྒྲོལ་མ
སེམས་པ་གངས་རི་ལས་ཀྱང་དཀར
བརྩེ་བ་གཡུ་ཡི་མཚོ་མོ་ཡིན
༼དེ་འདྲ་ཡིན་ཤག
དེ་འདྲ་ཡིན་ཤག

             ག་རེ་ཅི་ཞིག་ཟ།

ཡང་ཉིན་གུང་ལ་བསླེབས་འདུག
ཉི་འོད་ཀྱིས་ཤེལ་སྒོ་ངར་ཅིང
ཤེལ་སྒོའི་འོད
མལ་འཕྲོས་ཐོག་ལ་བརྒྱབ་ནས
མགོ་བོ་མལ་ཐུལ་གྱིས་གཡོགས་ཀྱང
ག་ས་གང་དུ་ཉི་ཟེར་ཕོག་ནས
རྨི་ལམ་ནང་ལས་ཕྱིར་འབུད་དགོས་བྱུང
ག་རེ། མགོ་བོ་ཡར་བཀྱགས་རུང
ལྟོ་བ་ཟས་ཀྱིས་བཀྲེས་རུང
ཅི་ཞིག་ཟ
ཆུ་ཁོལ་ནི་མ་བསྐོལ་ན་མི་ཁོལ་ཅིང
གོ་རེ་འང་མ་བསྲོས་ན་གྱོང་འདུག
ཆ་ག་དང་ཅོག་ཙེ་ཐོག་གི་དངོས་པོ་ཙག་ཙིག་ཚང་མ
རང་རང་ས་ན་ས་རྡུལ་གྱིས་མནན་ཏེ
གཉིད་དུ་ཡུར་བ་བཞིན་
འཇམ་ཐིང་ངེར
གཡས་གཡོན་དང
མགོ་རྔ་མེད་པར་ལུས་འདུག
མིག་འབྱེད་འཛུམ་གྱིས་ངང་དུ
ཁ་རུ་ཅི་ཞིག་འཇུག་འདོད་ཀྱིས
ལག་པས་གང་སར་བསྙབས་ཀྱང
གོ་རེ་ཀ་ར་ཕྱེད་ཀ་ཙམ་མ་གཏོགས་ལག་ཏུ་མ་ཐོབ

              སེམས་ངལ།

ཡར་འགྲེང་ཙམ་ནས
སྟོན་ཀ་འགྲོ་ལ་ཉེ
ཀྱེ། སྟོན་དུས་ཨ
ཁྱེད་གང་དུ་འགྲོ
སིལ་སྡོང་རྩེ་ཡི་སིལ་རྣམས་བཏོགས་ཏེ
སེར་མདོག་གི་ལོ་མའི་ཚོགས་ཁྱེར་ཏེ
རྒྱང་རིང་གང་དུ་འགྲོ
ཧི་མ་ལ་ཡི་ཕ་རོལ་ལམ
ཤར་གྱི་རྒྱ་མཚོ
སོག་པོའི་རྩྭ་ཐང
ཨ་རབ་ཀྱི་བྱེ་ཐང
ཡང་ན་གང་དུ་འགྲོ
དེའུ་འབུར་ཞིག་གི་པང་ན
ཤག་སྐོར་རྙིང་སོང་ཞིག་གི་ལྷས་སུ
སྨིན་པ་རླུང་བུས་སྤུར་བཞིན
ཧྲེང་ཧྲེང་གི་ངང་དུ་འཚོ་བཞིན
གྲིབ་མའི་ནང་དུ་ས་རྡུལ་འཚངས་པའི་མི་དེ
ངག་སྒོ་འདར་བའི་མི་དེ
མིག་ཟུང་ཟད་པའི་མི་དེ
ཉི་འོད་ཀྱིས་མི་དྲོས་པའི་མི་དེ
ལག་པའི་མཐིལ་ལ་རི་མོ་མི་གསལ་བའི་མི་དེ
ཤར་དུ་འགྲོ་འམ
ནུབ་ཏུ་འགྲོ
རྐང་འོག་གི་ལམ་དེ
གང་ནས་གང་ལ་བརྐྱངས་ཡོད

              ཁྱམས་ར།

གྲིབ་མ་རེ་གཉིས
རབ་རིབ་ཀྱིས་འགུལ་འོང
གྲིབ་མའི་ནང་གི་མགྲོན་པོ
དྲོད་ས་སྙེག་པའི་སྦྲང་ནག་འགའ་རེ
བང་བང་གི་སྒྲ་དང་བཅས
གདུང་མ་དང་ཀ་བའི་ལོགས་སུ་འཕུར
སྦྲང་ནག་གི་མགྲིན་སྒྲ
རྣ་སྒོར་བཏགས་པའི་གླུ
ཁ་བ་བཞིན་གྲང
ཉི་འོད་བཞིན་ཚ
དབེན་ཐང་ཐང་གི་དགོན་པ
སྙན་ལྷང་ལྷང་གི་གཡེར་དྲིལ
རི་བོ་བཞིན་ལྕི
སྤྲིན་པ་བཞིན་ཡང

            སྟོན་ཀ

ལམ་ཀྱ་ཀྱུ
སྟོང་ལོ་རླུང་བུས་འཕུལ
སེར་ལམ་ལམ་གྱི་ཉི་ཟེར
བ་མོས་སྒུམ
སྟོན་གྱི་རྣམ་པ་སྣུམ་ཚོན་རི་མོ་འདྲ

སྟོན་གྱི་རྣམ་པ
དགུན་ཁ་ཐོན་དུས་དྲན་འོང
དབྱར་ལྗོངས་འདས་དུས་དྲན་འོང
རྡོ་བའི་གསེབ་ཀྱི་ཆུ་ཕྲན་ལྷུང་ལྷུང
ཆུ་ཁར་གཡེངས་པའི་ཆབ་རོམ་ལེབ་མོ
ཉིན་རེར་ཆེ་རུ་བསྐྱེད

སྒེའུ་ཁུང་ངོས་ཀྱི་སྦྲང་མ
མགྲིན་པའི་དབྱངས་ལ་སིམ་ནས
མིག་ཟུང་རབ་རིབ་ངང
འཕུར་ས་འཚོལ་བཞིན་ཡོད

            ལྷ་ས།

གནའ་བོའི་ལྷ་ས
སྤྲིན་དཀར་གྱིས་གཡོགས
མཚམས་སྤྲིན་གསེབ་ཀྱི་པོ་ཏཱ་ལ
ཉི་ཟླའི་རྣ་ལོང་གིས་མཛེས
སྙན་ལྷིང་ལྷིང་གི་རོལ་དབྱངས་ཀྱིས་མཛེས
པོ་ཏཱ་ལ
དམར་པོ་རིའི་སྒང་ན
གླང་ཆེན་ཞིག
སེང་གེ་ཞིག

ལྷ་ས
གནའ་བོའི་ལྷ་ས
དྲེལ་བའི་འགྲུལ་ལམ་ན
གནས་མཇལ་བའི་སྐྱབས་ཡུལ་ན
གསེར་མདོག་གི་ལང་ཚོ་དེ
ཆོས་ཀྱི་དབུ་ཁྱུད་ལ་ཐིམ

            སྒེའུ་ཁུང་།

དཀར་བསིལ་བསིལ་གྱི་ཟླ་འོད་དེས
ལྗོན་པའི་ཚལ་ལ་འགྲོ
ནེའུ་གསིང་གི་གཞི་ལ་ཁྲིད་འགྲོ
གཙང་བོའི་འགྲམ་ལ་ཁྲིད་འགྲོ
ད་དུང
རུ་བ་ཐེངས་མང་པོར་སྤོར་མྱོང་སའི
དབྱར་ས་དང་སྟོན་སར་ཁྲིད་འགྲོ

སྒེའུ་ཁུང་ངོས་ཀྱི་ཟླ་འོད་ཨ
ང་རང་ཕྱི་རོལ་ལ་འདི་ལྟར་ཁྲིད་དུས
ངའི་གྲིབ་མའང་རྗེས་སུ་འཁྲིད་རོགས
རྐང་རྗེས་ཀྱང་རྗེས་སུ་འཁྲིད་རོགས
ང་རླུང་བུ་བཞིན
འཇའ་གཟུགས་ལྟར
རྨི་ལམ་ལྟར
ཡུན་རིང་ལ་ཁྲིད་ལུགས་འདིས
ང་གཞི་ནས་སྨྲེང་སོང
ང་གཞི་ནས་ཆད་འོང

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།