བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མའི་སྙན་ངག་བདམས་བཀོད།

xiaomen(5).jpg                         
                           
མཚན་མོའི་སྒྲ་བཤད། (ཞར་བཀོད་གཉིས་ཡོད)

                                                                               རྦབ་ཆུ། 

མངོན་སུམ་གྱི་སྟོང་བར་ཁ་དོག་མི་འདུག
གྲོང་ཁྱེར་གྱི་ཁྱི་རྒྱ་དམར་དེ་ལའང་ཟུག་སྐད་མི་འདུག
ལྷ་གདོང་ཤན་ཁའི་གྲུ་པ་རྒད་པོ་དེ་གཅིག་པོ།
སྔར་བཞིན་སྐྱིད་ཆུའི་གཞུང་ལ་འཕྲེང་སེམས་བསྐུར་གྱིན་འདུག

བསྒྲུགས་ནས་མ་བརླག་པའི་དུས་ཚོད་དེ་ཚོ། 
ལོ་ཟླའི་གྲིབ་མར་བསྐོན་པའི་སྤོས་ཤེལ་ཞིག་ཡིན་སོང་ན།
དོ་ནུབ། ཆང་ཁང་རྙིང་པ་དེའི་ནང་ནས་གཡུ་ཆུང་མེ་ཏོག་མགྲོན་ལ་བསྐོང་སྟེ།
འཆི་ཟིན་པའི་འབྲོག་མོ་དེའི་མཚར་སྡུག་ལ་ཐེངས་གཅིག་བལྟ་ཆོག

དོ་ནུབ་འདྲ་བའི་མཚན་མོར་མུན་པ་ཞིག་མེད་ཚོད་དེ།
སྔར་བཞིན་ཤེལ་ཏོག་གི་ཕྲ་རྒྱན་དག་ལུང་པའི་རྒྱན་དུ་བཏབ་འདུག
ངས། རང་ཉིད་ཀྱི་འོད་ཟེར་དང་བདག་གཅིག་ཏུ་འབྲེལ་བའི།
མུན་པ་འཚོལ་རྒྱུའི་བརྡ་ཡིག་ཅིག་སྐད་འཕྲིན་དུ་དགྲམ་དགོས།

མཚན་མོའི་ལོ་སར་ཡལ་སོང་བ་འདྲ།
ནམ་ཟླའི་ཁ་ཕོར་ཀྱང་ཆག་སོང་བ་འདྲ།
འཁོར་བའི་རྡུལ་དྲེག་ལ་ཆགས་པའི“ང”གཅིག་པོ།
ད་དུང་ལྷ་སའི་མཚན་མོར་གནས་འདུག
དགུན་ཁ་ལྟ་བུའི། ལྷ་སའི་མཚན་མོར་གནས་འདུག

“ཝ་ཡེ། མུན་པ་རྙེད་སོང་ངམ།”
ངས་འོད་ཁམས་ཀྱི་ཕྱོགས་སུ་འཕྲིན་ཐུང་ཞིག་འདི་ལྟར་བསྐུར།

ཡིན་ཀྱང་། བློ་ལ་འབབ་པའི་ལན་ཞིག་མ་འབྱོར།
གློག་ཆད་སོང་བས་སམ། ཡང་ན་བརྡ་རྟགས་མེད་སོང་བས།
གང་ལྟར་ཡང་།  དུས་དེ་ནས།
བློ་ལ་འབབ་པའི་ལན་ཞིག་ད་དུང་མ་བྱུང་།

                     2016.09.24

                                ང་དང་ཕ་ཡུལ་རྒྱང་ཐག་རིང་།

སྨོན་མདའ་ལ་རྩེ་སྨུག་ཞག་གིས་སྦྲིད་དུས།
ངས་སྐུ་ལྷ་མཁའ་རིའི་ཞལ་རས་མཇལ་མི་ཐུབ།

ཕ་ཡུལ་ནི་ཁྱི་ལྡོམ་པོ་ཞིག་རེད།
ངའི་བྱིས་དུས་ཀྱི་རྨི་ལམ་གང་ཞིག་ཏུ་བོར་སྐད།
ཡང་ན། གནས་ཚང་ཆུང་ཆུང་ཞིག་ཀྱང་འདྲ་བོ་འདུག
རྒས་པའི་དགོང་ཁ་དེར་མ་གཏོགས་དྲན་མི་དགོས།

ཕ་ཡུལ་གྱི་མལ་ན་ངའི་རུས་པ་སྦས་ཡོད།
ཕ་ཡུལ་ལ་ལོག་ཐེངས་རེར་ངས་ས་རྐོ་རྡོ་སློག་བྱས་ཏེ་རུས་པ་དེ་འཚོལ་གྱིན་ཡོད།
ཡིན་ཀྱང་། ད་བར་རྙེད་མ་སོང་།

ད་ཆ། དྲན་པའི་རལ་ཡོལ་དེ་དབྱེ་ན་མ་གཏོགས།
ཕ་ཡུལ་གྱི་རི་ཆུ་དྭངས་མར་མཐོང་མི་ཐུབ།

མི་འགྱང་བའི་ནམ་ཞིག་གི་ཚེ།
ཨར་འདམ་གྱི་བྲག་རི་ཞིག་གིས་ང་དང་ཕ་ཡུལ་དམར་ཆིལ་ལེར་བསྒྱེལ་ངེས།                           

               2016.8.14

                            ཁྱོད་ཀྱི་མུན་པ། སུས་བལྡད་སོང་།

                                                ___ལྷ་སའི་མཚན་མོར་ཕུལ།

མིག་ཀོང་ལས་འཛགས་འདྲའི་འོད་ཀྱི་ཕྲ་རིས།
ཁྱེད་ཀྱི་མིག་ནང་དུ་ཅི་འདྲའི་གཟན།
དུས་རབས་ལས་བསྐྱེད་པའི་རྡུང་སྒྲ
སྐམ་པོར་མིད་དགོས་དུས། གང་ལས་སྡུག་ཨང་།

གནའ་སྔ་མོ།  ངའི་ལྷ་སའི་མཚན་མོར་མུན་པ་ཧ་ཅང་སྟུག
ཧ་ལམ། དུད་ཁྱིམ་རེ་རེའི་མར་མེ་མ་གཏོགས་རིག་མི་ཐུབ།
སྐབས་དེ་དུས་ངས་རྣ་བ་ཕྱོགས་བཞིར་རྨྱངས་ཤིང་།
ཨ་ཕའི་གཏམ་རྒྱུད་ལྷོད་ནས་མཉན་ཆོག

དོ་ནུབ།  ངས་ལྷ་སའི་མཚན་མོ་མཐོང་བྱུང་།
ཁོང་གིས་དར་སྲོལ་གསར་པའི་དབུ་ཞྭ་མནབས་ཏེ།
ག་ལེ་ག་ལེར་ངའི་མིག་མདུན་ནས་ཡལ་སོང་།

ཡིན་ཀྱང་། ཁྱེད་ལ་མུན་པ་ཟེར་བ་ཞིག་ཡེ་ནས་བསྒོས་མི་འདུག
དོ་ནུབ། ངས་ལྷ་སའི་མཚན་མོ་མཐོང་བྱུང་།

མུན་པ་མེད་ན། “མཚན་མོ”ཞེས་མ་བོས་ཀྱང་ཆོག
ཡོད་ཚད་ཀྱིས་འོད་ཟེར་འཕྱར་ཡོང་བའི་བསྐལ་བ་དེར།
མུན་པ་ནི། འོད་ཀྱི་ཟེར་མ་རེ་རེ་ལས་ཀྱང་འཚེར་ཞིང་དྲོ།

རྒྱུན་དུ།  ངས་རྡོ་གྲོང་གི་མུན་པར་བརྔམས་ཏེ་འོད་ཟེར་ཉུལ་གྱིན་ཡོད།
ཟླ་འོད་ལྟ་བུའི།   སྐར་འོད་ལྟ་བུའི།
མུན་པ་དང་འཆམ་ཟིན་པའི་བཟའ་ཟླ་འདྲ་བ་དེ་ཚོ།
ཨ་ཕའི་ཤ་ཁྲག་དང་ཡོངས་སུ་འདྲེས་འགྱུར་བ་དེ་ཚོ།

འོད་ཀྱིས་བཏབ་པའི་ཕྲ་རིས་དག་ད་དུང་འགུལ་གྱིན་འདུག
མིག  ལྷ་སའི་མཚན་མོའི་མིག
ངའི་ལྷ་སའི་མཚན་མོའི་མིག
རྡུང་སྒྲས་བཙིར་དུས་སྐྱིད་པོ་ཞིག་རྩ་ནས་མེད་ཚོད།

་་་    ་་་

ཨ།  ཅི་ལས་སྡུག་པའི་ལྷ་སའི་མཚན་མོ།
ཁྱོད་ཀྱི་མུན་པ།  ཡང་སྙིང་སུས་བལྡད་སོང་།
ངས་དོ་ནུབ་ཁྱེད་རང་མཐོང་གི་མི་འདུག

ང་ཚོར་ད་དུང་ཁྱེད་རང་གཏན་དུ་སྲུང་མཁན་གྱི།
མར་མེ་མཚན་འབར་ཞིག་ཀྱང་། ཅི་འདྲའི་མཁོ་ཨང་།                                   

                   2016.8.23

                             ལྷ་ས་ནས་ཨ་མར་མཇལ་བ། (ཞར་བཀོད་གཉིས་ཡོད)

                                          མཚུངས་མེད། 

ལྷ་སའི་འདབ་མ་ལས་འཇམ་པའི།
ལྷ་སའི་ཟེའུ་འབྲུ་ལས་མངར་བའི།
ལྷ་ས་ཡི་སྣོད་དང་བཅུད།
ལྷ་ས་ལས་དགེ་བཅུ་ཚང་བར།
ལྷ་སར་འཛོམས་པའི་མ་སྨད་ཀྱི་པང་ན་བཞད། 

བསྐལ་པ། བསྐལ་པ།
སྒྲ་ལྕི་བ་དེ་ཉིད་ལྕི་བར་གྱུརད་ཅིག

                            ༢༠༡༦།༡༠།༨ 

                                འཛམ་གླིང་སྤྱི་བསང་དང་ཉི་མ་ལྷ་ས།

གནམ་མཐའི་སྤྲིན་པས་དུ་བའི་ཁུར་པོ་ཐོགས།
རྒྱང་རིང་གི་རི་བོས་གྲིབ་མའི་ལ་ཐོད་འཆིང་།
ཕོ་བྲང་དཀར་དམར་གྱི་འཁོར་དུ་དོགས་སྣང་གི་འདྲེན་བྱེད་མང་།
གཙུག་ལག་ཁང་གི་རྒྱ་ཕིབས་དུ་བས་དཀྲིགས།
ཁ་དོག་མི་གཅིག་པའི་དར་ལྕེས་ཉི་ཟེར་འཐུང་།
དར་ཆེན་ལྔ་པོ་ཁོ་ནས་རྡོ་རིང་གི་ཡིག་འབྲུ་ཆད་ཆད་མཐུད་མཐུད་དུ་ཀློག
མི་ཚོགས་ཀྱི་རླབས་རྒྱུན་གཡས་ནས་གཡས་སུ་འཕྱོ།
རིང་ལུགས་འཛིན་མཁན་གྱི་དད་པ་ཕལ་ཆེར་པར་ཆས་ཀྱི་མཐོང་རྒྱ་ཙམ།
དགའ་རུ་ཤག་གི་ཕོ་བྲང་གསར་པས་ངོ་ལོག་གི་དམ་བཅའ་རིམ་གྱིས་བརྗེད།
བརྒྱད་ཅུའི་གོས་དཀར་གྱོན་པའི་བགྲེས་པོ་ཞིག་བསང་དུད་ཀྱི་ཀློང་ནས་དལ་བུར་ཡལ།
བར་སྐོར་གྱི་དུད་ཞགས“དབང་པོ”སྐྱོན་ཅན་དང་ལྷན་དུ་འཚུབ།
མ་ཎིའི་དབྱངས་སྙན་སྒོར་མོས་ཡོངས་སུ་ཚོས།
སྐད་ར་མ་ལུག་ལ“ཐོབ་ཐང་ལག་ཁྱེར”གཞན་ཞིག་བདོག
དངུལ་ལོར་བསླང་རྒྱུ་ཁོ་ན་དྲིན་གཟོའི་བགྱི་བར་སྒོམ་མཁན་གྱི“གཅེས་ཕྲུག”མང་།
སང་ཉིན་གྱི་སང་ཉིན་དང་དེའི་སང་ཉིན་ལ་མིག་རྒྱང་གིས་བཟོད་མཁན་སུ།

                                     ༢༠༡༦། ༧ ། ༢༠ འཛམ་གླིང་སྤྱི་བསང་གི་ཉིན་མོར་དབུས་ལྷ་ལྡན་གྲོང་གཙུག་ལག་ཁང་གི་ལྷོ་ངོས་ནས་སྦྱར་བའོ།།

                               རོལ་དབྱངས་ལ་རྣ་བ་བླགས་པ། 

ཉིན་མོའི་མིག་རྒྱང་།
མཚན་མོའི་ཟབ་ཚད།
བསྟན་བཅོས་ཀྱི་སྐད་ཆ།
ཡོད་ཚད་རོལ་དབྱངས་ཀྱི་སྲད་བུར་བརྒྱུ་བཏུབ་ན།
“ཐར་པའི” བདེ་བ་འབའ་ཞིག་གོ །

                                           ༢༠༡༦།༧།༣།

                              ཟླ་ངོགས་ཀྱི་ལྷ་སའི་མཚན་མོ། (ཞར་བཀོད་གཉིས་ཡོད)

                                           གཙང་དྲག་ཆར།

ཟླ་བ་ཧལ་གྱིས་བརྒལ་རྗེས།
སྐར་ཚོགས་ཀྱི་ཁྲོད་ནས་ལྟེམས་འོང་པའི་སྨིན་མ།
རྨི་ལམ་དེ་མིག་སྐྱག་གི་གསེབ་ནས་འཛུལ་བྱུང་ཨང་།

ཟླ་འོད་ས་ལ་ཟགས་པའི་སྤྲིན་ཚོགས་ཀྱི་ཞལ་རས།
ལྷ་སའི་མཚན་མོ་འདི་དཀར་བོང་བོང་གིས་བཞུར་བའི་དབྱངས་ཀྱི་སྐུད་སྣེ།
ཟླ་བ་རུམ་ནས་ཕྱུང་བའི་ས་སྲོས་ཀྱི་དྲན་པ་ཐན་ཐུན་ཡིན་ངེས།

ལྷ་ཕྱག་དངུལ་ལོར་བྲིན་པའི་ལྷ་སའི་སྤྲང་པོ།
གཞན་འབྱོར་མིག་ན་སྡང་བའི་རྩེ་ཞོལ་གྱི་འདོགས་ཁྱི།
ད་གཟོད་ཀུན་ལ་དབང་བའི་རང་དབང་གི་འཚོལ་རྙེད་ཅིག་ཅིས་ཀྱང་ཡིན་ཆོག

སྐོར་ལམ་གྱི་རྡོ་གཅལ་སུ་ཞིག་གི་སྙིང་ལ་གཟན་ཆེད།
པོ་ཏ་ལའི་གྱང་ལྡེབས་སུ་བྲག་ཅ་འཁོར།

ལྷ་སའི་མཚན་མོ། དོ་དགོང་ཟླ་ངོགས་ན་ཧད་འདུག
ས་སྲོས་འདིར་ཟླ་བ་རུམ་དུ་འཛུལ་བྱུང་།
གཙང་པོའི་ཤུབ་སྒྲ་ལ་རྣ་བ་བླགས་ཞོར།
སྐར་ཚོགས་རེ་རེ་མཛུབ་མོས་བགྲངས།

ཁྲ་ཤིག་ཤིག་གི་གློག་སྒྲོན་རྨི་ལམ་གྱི་རྡོག་པས་བརྫིས་བྱུང་།
བར་སྐོར་ན་མི་ཡི་རྒྱུ་འགྲུལ་ཆད་ཀྱང་།
རླུང་དར་གྱིས་འགྲམ་པ་གྲང་བསིལ་བསིལ་དུ་བཏང་།
འགྱུར་རྡོའི་གཟུགས་སུ་གྲུབ་པའི་ཤིང་བལ།
ལྷ་སའི་ཨ་ཅག་ཚོའི་སྐྲ་ཡི་ལན་བུ་ན་འཚང་ཁ་རྒོད།

མཚན་སྨག་གི་ཡོལ་རས་ངོས་ནས་ལྷ་སའི་ཟླ་འོད་རྒས།
རྟུག་དྲིས་བསང་དུད་ཀྱི་ཁ་གཡང་དཀྲོགས་པའི་ལྷ་སའི་ཨ་གསར།
འདང་བརྩེ་ས་ལ་བཀྲམ་པའི་ཉིང་ཁུ།
བསྐྱིལ་བསྐྱིལ་བའི་མིག་ཆུ་སུ་ཞིག་གི་ངོ་གདོང་བཀྲུ་ཆེད།
ཆུ་རལ་འཛར་འཛར་གྱི་ལྷ་སའི་ནུབ་ཆར་ཨེ་རེད།

ཟླ་འོད་ཀྱི་ངོ་ཁེབས་བཀྲོལ་བའི་སྨིག་རྒྱུ།
འགྲུལ་བཞུད་པ་ཞིག་གི་ལམ་གྱི་ལེའུ་ཡིན་དུས།
མཚན་གུང་གི་སྒོ་གླེགས་བརྡུང་བའི་སྤྲིན་གྱི་མེ་ཏོག
འདོད་འདུན་རུམ་གང་སྦྲུམ་པའི་ལྷ་སའི་ལྕམ་མོ་དག་ཡིན་དགོས།

                              ངའི་ཡབ་མེས།

ས་འཁྱག་འདི་ཉི་མས་ལུམ་ལུམ་བྱས།
ངའི་ཡབ་མེས་ཀྱིས་བཏགས་པའི་ཕ་ཁྱིམ་སྨུག་པོ།

པྲ་ཚག་ལ་གོམས་པའི་ཤྭ་བ་ཡུ་མོ།
མདའ་མོ་མཐེབ་གཅིག་གིས་རྒུན་འབུ་འཐུ་འཐུ་བྱས།

བརྡ་ཆད་བརྐུས་པའི་ལག་ཟུང་མཁྲེགས་པོ།
བཟོད་གསོལ་སུ་ལ་ཡང་ཞུས་མ་མྱོང་བས།
སྐྱིད་ཆུའི་བཞུར་རྒྱུན་ནི།
ཡབ་མེས་གང་དེའི་གཤིས་སྤྱོད་ཡིན།

ཀི་ཤར་ཞིག་ཡར་ཀླུང་གཞུང་ནས་བཏབ་བྱུང་།
སེམས་པ་གནམ་ལ་རྡེག་པའི་གད་རྒྱངས་མིན་ནམ།

ཐ་སྙད་ཀྱི་ལྷུ་ཚིགས་ཕྲལ་ཕྲལ་གཏོར་ཏེ།
ས་དང་ལྗོངས་ལ་ཁྱབ་པར་གདལ།
གཙབ་ཧྲལ་དུ་གྱུར་པའི་རལ་པ་ཟད་པོ།
ལྷགས་པས་བར་སྣང་ལ་ཡོམ་ཡོམ་སྐྱོམ་སྐྱོམ་བྱས།

རྔོག་མ་སྤྲིན་དང་འདྲེས་པའི་ཞམ་རིང་དུ།
ལྷ་ཚོགས་ཀྱིས་རྒྱགས་ཕྱེ་ཡང་ཡང་འདྲེན་མུས།
མིག་ལ་ཐོགས་པའི་ཆུ་རྡེའུ་རེ་རེ་འཕུར་ཞིང་ལྡིང་།

ཁྲག་མདངས་འཁོར་བའི་མིག་ཞགས།
མེ་ཏོག་ལ་འཁྱུད་པའི་སེམས་འགྱུར་སྦྲན་དུས།
རྩྭ་ཐང་གི་སྐྱི་པགས་གསེབ་ནས་ཀེམ་ཀེམ་བྱེད་པའི་ལུག་ཆུང་།
ས་སྲོས་ཀྱི་རྐང་རྗེས་བརྒལ་བའི་དཔའ་མཁར་ཡིན།

སྡེ་པར་གྱེས་པའི་རུས་པ་དུམ་དུམ་དེ་ཚོ།
སྤྲིན་བཞིན་འཕྱོ་བའི་རྟ་དམག་གི་ཁ་རུ་བཟུང་།
ཁ་རུ་བཟུང་སྟེ་རི་དང་ཐང་ལ་ཆག་ཆག་བྲན།

                           འཛུམ་ཀོང་དུ་ལུས་པའི་མིག་ཆུ།

ལྷ་མོ། གོམ་ཆུང་ལྷོད་ཙམ་གནང་རོགས།
བགྲང་བྱ་གཅིག་འདི་ལྟར་ན་ཟུག་ཁོ་ནས་ཟད་སོང་།
དུས་ཟིང་གི་འདུ་ལོང་ཁྲོད་ནས།
ཁྱེད་ཀྱིས་ཅི་ཞིག་རྙེད།  ཡང་སྙིང་ཅི་ཞིག་རྙེད་བྱུང་ཨང་།

དོ་ནུབ་སྟོན་རླུང་འདིས་སེམས་པ་བཅགས།
མཐོ་ནས་མཐོ་རུ་བཏེགས།
བ་སྤུ་ཤིག་ཤིག་ཏུ་བསྒུལ་ཚེ།
དྲན་པ་དེའང་དངངས་འདར་སིག་སིག་བྱས།

ལྷ་མོ། ཁྱེད་ཀྱི་འཛུམ་ཀོང་ལས་བརྩེ་བ་ཆད་པའི་མིག་ཆུ་རྡོག་པོ་གཉིས་དེ།
ད་དུང་ཉར་ཨེ་ཡོད། ཉར་ཨེ་ཡོད།

 «ཕ་སའི་མགྱོགས་བྲིས»ལས།
“བདེ་ཆེན”ཞེས་པའི་བརྡ་ཆད་གཉིས་ཀྱིས་ངའི་སེམས་པ་ཡང་ཡང་སྐྱོམ་བྱུང་།
ལྷ་མོ།  གོམ་ཆུང་ལྷོད་ཙམ་གནང་རོགས།

ལྷགས་རླུང་ཤུར་ཤུར་དུ་ལྡང་དུས།
སྟོན་ལོ་སྙིང་ལ་ཟགས་འོངས་།
སྡོང་ལོས།  ཞེན་ཆགས་ལྕི་མོ་ཞིག་གི་ངང་སྒུག་ཐོགས་ཏེ།
ལྷ་མོའི་མཛེས་སྡུག་གི་གོ་རིམ་ལ་སྨྲེང་གླུ་ཤོར།

ཁེར་རྐྱང་གི་གོམ་འགྲོས་ལྗིག་ཏིག་ཏིག་འཁྱེར་ནས།
འཕྱ་དམོད་ཀྱི་འཚུབ་མ་རྒོད་སར་འདུར་གྱིས་བཅར།
“ཤིན་ཏུ་ཐོབ་དཀའ་བ་དེ།
ཤིན་ཏུ་ཐོབ་འདོད་ཆེ་བས།*”
རི་རབ་ཀྱི་གོས་ཧྲུལ་གསེབ་ནས་སེམས་པ་བསྲིངས།

ལྷ་མོ། གོམ་ཆུང་ལྷོད་ཙམ་གནང་རོགས་ཨང་།

                                 *ལྗང་བུའི་ཚིག་གཡར།

                                  2016/10/9

                              ལམ་གྱི་ལེའུ།

                                                   སྨར་བརྩེ་སྨྱོན།

                               གླེང་གཞི།
ལམ།
ཞོགས་པའི་ཉི་ཟེར།
ཉིན་གུང་གི་ཞིང་ཁ།
དགོང་མོའི་ཁྱི་སྐད།
ལམ་དུ་ང་ཡོད་དུས་ཁྱེད་ཡོད་སྐད།
ལམ་དུ་ཁྱེད་ཡོད་དུས་ཁྱིམ་ཡོད་སྐད།
མདོར་ན། ལམ་ནི་ང་དང་ཁྱེད་ཀྱི་བྲོ་ར་དེའོ།།

                             ཨ་མ། ད་ལྟ་ང་ལྷ་སར་ཡོད།

ཨ་མ། ལྷ་ས་ལ་ལྷགས་པ་ཆེ་བས།
འཇམ་དབྱངས་ཀྱི་གྲི་རྩེ་ནས་མིག་ཆུ་བཞུར་གྱིན་འདུག
པོ་ཏ་ལའི་ཡང་རྩེའི་རྭ་ཅོ་ལྷབ་མ་ལྷུག
ཞོལ་གྱི་རྒན་པོ་མ་ཎི་བའི་གོམ་པ་འཕྱ་མ་འཕྱོ།
ཐ་ན་བུ་ལོ་ང་ཡང་རླུང་གིས་སྤུར་ལ་ཁད།
ད་ལྟ་ང་ཅིས་ཀྱང་རང་ཡུལ་ལ་ལོག་དགོས།

ཨ་མ། ལྷ་སར་ལྷགས་པ་ཆེ་བས།
ཁྱེད་ཀྱི་རྨི་ལམ་རླུང་གིས་བདས་སོང་།
རླུང་གིས་བདས་ནས་མུ་ཏོ་བའི་ཕོར་བར་ལྷུང་སོང་།
མུ་ཏོ་བ་ཡང་རླུང་བུའི་ཁྲོད་ནས་འདར་ར་ར།
ཐ་ན་པོ་ཏ་ལས་ཀྱང་གྲང་འདར་རྒྱག
ད་ལྟ་ང་ཅིས་ཀྱང་རང་ཡུལ་ལ་ལོག་དགོས།

ཨ་མ། ལྷ་ས་ནས་ངས་ཅི་ཡང་བཙལ་རུང་།
ལྷ་ས་ནས་ངས་གང་ཡང་མ་རྙེད།
བཙལ་བཙལ་བའི་མཐའ་མར།
རང་ཡུལ་ནི་ལྷ་ས་ཡིན་པ་རྟོགས་ལ།
ཨ་མ་ཁྱེད་ནི་ད་གཟོད་པོ་ཏ་ལ་ཡིན་པ་ཤེས།
ངོ་མ། ང་རང་ཡུལ་ལ་ལོག་རན་འདུག

                              ཨ་མ།  ད་ལྟ་ང་མལ་གྲོ་གུང་དཀར་ན་ཡོད།

ཨ་མ། མལ་གྲོ་གུང་དཀར་ན་ཁ་བ་འབབ་ཀྱིན་འདུག
ཁ་བའི་མེ་ཏོག་བྲང་ཁོག་ན་ལྷུང་དུས།
གློ་སྙིང་མཆིན་གསུམ་གྲང་བས་མནར་ཏེ་འཁྱག་བསིལ་བསིལ།
འཁྱག་པའི་མོད་ལ་ཁྱེད་ཀྱི་རྩམ་ཐུག་ཅི་འདྲའི་དྲན།
འོ། ཨ་མ། ང་ཡུལ་ལ་ལོག་ཡོང་གིན་ཡོད།
མཛའ་མོ་ལ་གྱེས་ཕྱག་འཚལ་ཏེ་ཡོང་གིན་ཡོད།
མིག་ཆུས་གདོང་པ་འཁྲུས་ཏེ་ཡོང་གིན་ཡོད།
དགའ་བ་ཁོག་ཏུ་སྦྲུམ་ནས་ཡོང་གིན་ཡོད།

ཨ་མ། རྩམ་ཐུག་ཅིག་སྐོལ་རོགས།
ང་ཧ་ཅང་འཁྱག་གི
བོད་ཇ་ཚ་པོ་ཞིག་བཟོ་རོགས།
ང་ཧ་ཅང་འཁྱག་གི

                             ཨ་མ། ང་ད་ལྟ་ཀོང་ཡུལ་ན་ཡོད།

ཨ་མ། སེམས་པར་གཤོག་པ་བཏགས་ཏེ་མཁའ་ལ་འཕགས་དུས།
འགྲུལ་སྐྱེལ་རླངས་འཁོར་གྱི་གོམ་པ་འཕྱ་མ་འཕྱོ།
རང་ཡུལ་དྲན་པའི་སེམས་པ་ལ་མ་ལོང་།

ཨ་མ། ཀོང་པོ་བས་རང་ཡུལ་གྱི་མིང་ཡང་བོར་འདུག
བོར་ཐེངས་ཀྱང་གཅིག་མིན་གཉིས་མིན།
ཡོད་ཚད་བོར་ཟིན་པའི་ཀོང་པོ་བ།
བརྒྱད་དང་གཅིག་ལ་དུང་བ་སྐྱེས།
གཅིག་དང་བརྒྱད་ལ་ལྷག་ཏུ་བྲོད།
འབོར་རྒྱུར་དགའ་བའི་ཀོང་ཡུལ་ནས།
ངས་བོར་སོང་བ་དག་ནི།
ཉལ་མལ། རྨི་ལམ། དྲན་པ།

ཨ་མ། གྲང་ཤུར་ཤུར་གྱི་རླུང་བུ་དེ་བསྐྱར་དུ་ཡོང་སྲིད་དམ།
གཤོག་པ་མེད་པའི་ཕོ་རོག་དེ་མཁའ་ལ་འཕུར་སྲིད་དམ།

                             ཨ་མ། ད་ལྟ་ང་དཔའ་ཤོད་རྫོང་དུ་ཡོད།

ཚང་ལ་ལོག་པའི་ཕོ་རོག་ནག་པོ།
གཞན་ཡུལ་གྱི་ཡོད་ཚད་སླུད་བྲིད་གཞན་ཞིག་ཡིན་ཀྱང་།
རང་ཚང་གི་དྲོད་ཁོལ་ནི་ད་གཟོད་སེམས་ཀྱི་འཁོར་ཕྱོགས་ཙམ།

ཨ་མ། ད་ལྟ་རླངས་འཁོར་ནི་ལོ་བརྒྱ་ལ་ལོན་པའི་རྒན་པོ་བཞིན།
གོམ་ཁ་ཡང་དལ་དལ་འཕྱོ་འཕྱོ།
དལ་དལ་འཕྱོ་འཕྱོ་ཡིས་ལམ་ལ་ཞུགས།
ལམ་ལ་ཞུགས་པས་དགའ་བ་གནོན་ཐབས་བྲལ།

                            ཨ་མ། ད་ལྟ་ང་མཛོ་སྒང་རྫོང་དུ་ཡོད།

ཨ་མ། མཛོ་སྒང་རྫོང་དུ་སྙན་ངག་ཅིག་ཡོད།
མིག་ཆུ་དང་རྨ་ཁ་ལས་གྲུབ་པའི་ཐ་སྙད།
རྗེས་དྲན་དང་མྱ་ངན་གྱིས་སྤུད་པའི་ཚིག་རྒྱན།

ཨ་མ། ངས་ཁྱེད་ལ་སྒྲུང་ཞིག་འཆད།
འབའ་རྫོང་ནས་ཡོང་བའི་སྟག་ཕྲུག་ཅིག
སྙན་ཚིག་གིས་རྒྱན་པའི་སྟག་ཕྲུག་ཅིག
མཛོ་སྒང་རྫོང་ནས་སྙན་ངག་གྱེར་མྱོང་།
མཛོ་སྒང་རྫོང་ནས་མེ་ཏོག་བསྐྱངས་མྱོང་།

སྟོན་མཇུག་ཅིག་ལ།
ས་གཞི་དགའ་བས་མྱོས་པའི་སྔ་ཕྱིར།
མེ་ཏོག་སྐྱོང་མཁན་ཀྱང་མེ་ཏོག་དང་ལྷན་དུ།
སྙན་ངག་མི་ཡུལ་ལ་ལབ་ཀྱིན།
དལ་དལ་མི་ཡུལ་ནས་བཞུར་ཐལ།

ཉི་ནུབ་འདིར།
ཨ་མདོའི་ཆང་ཁང་ནང་དུ་མི་ཕོ་དེ་གླེང་གིན་ཡོད་སྲིད།
ཆབ་མདོའི་སྨན་ཁང་ནང་དུ་གྲོགས་པོས་སྐྱོ་གླུ་ལེན་གྱིན་ཡོད་སྲིད།
ལྷ་སའི་ཇོ་བོའི་མདུན་དུ་ནུ་བོས་མཆོད་པ་འབུལ་གྱིན་ཡོད་སྲིད།
འོན་ཀྱང་།
བརྩེ་དུང་གི་རྒྱལ་སྲས་སུ་འབོད་མཁན་དེ་གཅིག་པུས།
སྙན་ཚིག་རུམ་གང་འཁྱེར་ནས་བུད་སོང་།
སྙན་ཚིག་རུམ་གང་བཞག་ནས་བུད་སོང་།

ཨ་མ། ད་ལྟ་ང་མཛོ་སྒང་རྫོང་དུ་ཡོད།
མཛོ་སྒང་རྫོང་ནས་སྙན་ངག་ཅིག་དྲན།
སྙན་ངག་དེའི་རྒྱབ་ཀྱི་མི་ཕོ་དེ་ལྷག་ཏུ་དྲན།

                             ཨ་མ།  སྒོ་དབྱེ་རོགས།

ཨ་མ། ང་སྒོ་ཁར་སླེབས་སོང་།
རྒྱུས་ཡོད་ཀྱི་རང་ཁྱིམ།
རྒྱུས་མེད་ཀྱི་གོམ་ཁ།

ད་ལྟ། ངའི་རྩེད་རར་ཁང་པ་བརྒྱབ་འདུག
ཁང་པའི་ཀ་བ་ཆག་འདུག
ཁོག་མའི་ནང་གི་མེ་ཏོག་དེར་ལོ་འདབ་རྒྱས་འདུག
ཁོག་མ་ཁྲ་ཁྲ་དེར་སེར་ཁ་གས་འདུག

ཨ་མ། སྒོ་དབྱེ་རོགས།
ང་སྒོ་ཁར་ཡོད།
སྒོ་ཁ་ནས་ལུས་ལ་ཙག་ཤད་རྒྱག་གིན།

ལྷ་ས་ནས་རང་ཁྱིམ་དྲན་དུས།
དགའ་བ་ཞིག་དང་སྐྱོ་བ་ཞིག
སྒོ་ཁ་ནས་རང་ཁྱིམ་ལ་ཧད་དུས།
སྐྱོ་བ་ཞིག་དང་དགའ་བ་ཞིག

                              མཇུག་བསྡུའི་གཏམ།

ལམ་གྱི་ལེའུ་རེ་རེ།
སེམས་ཀྱི་རི་མོ་རེ་རེ།

ལམ་གྱི་ལེའུར།
དགའ་བའི་མིག་ཆུ་ཡོད་ལ།
སྐྱོ་བའི་དགོད་སྒྲ་ཡོད།
ལམ་གྱི་ལེའུ།བགྲོད་མི་ཚར་བའི་གྲོང་དང་གྲོང་ཁྱེར།
སེམས་ཀྱི་ལེའུ།
བརྒལ་ཀྱང་རྫོགས་རྒྱུ་མེད་པའི་ཆུ་དང་གཙང་པོ།
གོམ་པའི་ལེའུ།
རྙིང་ཡང་རལ་རྒྱུ་མེད་པའི་ཀོ་བའི་རྡོག་པ།

                             རང་སྣང་ཡན་གར་བ་ཞིག (ཞར་བཀོད་གཉིས་ཡོད)

                                                  སྤེན་པ་བུ་ཁྲིད།

ཞོགས་པ་དེར།  ང་རང་སད་སྔ་བའི་བྱིའུ་ཆུང་ཞིག་དང་འདྲ་བར།  ཁ་ཆེ་ཕ་ལུ་ལག་ཏུ་ཐོགས་ཤིང་སེམས་ཤུགས་མེ་ལྕེ་འདྲ་བ་ཞིག་ཁོག་ཏུ་སྦྲུམ་སྟེ།  སྐྱིད་ཤོད་གཙང་པོའི་འགྲམ་ངོགས་སུ་ཁེར་རྐྱང་གི་སྤྲོ་སྣང་གཞན་ཞིག་འཚོལ་བཞིན་ཡོད།

གློ་བུར་བའི་འཕྲིན་ཐུང་དེ་རིག་རྗེས། རང་གཅུན་གྱི་བསམ་བློས་དབེན་པའི་ང་། ལམ་སེང་སླེའུའི་རོལ་རྩེད་ཁང་ནང་མི་འགྲོ་ཀ་མེད་བྱུང་། ལམ་བར་དུ། བསམ་བཞིན་བསམ་བཞིན། ངང་ཤུགས་སུ། རང་ཉིད་ནི་ལྷ་གདོང་ཤན་ཁའི་འགྲམ་ན།

ཚོམ་བུ་དང་ཚོམ་བུར་བྱས་ཏེ། རླུང་བུའི་རྒྱུ་ཕྱོགས་ལ་བསྟུན་ནས་ལྷབ་ལྷུབ་ངང་གཡོ་དང་གཡོ་བཞིན་པའི་དར་ལྕེ་དེ་དག་དང་ཁྱད་ཅི།

 ཡོད་ཚད་ཉེ་འཁོར་གྱི་མི་དང་བྱ་བ་ལ་བསྟུན་དགོས་པས།  ད་གཟོད།     ངས་རང་གིས་བྱ་མི་འདོད་པའི་བྱ་བ་མང་པོ་ཞིག ཏག་ཏག་རང་སེམས་དང་འགལ་ནས་བགྱི་དགོས། ཨ་ཙི། གཅིག་བྱས་ན། དེ་ནི་ང་རང་ད་ལྟའི་སྤྱི་ཚོགས་འདིའི་ནང་འཚོ་ཡོད་པའི་དན་རྟགས་ཤིག་ཡིན་སྲིད་ལ། མཉམ་སྡེབ་ཀྱི་འཚོ་བ་ཞིག་ལ་རོལ་མུས་སུ་ཡོད་པས་ཀྱང་ཡིན་སྲིད།  གང་ལྟར་ཡང་།  གཞན་དབང་དུ་གྱུར་ཟིན་པའི་བསམ་བློ་དེས།  ང་རང་མུ་མཐུད་དེའི་ཕྱོགས་སུ་དེད།  

འདི་དུས།    གཙང་འགྲམ་ན།  རླུང་བུ་ངེས་མེད་དུ་ལྡང་། དར་ལྕེ་ལྷབ་ལྷུབ་ཏུ་གཡོ། ཨ་ཧོ།  ངའི་རང་གཅུན་མི་ཐུབ་པའི་སེམས་ཁམས་འདི། ཡང་སྙིང་། རླུང་བུས་ངེས་མེད་དུ་གཡོ་བཞིན་པའི།  དར་ལྕེ་འདི་དག་གི་འགུལ་སྟངས་དེ་ཨེ་ཡིན།

འདི་དུས།  ངས་བུམ་པ་རི། རླུང་བུས་སྒུལ་མི་ཐུབ་པ་མ་ཚོར་ལ། སྐྱིད་ཆུ་སྔོན་མོའི་ཁ་ཕྱོགས། རླུང་བུས་འགྱུར་མི་ཐུབ་པ་ཡང་མ་ཚོར་བར། མུ་མཐུད་མདུན་དུ་བསྐྱོད། མདུན་ཕྱོགས་ན་་་་་་

                             ཐོག་མའི་དུས་ཀྱི་དྭངས་མའི་གྲོགས།

                              ༡

ཨ་མེས་ཡང་མེས་ཀྱི་དུས་ནས། འདུ་བྲལ་ནི་འཇིག་རྟེན་གྱི་ཆོས་ཉིད་དུ་མཐོང་། ད་ལྟའི་དུས་ཀྱི་ཁ་སང་དེར།  མི་ཚོགས་ཀྱི་ཁྲོད་ནས་ཁྱེད་དང་མཇལ། ལས་དབང་གི་རྐྱེན་ཡིན་ནམ།  ཡང་ན་ཅི། གང་ལྟར་ཁྱེད་མཇལ་བ་ཡག་བྱུང་སྟེ།  ཁེར་རྐྱང་གི་ང་ལ་ཁེར་རྐྱང་མ་ཡིན་པའི་སྣང་བ་ཞིག་བསྩལ།

                     ༢

ད་ལྟའི་དུས་ཀྱི་ཁ་སང་དེར།   རང་ལུས་ཀྱི་ཕྲ་ཕུང་དག་ལས།  མི་མངོན་པའི་བརྩེ་དུང་རྣལ་མ་ཞིག་དབང་མེད་དུ་ལྷག་བྱུང་ལ།  དྭངས་གཙང་གི་ལྷག་བསམ་ཞིག་དང་ལྷན་དུ།  ཁྱེད་ཀྱི་ཕྱོགས་ལ་ཆོར་སོང་།

                     ༣

དུས་དེ་ནས་བཟུང་། གཙང་འགྲམ་ནི་ངེད་གཉིས་འདུ་འཛོམས་ཀྱི་གནས་དེ་ཡིན་ལ། ཁ་སྤྲོད་ཀྱི་བུམ་པ་རི་ངེད་གཉིས་ཀྱི་བརྩེ་དུང་གི་དཔང་རྟགས་སུ་འགྱིང་། ལས་བསྐལ་གྱི་གཙང་ཆུ་ཇི་ལྟར་བཞུར་རུང་། ངེད་གཉིས་ཀྱི་བརྩེ་དུང་གི་གཡོར་གྲུའི་ཁ་ཕྱོགས་མ་ནོར་བ་མཁྱེན། དེ་ལྟར།  ཉིན་ཞག་བརྒྱ་དང་ལྔ་བཅུའི་བྱིས་སྒྲུང་རྩོམ་འགོ་ཚུགས།

                     ༤

ང་རང་། གཙང་འགྲམ་དང་གཙང་ཆུ། ད་དུང་བུམ་པ་རི་ལ་དུངས་པ་ཇི་བཞིན་ཁྱེད་ལ་དེ་བས་དུངས།  རྒྱུ་རྐྱེན་གཞན་གང་ཡང་མིན་ཏེ། གནས་དེ་དག་ན་ངེད་གཉིས་ཀྱི་དྲན་གསོ་མཆིས་པས་སོ།།

                      ༥

གནམ་རྒན་མས་ཁྱེད་ང་ལ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྦྱིན་བྱུང་ལ།  ཡང་རྟབ་རྟབ་པོར་ངའི་གམ་ནས་ཕྲོགས་སོང་བས། ངས་ཁྱེད་ལ་ཐུགས་རྗེའི་ཁ་བཏགས་ཙམ་ཡང་བསྒྲོན་ཐུབ་མ་སོང་ལ། ཐ་ན། གྱེས་ཁའི་འཐམ་འཁྱུད་བྱ་རྒྱུའི་བསྐལ་བ་ཡང་མ་བྱུང་།

                      ༦

ཡིན་ནའང་། ཁྱེད་རང་རེ་བ་གསར་པ་ཞིག་འཚོལ་བར་ཕྱིན་པ་ཤེས་པས། ངས་ཁྱེད་ལ་འཁང་ར་དང་ལེ་བདའ་བྱེད་མི་སྲིད། དུས་ནམ་ཡང་བྱེད་མི་སྲིད།  བདེ་མོ། ཐོག་མའི་དུས་ཀྱི་དྭངས་མའི་གྲོགས།

                                                        ༢༠༡༦.༠༢.༢༥

                             དགུན་གསེང་འདིར།  ངས་ཨ་མ་ལགས་རྒས་པ་ཚོར་བྱུང་།

                                                 ༡
         སློབ་གྲོགས་ཚོས་ཟེར་ན།    ང་ལ་ལྷན་སྐྱེས་སུ་གྲུབ་པའི་མིག་གི་ཀྲིག་ག་སྙིང་རྗེ་པོ་ཞིག་འདུག་ཅེས་རྟག་ཏུ་ལབ།  ཡང་གྲོང་པའི་ཨ་ཅག་ལགས་ཚོས་བཤད་རྒྱུར།   ང་དང་ངའི་ཨ་མ་ལགས་འདྲ་བ་ལ་ནི་དཔར་བཤུས་བཏབ་པ་ལྟར་རེད་ཅེས་བརྗོད།   འདི་དུས་ངའི་སེམས་ནང་དགའ་ཚོར་དང་སྤོབས་པ་ཅིག་ཅར་དུ་སྐྱེས།
                                                         ༢
          འདས་ཟིན་པའི་བགྲང་བྱ་ཉི་ཤུའི་ཁྲོད་ཀྱི་མ་ཡུམ་དུས་ཆེན་སླེབས་ཐེངས་རེར། ངས་སློབ་གྲོགས་གཞན་གྱིས་འཕྲིན་ཕྲན་དུ་བཀོད་པའི་མ་བུའམ་ཡང་ན་མ་དང་བུ་མོའི་འདྲ་པར་ལ་ལྟ་བ་ཁོ་ན་ལས། རང་ཉིད་ཀྱིས་ཨ་མ་ལགས་དང་མཉམ་དུ་བླངས་པའི་མཉམ་པར་གཅིག་ཀྱང་བསྐུར་མ་མྱོང་།
                                                          ༣
       དགུན་གསེང་བཞག་སོང་།  ངའི་འཆར་གཞི་དང་པོ་དེ་ཨ་མ་ལགས་དང་མཉམ་པར་བླང་རྒྱུ་དེ་ཡིན།   ཁྱིམ་དུ་སླེབས་རྗེས་ངས་ཨ་མ་ལགས་ལ་མཉམ་པར་བླང་རྒྱུའི་རེ་བ་ཞུས།  ཡིན་ནའང་།  ཨ་མ་ལགས་ཀྱིས་རང་ཉིད་ལོ་ན་རྒས་པར་ཞལ་གཡར་ཏེ་མོས་མཐུན་མ་གནང་། གང་ལྟར་ཡང་ངའི་ཨུ་ཚུགས་ཚ་བའི་རང་གཤིས་དེས་རྐྱེན་པས་མཐར་ཁོང་གིས་མོས་མཐུན་ཐོབ།
                                                           ༤
        མཉམ་པར་བླངས་ཟིན་ནའང་། ངའི་སེམས་ལ་སྔོན་ཚོད་ཀྱི་སྤྲོ་སྣང་དང་དགའ་སྣང་ཏིལ་འབྲུ་ཙམ་ཡང་མི་འདུག་ལ། དེ་ལས་ལྡོག་སྟེ་སྐྱོ་སྣང་དང་སེམས་སྡུག་གིས་ཁེངས་སོང་།   རྒྱུ་མཚན་གཞན་ཅི་ཡང་མ་ཡིན་པར་ངས་ཨ་མ་ལགས་ལོ་ན་རྒས་པ་ཚོར་བྱུང་།   ཨ་མ་ལགས་རྒས་འདུག   ཨ་མ་ལགས་ངོ་མ་རྒས་འདུག
                                                            ༥
          མཉམ་པར་ལས།  ཨ་མ་ལགས་ཀྱི་ཀྲིག་ག་ནི་རྒས་གཉེར་གྱིས་སྒྲིབ་འདུག་པ་ཚོར་བྱུང་ལ། མཉམ་པར་ལས།  ཨ་མ་ལགས་ཀྱི་གནག་སྣུམ་མགོ་སྐྱེས་དག་སྐྲ་དཀར་གྱིས་ཧམ་བཟུང་བྱས་པ་ཤེས།   མཉམ་པར་ལས།  ངས་ད་དུང་ངའི་ཨ་མས་བརྒྱུད་མྱོང་བའི་ལོ་ཟླར་བསམ་གཞིག་བྱས་ཤིང་། ན་ཚོད་ཀྱིས་རྐྱེན་པས་རང་གིས་རང་ལ་བྲེལ་ཟིང་ཡང་བཟོས།
                                                              ༦
       མཚམས་འདིར།  ངས་དེ་སྔོན་བཀླགས་མྱོང་བའི་རྒྱའི་རྩོམ་ཐུང་ཁྲོད་ཀྱི་སྐད་ཆ་ཞིག་སྟེ།   ཨ་སྔོན་དབྱིངས་ན་བཞུགས་པའི་ཉི་མ་ལགས།   ངའི་ཨ་མའི་དབུ་སྐྲ་ཉི་མས་མ་འཚིག་པ་གནང་རོགས།    ཞེས་པ་དེ་ཧར་གྱིས་དྲན་འོངས།
                           
                                       ༢༠༡༦ལོའི༠༢པའི༡༦ཉིན།       

                             པིར་ཁའི་རྗེས་དྲན། (ཞར་བཀོད་གཉིས་ཡོད)

                                                  གཙང་དཀར།

ཡར་ཆབ་གྱེན་དུ་ལྡོག་སྟེ་གཙང་ལ་ཆས། །
བསེར་བུ་རླུང་ཉིད་བྱེ་རྡུལ་འཐབ་ལ་བྲེལ། །
འགྲོས་ཀྱི་རླུང་གཤོག་ཐོགས་པའི་རླངས་འཁོར་གྱིས། །
ལྗོངས་རྒྱུའི་བསམ་པ་ཉིན་སྲིབ་བར་ལ་བསྲེས། །

རི་ཆུའི་གཏམ་རྒྱུད་ཀློང་ཐང་མཐིལ་དུ་གདལ། །
ཐོས་འཛིན་བུ་ག་རི་རབ་སྤོ་ལ་གཏད། །
ན་གཞོན་སྣང་མཐོའི་ཀླད་རྒྱ་དབྱིངས་ནས་ཉམས། །
དུས་ཀྱི་གོམ་འགྲོས་མཐུད་སྦྱོར་སུ་ཡིས་ནུས། །

ཡུན་རིང་སེམས་སུ་བཤམས་པའི་ཆབ་དཀར་དང་། །
དྲི་བཟང་རྩི་ཏོག་འདྲེས་མའི་ཡོན་ཆབ་དེ། །
གཙང་ཁྲུས་བྱས་ཟིན་སྡིག་པའི་ལག་ཟུང་གིས། །
གཙུག་ཏུ་བཏེགས་ཏེ་ཁྱེད་སྐུའི་ཞབས་ལ་མཆོད། །

དམ་པ་གཤེགས་ཟིན་མཁའ་ཀློང་ཡངས་པོ་ནས། །
མཚན་རྟགས་བྱིན་ཅན་དངོས་གྲུབ་མ་ཐོབ་ཀྱང་། །
རྣམ་པར་ཐར་ལམ་འགྲིམས་པའི་ཡིག་ཆུང་གསེབ། །
དད་པའི་དབྱར་མཚོ་རྒྱས་པའི་བསིལ་སྦྱིན་འཛུམ། །

བློ་འདོད་ཙམ་གྱི་དད་ཞེན་ན་བུན་གཟུགས། །
ཨ་འཐས་ཡུན་དུ་གནས་པའི་དཔེ་མེད་པས། །
རིང་ནས་དོན་ལ་བསྒོམ་པའི་སྙིང་རུས་ཅན། །
ཡི་རང་སེམས་ཁ་ཕྱོགས་ནུས་ཙམ་གྱིས་བདེ། །

ཕུང་ལྔའི་གདོས་ལུས་སེམས་ཀྱིས་བྲན་ཐག་བསྲིངས། །
རྣམ་རྟོག་རླུང་བུས་ངེས་མེད་གང་སར་སྤུར། །
ཉམ་ཐག་ལུས་ཟུངས་སྣུམ་ཟད་སྒྲོན་མེའི་ཟླ། །
འཇིགས་པའི་འོབས་ལས་བསྒྲལ་ནུས་ཁྱེད་བས་སུ། །

ཉེ་ན་རང་སེམས་དམར་པོའི་གན་དང་ནི། །
འགྱང་བ་རི་ཆུས་མཚམས་བཅད་རྒྱང་རིང་སར། །
རང་རང་སེམས་ཀྱིས་བསྐོར་ན་ད་རེས་ཙམ། །
འགྲོ་འོང་ཁོམ་པ་ཁ་ལག་བར་ཐག་ཡིན།།

སྐད་སྒྲ་མཐོན་པོའི་གཏམ་གྱིས་མ་སྤུད་ཅིང་། །
རྡོ་ཆག་བཙན་སྦྱོར་ཚིག་སྣ་མ་མཐུད་པར། །
ཤེས་རབ་མཚན་ཅན་མགོན་དེར་རྗེས་དྲན་ཕྱིར། །
གང་དྲན་སེམས་འགྱུ་ཕྲ་མོ་ཙམ་གྱིས་སོ། །

                                                    2016--5--1བཀྲ་ཤིས་སྨན་རི་གླིང་ལ་སྦྱར།

                         འགྱོད་གཏམ་བཅད་མ།

གང་འདུར་ཅི་ཆ་མེད་པའི་རྣམ་ཤེས་ཀྱི་རྟ་ཕོ།།
ཐང་ཆེན་བྲང་ཁ་གཤགས་པའི་བང་རྩལ་དེ་བོར་ཏེ།།
ཕྱོགས་བཞིའི་རླུང་ཁར་འགོམ་ནས་ཡུན་རིང་ཞིག་བརྒྱུགས་པས།།
སྒ་སྲབ་རྒྱན་གྱིས་སྤུད་པའི་རིན་ཐང་དེ་བརླགས་སོང་།།

ལོ་ཟླས་བརྩེགས་སུ་བཅས་པའི་སྤམ་མཐུག་གི་སྔར་སོང་།།
རབ་རིབ་གཉིད་མ་སད་ཀྱི་སྔས་མགོ་རུ་བཞག་སྟེ།།
ལག་པས་འཕར་ལྡིང་ཆེ་བའི་སྙིང་ཁ་རུ་བསྙབས་དུས།།
འགྱོད་པའི་སྤུ་ལོང་གཡོ་བའི་སྣང་བ་ལས་མི་འདུག །

ན་ནིང་ཤ་ཚིལ་ཉིས་ལྡན་གཡག་རྒོད་ཀྱི་ཚོད་ཤ།།
ད་ལོ་མངར་སྐྱུར་སྙོམ་པའི་དཀར་གསུམ་གྱི་ཡང་བཅུད།།
དུས་བཞིར་དངུལ་ལོར་བརྗེས་པའི་བགྲེས་པོ་དེའི་རྔུལ་ཆུ།།
ཅོལ་ཆུང་འཚོ་ཕྱིར་ཤོར་བས་འགྱོད་མཚོ་རུ་ལྷུང་སོང་།།

ཟབ་གསལ་བཅུ་ཕྲག་གཞུང་གི་མཚར་སྡུག་ཙམ་མ་མཐོང་།།
སྒམ་དཀྱིལ་རིས་མེད་ལྟ་བའི་བློ་སྟོབས་ཀྱང་མ་རྙེད།།
གཞན་སྒྲོས་རླུང་གི་གཤོག་པར་ཨུ་ཚུགས་ཀྱིས་འཐམས་པས།།
འདམ་ནང་ཕུར་པ་ལྟ་བུའི་རིག་པ་དེ་འཆལ་སོང་།།

མ་སྨིན་བསམ་རྒྱ་ཆུང་བའི་ཕྱོགས་ལྷུང་གི་བརྗོད་བྱ།།
ཐ་སྙད་བཙན་སྒྲིག་ཙམ་གྱིས་ཡིག་ཕྲེང་དུ་བསྟར་ནས།།
ཀུན་གྱི་སྣང་ངོར་འདྲེན་པའི་རྨོངས་ཚོད་ལ་གཞིག་དུས།།
དམར་ཆུང་སེམས་ཀྱང་འཚེར་ནས་རང་མདངས་དེ་ཡལ་སོང་།།

བཏུམས་ན་ནས་འབྲུ་བདུན་གྱི་བོང་ཚད་ཙམ་མི་ཤོང་།།
གདལ་ན་དོན་ལྔ་སྣོད་དྲུག་རལ་རུལ་ལས་གཞན་མེད།།
ཕྱི་སེང་ནང་གོག་ལྟ་བུའི་རང་གཤིས་ལ་སེམས་དུས།།
མཆི་མའི་འབབ་རྡོ་མིག་ཀོང་གཉིས་པོ་ལས་བསྒྲིལ་སོང་།།

གོམ་གསུམ་ས་ཆོད་དབེན་པ་སྒྱིད་ལུགས་ཀྱི་གྲོགས་བསྟེན།།
ཚིག་གསུམ་སྙིང་ཁར་མི་ཆུད་རྩུབ་སྤྱོད་ཀྱི་མཚོན་བཟུང་།།
རང་སེམས་རང་གིས་གཅུན་པའི་སྙིང་རྩ་དེ་འདར་ནས།།
ལམ་ནོར་ལྡོག་ཤེས་དཔའ་བོའི་རྣམ་དཔྱོད་དང་བྲལ་ལོ།།

ཉིན་མོའི་དུས་གསུམ་བཟའ་བཏུང་ཁོ་ན་ལ་ཆགས་ཤིང་།།
མཚན་མོའི་ཐུན་གསུམ་ལྔ་ལམ་ཕྱེད་ཀ་རུ་འགྲིམས་ནས།།
ཉིན་མཚན་དུས་དྲུག་འདོད་ཡོན་བྲན་ལས་ལ་འབུངས་པ།།
ཚེ་སྲོག་རྒྱུན་བུ་ཟད་པའི་སྐྱོ་གར་དེ་ལོས་ཡིན།།

                     ༢༠༡༥--༩--༧རང་ཤག་ཏུ་སྦྱར་རོ།

                               རྩྭ་ཐང་དང་རྫི་གླུ།

སྨུག་པའི་མགུལ་རྒྱན་སྤུད་པའི་ལྷུན་པོ་ཡི་ཟོམ་ནས། །
སྐྱིད་སྡུག་གླུ་རུ་གྱེར་བའི་མཐོ་སྒང་གི་རྫི་བོ། །
སྙན་འཇེབས་འབྲི་མོའི་བཞོ་དབྱངས་ཅང་ཤེས་ལ་བཅིབས་ཏེ།།
མུ་མེད་ཤེས་རིག་འབྲོག་ཐང་བྲང་ཁ་རུ་ཆས་འགྲོ །

གནམ་སའི་ལྷིང་འཇགས་དཀྲོགས་པའི་རྟ་མཆོག་གི་རྨིག་སྒྲ།
ཐང་ཆེན་ཐོས་འཛིན་བརྒྱུད་དེ་སེམས་མཚོ་རུ་འབབ་དུས།།
སྙན་གྲགས་ཕྱོགས་བཅུར་རྒྱས་པའི་མེས་པོ་ཡི་སྙིང་སྟོབས། །
དབྱངས་གསལ་སོ་བཞིའི་མཆོད་པས་རྗེས་དྲན་ཞིག་ཞུའོ། །

བཞི་གཉིས་བརྒྱད་པ་ཁ་ཆག་ནོར་བརྒྱ་ཡི་བདག་པོས། །
ཐུལ་དཀར་མ་བུའི་སྙིང་གཏམ་ངུར་དབྱངས་དང་འགྲོགས་ཏེ།།
སྣང་མཐོའི་རྫི་གླུ་སང་སང་ཉིན་སྲིབ་ཀྱི་བར་ནས། །
མོན་གྱི་ཁུ་བྱུ་ལྟ་བུའི་དྲུག་འགྱུར་དེ་ངོམ་བྱུང་། །

ཟང་ཟིང་འདི་ཡིན་མེད་པའི་རྒྱ་གྲོང་གི་དབུས་ནས། །
དྲི་ཞིམ་བསིལ་རླུང་ཞིག་གི་ལྡང་ཕྱོགས་ཙམ་ཡང་ན། །
འབྱུང་བཞིའི་ལུས་ཁམས་འཕྲོད་པའི་ལྟོ་ཐུན་གཅིག་དཀོན་པས།
དྭངས་གཙང་ཕྱི་ནང་གསལ་བའི་རྩྭ་ཐང་དེ་དྲན་བྱུང་། །

ཉི་མོར་ངལ་བས་གདུངས་པའི་ལུས་ཕུང་ཉིད་རེ་ཞིག །
འབོལ་འཇམ་མལ་ཁྲིར་བཞག་སྟེ་གཉིད་ཐུན་ཞིག་རེ་ཡང་།།
ཕྲ་རགས་རྣམ་རྟོག་གཟུགས་འདས་རླུང་བུ་ལ་བཅིབས་ཏེ། །
བྱིས་དུས་དགོད་སྒྲར་ཉན་བཞིན་རྒྱང་རིང་དུ་ཤོར་སོང་། །

ཁ་སང<<རང་ཁྱིམ>>བཀླགས་ནས་བ་སྤུ་ཀུན་གཟེངས་ཤིང་།།
དེ་རིང<<རྩྭ་ཐང་དྲན་གླུས>>མིག་ཀོང་གཉིས་བརླན་པ།།
ཆགས་ཞེན་འདོད་རྔམ་ཁོ་ནས་མནར་བ་ནི་མིན་ཏེ། །
བསམ་སྦྱོར་ཅི་དགར་རོལ་བའི་བར་སྟོང་ཞིག་དཀོན་སོང་། །

ན་ཚོད་བ་མོའི་ཅོད་པན་ཐོད་པ་རུ་བཅིངས་པའི། །
ལོ་བགྲེས་ཨ་མ་དྲིན་ཆེན་མུ་མེད་ཀྱི་རྩྭ་ཐང་། །
ཁ་སྔོན་བོར་བརླགས་སོང་བའི་རྫི་གླུ་ཡི་ཉམས་སྣང་། །
དེ་རིང་མཐོ་སྒང་ཞིང་ནས་བཙལ་འཚོལ་ལ་འབུང་ཡོང་།།

དུད་འགྲོའི་རྐང་རྗེས་སྙེག་པའི་སྨུག་ཀློང་གི་རྫི་བོ། །
ཀུན་གྱི་དམའ་དམོད་དུག་མདའི་རྒྱང་འབེན་དུ་གྱུར་ཀྱང་།།
དེང་ཆར་རྣམ་དཔྱོད་འོད་སྣང་རང་ཚུགས་ལ་ཕོག་དུས། །
མ་བཅོས་སེམས་འགྱུ་མཚོན་པ་རྫི་གླུ་ལས་གཞན་ཅི། །

                                                            ༢༠༡༥--༡༡--༡༦ཉིན་ནག་ཆུ་ཁར།

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མའི་སྙན་ངག་བདམས་བཀོད།

2016-10-20 རྦབ་ཆུ་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།