སྒོ་ཡོན་གྱི་སྙན་ངག་གསར་པ་བདམས་བཀོད།

0406_1.jpg

                    ༈ སོ་ཁི་ར་ཐེ།

ཡུན་རིང་གནམ་ལ་གཏད་ནས་བསམ་བློ་བཏང་།།
ཉི་འོད་ཐེ་ཚོམ་དང་བཅས་སྨ་རར་འཐོག།
རང་ཉིད་མིན་པའི་རང་ཡང་རང་ལ་འཕྲད།།
ཚིག་ལ་མགུལ་རྒྱན་མ་བསྣོལ་གཅེར་བུ་མ།།
དོན་ལ་སྙིང་བོ་སྟོངས་པ་བྲག་ཆ་ཙམ།།
དགའ་ཞིང་དགོད་པའི་ངང་ལ་གནས་པ་ཚོར།།
དེ་ནི་སུ་ཡིན་སུས་ཀྱང་ག་ལ་རྟོགས།།
ལྷའམ་འཆི་བའི་འཇིངས་སུ་མིད་པར་འགྱུར།།

                         ༢༠༡༨.༣.༢༥

                    ༈ ཕལ་བའི་སྤྱི་མཚན།

Eubulidesགཅིག་པུར་ས་ལ་འགྱེལ།།
བྱེ་མ་སྤར་མོ་གང་མིག་མཐར་ཨེན་ཙམ་འཁོར།།
གསེག་མའི་ཆུན་པོ་ཡང་སྙན་ངག་ཚལ་དུ་གྲུབ།།
གཅིག་དང་ཐ་དད་ཀྱི་གཟུང་འཛིན་རྙེད་མ་ཡིན།།

ཅི་སྟེ་བྱེ་ཐང་འདིར་གཙང་པོ་ཡོད་གྱུར་ཀྱང་།།
Eubulidesསྐོམ་པ་སེལ་བ་མིན།།

                           ༢༠༡༨.༣.༢༩

                    ༈ ངལ་གསོ།

ག་དུས་འཆི་ཁར་སྐད་ཆ་ཅི་ཡང་མེད།།
བེམ་པོར་བལྟས་ཏེ་རེ་ཞིག་དགོད་ཙམ་འབྱུང་།།

འཇིག་རྟེན་སྔར་བཞིན་སིམ་སིམ་ཡི་གར་འོང་།།
འཇིག་རྟེན་སྔར་བཞིན་སྨྲ་བསམ་བརྗོད་ལས་འདས།།

                            ༢༠༡༨.༣.༢༧

                      ༈ རྟབ་རྟབ་པོ།

ད་ལྟ་ཕྱི་རོལ་གནམ་གཤིས་ཡག།
སྒེའུ་ཁུང་འགྲམ་གྱི་ལྗོན་པ་ཡང་།།
ཡུན་རིང་འགྲེངས་པའི་ནད་པ་ལྟར།།
གྲག་འགུལ་མེད་པར་ཉི་མར་ལྡེ།།
ཉི་འོད་གཞུང་ལམ་འཁྲིས་ལ་འཕོག།
ལམ་ཆེན་སྟེང་གི་རླངས་འཁོར་དག།
ཕན་ཚུན་བང་ཁ་འགྲན་པ་ཡི།།
རྟ་ཕོ་བཞིན་དུ་ཤར་མར་སྐྱོད།།

དུས་ཚོད་འཁྲོལ་བའི་དབྱངས་ཅན་མ།།
དེ་རིང་འདིར་ནི་ལྷགས་གྱུར་ན།།
སེམས་ཀྱིpartyལ་རོལ་ནས།།
བྲེལ་བ་མ་ལུས་གླུ་རུ་ལེན།།

                      ༢༠༡༨.༣.༣༠

                     ༈ དུས་ཚོད་ལྷག་མ།

ཉིན་མོ་སྐྱོ་བའི་ངང་ལ་ཕར་ཕར་གཤར།།
སྣང་བ་ལྡབ་ལྡིབ་ཅན་གྱི་རོལ་མོ་པ།།
རྒྱུད་སྐུད་ཕྲ་མོ་གཅིག་ལ་ཡང་ཡང་ཁེན།།
སྒྲ་དང་དབྱངས་ཀྱི་བྲོད་པ་མིང་ཡང་མེད།།
མཛུབ་མོ་འགུལ་འགུལ་ཙམ་གྱིས་རང་སེམས་གསོ།།

                        ༢༠༡༨.༣.༢༥

                     ༈ རི་མོ།

སྟོང་བའི་མཁའ་ལ་བྱེ་མའི་རི་བོ་འབྲི།།
རི་བོའི་དབུས་སུ་འཇའ་དང་སྤྲིན་པ་རྨོ།།
སྤྲིན་པ་གྱ་གྱུར་ཟིམ་པའི་བུ་མོ་ཕབ།།
ཡིད་འོང་ལན་བུ་ཡིད་ཀྱི་རྫིང་བུར་ཞུགས།།

དཀར་ནག་ཚོན་གྱི་སྤྲོས་པ་གསལ་ལ་འཚེར།།
དག་པ་སྒྱུ་མའི་སྣང་བ་གཡོ་ཞིང་ལྡེམ།།

ཕར་གྱི་རི་མོ་མཛེས་ཤིང་སྡུག་པ་གང་།།
རང་སེམས་རླུང་དང་མཆི་མས་སྦག་ཡོད་དམ།།

                     ༢༠༡༧.༣.༡༧

                     ༈ ལྟད་མོ་རང་ག་བ།

རང་གིས་རང་ལ་ཡུན་རིང་མ་བལྟས་པས།།
དེ་རིང་མེ་ལོང་སྤྱད་ནས་གདོང་ལ་བལྟ།།
གདོང་གི་བ་སྤུའི་གྲངས་ཀ་རྫོབ་པོར་གྱུར།།
དཔྲལ་བའི་དབུས་སུ་གཟབ་པའི་ཉམས་ཤིག་མངོན།།
གཉེར་རིས་རྣམས་ཀྱང་གཅིག་རྗེས་གཅིག་ལ་འདྲེས།།
མིག་ཁུང་མཐའ་ལ་དམར་མདངས་མཆི་མ་འཁྱིལ།།
འགྲམ་པའི་གཡས་གཡོན་སྨེ་ཐིག་སྔར་བས་མང་།།
སྨ་ར་ཐར་ཐོར་སྣ་སྒོར་ཙོག་པུར་ལངས།།
ཨག་ཚོམ་ཐུང་ཐུང་མ་ནེའི་ཕྱོགས་བཞིར་འགྲེང་།།
རྣ་བ་ཟུང་ཡང་རང་རང་ས་རུ་ཧད།།
ཡུན་རིང་ཨ་ཐང་ཆད་པའི་ངོ་གདོང་ལ།།
དགའ་དང་མི་དགའི་རྣམ་འགྱུར་གྲངས་ལས་འདས།།

                       ༢༠༡༧.༡༡.༢༧

                     ༈ མ་ངེས་པ།

ད་ནི་གཤོག་པ་འཐོར་བའི་བྱེའུ་ཆུང་།།
ཆར་དང་ཉི་མས་བརྙས་པའི་སྡུག་བསྔལ།།
རི་དང་གཙང་པོ་བགོམས་པའི་ཨ་ཐང་།།
རླུང་བུས་འཇབ་ཅིང་བདས་པའི་འཇིགས་པ།
གཞན་ལས་གཞན་དུ་ཡོལ་བའི་སོམ་ཉི།།
རང་དབང་ཀློང་གི་ངེས་མེད་བཙོན་པ།།
གང་ལ་བལྟས་ཀྱང་གང་ཡང་མ་མཆིས།།

                ༢༠༡༨.༣.༡༧

                     ༈ གསང་གཏམ།

ང་རང་འཆི་བར་འགྱུར་བ་ཁྱོད་ལ་གདམས།།
ཁྱོད་ཀྱི་ཡིད་ཁམས་འཆི་བའི་ས་བོན་འདེབས།།
ས་བོན་དབུས་སུ་གསོན་པའི་ལོ་མ་སྨིན།།
ལོ་མའི་སྤྱི་གཙུག་བརྩེ་བའི་ཆར་ཐིགས་ལྷུང་།།
ཟེགས་མ་ཐར་ཐོར་མཐའ་ཡས་རྒྱ་མཚོར་བྱིང་།།
གསང་དང་མི་གསང་སླར་ཡང་སེམས་ལ་དྲིས།།

                     ༢༠༡༨.༣.༩

                    ༈ དཀྱིལ་འཁོར།

གམ་གྱི་ན་ཆུང་བཞིན་བཟང་མ།།
དོ་ནུབ་ཁྱོད་ཀྱི་མཆུ་སྒྲོས་དམར།།
འགྲམ་པར་རེག་པའི་འོ་དག་ཀྱང་།།
ཨ་མའི་འོ་མ་ལྟར་དུ་ཞིམ།།
སྒྲོལ་མ་ཡུམ་ལས་མཛེས་པ་ཡི།།
ལུས་ཀྱི་དྲི་བཟང་ཐུ་ལུ་ལུ།།
མིག་ཟུང་ཧྲིག་གེར་གསལ་མ་ཐག།
བ་སྤུ་རྣམས་ཀྱང་ཅིག་ཅར་བཟི།།
བདག་ཀྱང་འདམ་གྱི་ངང་བ་བཞིན།།
ཙོག་པུར་ཁྱོད་ལ་བསྙེས་གྱུར་ཏེ།། 
འདོད་པའི་དངོས་གྲུབ་འབོག་པ་ལ།།
ལུས་སེམས་ཐམས་ཅད་འདར་ཞིང་རྒྱས།།

                    ༢༠༡༨.༤.༡


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོ་ཡོན་གྱི་སྙན་ངག་གསར་པ་བདམས་བཀོད།

2018-04-12 སྒོ་ཡོན། ཀློག་གྲངས། མཆན ཡོད།

0406_1.jpg

                    ༈ སོ་ཁི་ར་ཐེ།

ཡུན་རིང་གནམ་ལ་གཏད་ནས་བསམ་བློ་བཏང་།།
ཉི་འོད་ཐེ་ཚོམ་དང་བཅས་སྨ་རར་འཐོག།
རང་ཉིད་མིན་པའི་རང་ཡང་རང་ལ་འཕྲད།།
ཚིག་ལ་མགུལ་རྒྱན་མ་བསྣོལ་གཅེར་བུ་མ།།
དོན་ལ་སྙིང་བོ་སྟོངས་པ་བྲག་ཆ་ཙམ།།
དགའ་ཞིང་དགོད་པའི་ངང་ལ་གནས་པ་ཚོར།།
དེ་ནི་སུ་ཡིན་སུས་ཀྱང་ག་ལ་རྟོགས།།
ལྷའམ་འཆི་བའི་འཇིངས་སུ་མིད་པར་འགྱུར།།

                         ༢༠༡༨.༣.༢༥

                    ༈ ཕལ་བའི་སྤྱི་མཚན།

Eubulidesགཅིག་པུར་ས་ལ་འགྱེལ།།
བྱེ་མ་སྤར་མོ་གང་མིག་མཐར་ཨེན་ཙམ་འཁོར།།
གསེག་མའི་ཆུན་པོ་ཡང་སྙན་ངག་ཚལ་དུ་གྲུབ།།
གཅིག་དང་ཐ་དད་ཀྱི་གཟུང་འཛིན་རྙེད་མ་ཡིན།།

ཅི་སྟེ་བྱེ་ཐང་འདིར་གཙང་པོ་ཡོད་གྱུར་ཀྱང་།།
Eubulidesསྐོམ་པ་སེལ་བ་མིན།།

                           ༢༠༡༨.༣.༢༩

                    ༈ ངལ་གསོ།

ག་དུས་འཆི་ཁར་སྐད་ཆ་ཅི་ཡང་མེད།།
བེམ་པོར་བལྟས་ཏེ་རེ་ཞིག་དགོད་ཙམ་འབྱུང་།།

འཇིག་རྟེན་སྔར་བཞིན་སིམ་སིམ་ཡི་གར་འོང་།།
འཇིག་རྟེན་སྔར་བཞིན་སྨྲ་བསམ་བརྗོད་ལས་འདས།།

                            ༢༠༡༨.༣.༢༧

                      ༈ རྟབ་རྟབ་པོ།

ད་ལྟ་ཕྱི་རོལ་གནམ་གཤིས་ཡག།
སྒེའུ་ཁུང་འགྲམ་གྱི་ལྗོན་པ་ཡང་།།
ཡུན་རིང་འགྲེངས་པའི་ནད་པ་ལྟར།།
གྲག་འགུལ་མེད་པར་ཉི་མར་ལྡེ།།
ཉི་འོད་གཞུང་ལམ་འཁྲིས་ལ་འཕོག།
ལམ་ཆེན་སྟེང་གི་རླངས་འཁོར་དག།
ཕན་ཚུན་བང་ཁ་འགྲན་པ་ཡི།།
རྟ་ཕོ་བཞིན་དུ་ཤར་མར་སྐྱོད།།

དུས་ཚོད་འཁྲོལ་བའི་དབྱངས་ཅན་མ།།
དེ་རིང་འདིར་ནི་ལྷགས་གྱུར་ན།།
སེམས་ཀྱིpartyལ་རོལ་ནས།།
བྲེལ་བ་མ་ལུས་གླུ་རུ་ལེན།།

                      ༢༠༡༨.༣.༣༠

                     ༈ དུས་ཚོད་ལྷག་མ།

ཉིན་མོ་སྐྱོ་བའི་ངང་ལ་ཕར་ཕར་གཤར།།
སྣང་བ་ལྡབ་ལྡིབ་ཅན་གྱི་རོལ་མོ་པ།།
རྒྱུད་སྐུད་ཕྲ་མོ་གཅིག་ལ་ཡང་ཡང་ཁེན།།
སྒྲ་དང་དབྱངས་ཀྱི་བྲོད་པ་མིང་ཡང་མེད།།
མཛུབ་མོ་འགུལ་འགུལ་ཙམ་གྱིས་རང་སེམས་གསོ།།

                        ༢༠༡༨.༣.༢༥

                     ༈ རི་མོ།

སྟོང་བའི་མཁའ་ལ་བྱེ་མའི་རི་བོ་འབྲི།།
རི་བོའི་དབུས་སུ་འཇའ་དང་སྤྲིན་པ་རྨོ།།
སྤྲིན་པ་གྱ་གྱུར་ཟིམ་པའི་བུ་མོ་ཕབ།།
ཡིད་འོང་ལན་བུ་ཡིད་ཀྱི་རྫིང་བུར་ཞུགས།།

དཀར་ནག་ཚོན་གྱི་སྤྲོས་པ་གསལ་ལ་འཚེར།།
དག་པ་སྒྱུ་མའི་སྣང་བ་གཡོ་ཞིང་ལྡེམ།།

ཕར་གྱི་རི་མོ་མཛེས་ཤིང་སྡུག་པ་གང་།།
རང་སེམས་རླུང་དང་མཆི་མས་སྦག་ཡོད་དམ།།

                     ༢༠༡༧.༣.༡༧

                     ༈ ལྟད་མོ་རང་ག་བ།

རང་གིས་རང་ལ་ཡུན་རིང་མ་བལྟས་པས།།
དེ་རིང་མེ་ལོང་སྤྱད་ནས་གདོང་ལ་བལྟ།།
གདོང་གི་བ་སྤུའི་གྲངས་ཀ་རྫོབ་པོར་གྱུར།།
དཔྲལ་བའི་དབུས་སུ་གཟབ་པའི་ཉམས་ཤིག་མངོན།།
གཉེར་རིས་རྣམས་ཀྱང་གཅིག་རྗེས་གཅིག་ལ་འདྲེས།།
མིག་ཁུང་མཐའ་ལ་དམར་མདངས་མཆི་མ་འཁྱིལ།།
འགྲམ་པའི་གཡས་གཡོན་སྨེ་ཐིག་སྔར་བས་མང་།།
སྨ་ར་ཐར་ཐོར་སྣ་སྒོར་ཙོག་པུར་ལངས།།
ཨག་ཚོམ་ཐུང་ཐུང་མ་ནེའི་ཕྱོགས་བཞིར་འགྲེང་།།
རྣ་བ་ཟུང་ཡང་རང་རང་ས་རུ་ཧད།།
ཡུན་རིང་ཨ་ཐང་ཆད་པའི་ངོ་གདོང་ལ།།
དགའ་དང་མི་དགའི་རྣམ་འགྱུར་གྲངས་ལས་འདས།།

                       ༢༠༡༧.༡༡.༢༧

                     ༈ མ་ངེས་པ།

ད་ནི་གཤོག་པ་འཐོར་བའི་བྱེའུ་ཆུང་།།
ཆར་དང་ཉི་མས་བརྙས་པའི་སྡུག་བསྔལ།།
རི་དང་གཙང་པོ་བགོམས་པའི་ཨ་ཐང་།།
རླུང་བུས་འཇབ་ཅིང་བདས་པའི་འཇིགས་པ།
གཞན་ལས་གཞན་དུ་ཡོལ་བའི་སོམ་ཉི།།
རང་དབང་ཀློང་གི་ངེས་མེད་བཙོན་པ།།
གང་ལ་བལྟས་ཀྱང་གང་ཡང་མ་མཆིས།།

                ༢༠༡༨.༣.༡༧

                     ༈ གསང་གཏམ།

ང་རང་འཆི་བར་འགྱུར་བ་ཁྱོད་ལ་གདམས།།
ཁྱོད་ཀྱི་ཡིད་ཁམས་འཆི་བའི་ས་བོན་འདེབས།།
ས་བོན་དབུས་སུ་གསོན་པའི་ལོ་མ་སྨིན།།
ལོ་མའི་སྤྱི་གཙུག་བརྩེ་བའི་ཆར་ཐིགས་ལྷུང་།།
ཟེགས་མ་ཐར་ཐོར་མཐའ་ཡས་རྒྱ་མཚོར་བྱིང་།།
གསང་དང་མི་གསང་སླར་ཡང་སེམས་ལ་དྲིས།།

                     ༢༠༡༨.༣.༩

                    ༈ དཀྱིལ་འཁོར།

གམ་གྱི་ན་ཆུང་བཞིན་བཟང་མ།།
དོ་ནུབ་ཁྱོད་ཀྱི་མཆུ་སྒྲོས་དམར།།
འགྲམ་པར་རེག་པའི་འོ་དག་ཀྱང་།།
ཨ་མའི་འོ་མ་ལྟར་དུ་ཞིམ།།
སྒྲོལ་མ་ཡུམ་ལས་མཛེས་པ་ཡི།།
ལུས་ཀྱི་དྲི་བཟང་ཐུ་ལུ་ལུ།།
མིག་ཟུང་ཧྲིག་གེར་གསལ་མ་ཐག།
བ་སྤུ་རྣམས་ཀྱང་ཅིག་ཅར་བཟི།།
བདག་ཀྱང་འདམ་གྱི་ངང་བ་བཞིན།།
ཙོག་པུར་ཁྱོད་ལ་བསྙེས་གྱུར་ཏེ།། 
འདོད་པའི་དངོས་གྲུབ་འབོག་པ་ལ།།
ལུས་སེམས་ཐམས་ཅད་འདར་ཞིང་རྒྱས།།

                    ༢༠༡༨.༤.༡


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།