སྒྲོལ་མ་འཚོའི་སྙན་ངག་བདམས་བཀོད།

སྒྲོལ་མ་འཚོ།(འབའ་རྫོང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-01-27

སྒྲོལ་མ་འཚོ་ནི་ཕ་ཡུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་གསེར་འོད་སྡེ་བར་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་ཕྱི་སྐད་སྡེ་ཁག་ནས་དངོས་གཞི་སློབ་མཐར་ཕྱིན།《 བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང 《སྦྲང་ཆར》《 ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《གངས་རྒྱན་མེ་ཏོག》《ཁམས་པའི་རྩོམ་རིག་སྒྱུ་རྩལ》 《རི་བོ་ཉི་ཟླ》《གསེར་གྱི་ལྷ་དར》སོགས་སུ་སྦྱང་རྩོམ་རེ་ཟུང་སྤེལ་མྱོང་།
 
ཁྱོད་རང་ཡོད་ས།
ཁྱོད་ཀྱིས་རྟག་པར
ང་རང་ཡོད་ས་ལ་ནི
ཁྱོད་ཀྱི་གཞིས་ཀ་ཡིན་ཟེར

དེ་ཡང་ཅིས་ཀྱང་བདེན་ཏེ
ཁྱོད་རང་ཡོད་ས་ལ་ནི
ང་ཡི་ཕ་ཡུལ་རེད་ཨང་

འགྲོ་ལ་བབས་དུས
ཡིད་སེམས་མ་སྨྲེང་
ཁྱོད་རང་བསྙེག་ས་དེ་ཡང་
ནམ་ཞིག
ང་ཡི་ཕ་ཡུལ་དུ་ཆགས་ངེས

ཁྱོད་རང་ཡོད་ས་ལ་ནི
ང་ཡི་ཕ་ཡུལ་ཡིན་ཞིང་
ཕ་ཡུལ་གྱི་སོས་ཀ་ཡིན

ཕ་ཡུལ་ཟེར་བ
འདྲིས་ཤིང་ལོབས་པའི་ས་ཆ་ཞིག་རེད
འདང་ལ་བརྒྱུས་པའི་ས་ཆ་ཞིག་རེད
 
ཁྱོད་ཀྱིས་ང་རང་མེ་ཏོག་ཅིག་ཏུ་བསྒྱུར།
 
དབྱར་ཁ་སླེབས་དུས
ཁྱོད་ཀྱིས་ང་རང་མེ་ཏོག་ཅིག་ཏུ་བསྒྱུར
ཞོགས་པ་རེ་རེར
ང་རང་སྒེའུ་སྟེགས་སུ་བསྐྱལ་ཏེ་ཆུ་གཏོར་གིན་འདུག
 
ང་རང་མེ་ཏོག་ཅིག་ཡིན
ཟེའུ་འབྲུ་སྨིན་ཐག་ཆོད་པའི་མེ་ཏོག་ཅིག་ཡིན
རླུང་བུ་ལགས  ང་རང་ཨེན་ཙམ་བཞད་དུ་ཆུགས་དང་
ངའི་ནེམ་ཤ་ཁུར་བའི་འདབ་ལོ་རེ་རེར
ཁོ་བས་ད་དུང་ཞིབ་ཏུ་བལྟ་དགོས་ཨང་
 
སྟོན་ལ་གཅར་དུས
ཡིད་སེམས་མ་སྨྲེང་
མེ་ཁོག་ཁྱིམ་དུ་ལོངས་དང་
ང་རང་གཏན་ནས་རྒས་མི་སྲིད
 
འཁྱག་རླུང་གིས་ཇི་ལྟར་གཙེས་ཀྱང་
སོས་ཀ་ཞིག་ཡོད་པ་ཡིད་ལ་ཟུངས་དང་
ཡིད་འོང་གི་སོས་ཀ་རེ་རེར
ཞེ་འདང་གི་མེ་ཏོག་བཞད་སྲིད
ཁྱོད་རང་།
   
ཁྲོམ་གྱི་མི་ཚོགས་སྟུག་ཀྱང་
ཁྱོད་རང་སྐད་ཅིག་ཙམ་ཡང་
མིག་གི་མཐོང་སྣེས་ཟིན་ཐབས་བྲལ་དོན་གང་

འཇིག་རྟེན་འདི
ཆེ་དྲགས་པས་ལན་ནམ་ཅི་འཚལ
ཁྱོད་རང  ཉི་ཟླའི་འཆར་ནུབ་བཞིན
ང་ཡི་འཇིག་རྟེན་གྱི ཤར་ནས་ཚེས་ཤིང་ནུབ་རིར་ལྷུང་
 
ཁྱོད་རང་མེད་པས
འགྲུལ་བཞུད་ལམ་གྱི
ནམ་མཁའ་དྭངས་ཤིང ཉི་འོད་འཇམ་ན་ཡང་
ནང་སེམས་དྲོས་ཐབས་མ་བྱུང་

དེ་ལྟ་ན་ཡང ཁྱོད་རང་མེད་པ
དངོས་གནས་ཆད་ལྷག་ཅིག་ཨང


ཕྱིན་སོང་།
 
ཕྱིན་སོང
མི་དེ་རྒྱང་ལ་ཕྱིན་སོང
སྟོན་མཇུག་གི་སྨྲེང་ཤ་ཁུར་ཏེ
རྒྱང་ལ་ཕྱིན་སོང
 
མི་དེ་ཕྱིན་རྗེས
ན་ཐང་གི་ཁྲུང་ཁྲུང་འཕུར་ཞིང
སྒེའུ་འགྲམ་གྱི་མེ་ཏོག་རྙིད
 
རྒྱང་རིང་རྒྱང་ཐག་རིང་ཡང
ལོབས་ཕྱོགས་ཤིག་གིས
སེམས་པ་གཙང་བོ་དང་འདྲ་བར
རྒྱང་ལ་བཞུར

ཕྱིན་སོང
མི་དེ་རྒྱང་ལ་ཕྱིན་སོང
ཆ་ཡོད་ཀྱི་སེམས་པའི་མཐིལ་ལ
དྲན་ཤིང་གི་རི་མོ་བྲིས་ཏེ
རྒྱང་ལ་འཐེན
 
དེ་ནས་བཟུང
སེམས་པར་ཡང་ཁ་ཕྱོགས་མི་འདུག
སྐབས་འགར་ཕ་ཡུལ་དྲན་ཞིང
ལན་རེར་རྒྱང་རིང་དྲན
ས་སྲོས་ཀྱི་དྲན་པ་རབ་རིབ།
           
བརྗེད་དུ་མེད་པ མཛེས་སྡུག་གི་ལོ་ཟླ་མ་རེད
གྱེས་ཁ་མའི་རབ་རིབ་ཀྱི་ལག་བརྡ་དེ་རེད
 
དྲན་པ་སློག་བྱེད བརྩེ་དུང་གི་གཏམ་རྒྱུད་མ་རེད
ཉི་མ་ནུབ་རིར་ལྷུང་བའི་སྟངས་ཀ་དེ་རེད
 
དྲན་པར་བརྐོས་པ དམ་ཚིག་གི་རི་མོ་མ་རེད
གཉོམ་ཤ་ཁུར་བའི་ཡིད་འོང་གི་རྒྱབ་གཟུགས་དེ་རེད
 
གཟུང་དུ་མེད་པ དུས་ཚོད་ཀྱི་ཞགས་པ་མ་རེད
རྒྱང་ལ་ཆས་འདོད་ཀྱི་སེམས་པ་དེ་རེད
 
ཤང་ཤང་བཞུར་བ སྤང་ལ་ལྷུང་བའི་ཆུ་མོ་མ་རེད
ལུས་ཀྱི་ལང་ཚོ་བཞུར་བའི་སྒྲ་དེ་རེད
 
རིང་དུ་བསྲིངས་པ ལས་ཀྱི་ལམ་བུ་མ་རེད
བསྡོངས་པའི་མི་ཡི་ཕྱི་ཐག་དེ་རེད
 
མིག་མཐར་འཁྱིལ་བ གནོང་འགྱོད་ཀྱི་མཆི་མ་མ་རེད
ནང་སེམས་ཀྱི་ཆབ་རོམ་ཞུ་བའི་ཆུ་ཐིགས་དེ་རེད
 
ཡི་གར་འོང་བ བརྩེ་དུང་གི་དྲན་པ་མ་རེད
འདུ་བྲལ་མཚམས་ཀྱི་སྨོན་འདུན་དེ་རེད
 
སེམས་སུ་འཚངས་པ  བུ་ལོན་གྱི་སྐྱེད་ཀ་མ་རེད
ངག་ལ་ཤོང་ཐབས་བྲལ་བའི་སྐད་ཆ་དེ་རེད

འཐིབ་སྟེ་འོང་བ རི་ལ་འཁོར་བའི་སྨུག་པ་མ་རེད
སྐུང་ཐབས་བྲལ་བའི་ཡིད་ཀྱི་གདུང་བ་དེ་རེད

སྙིང་ཉེ་བའི་སེམས་པ་ལགས།
                     
སྙིང་ཉེ་བའི་སེམས་པ་ལགས
ཡིད་སེམས་མ་སྨྲེང
དགུན་གྱི་ལྷགས་རླུང
མི་ཡུལ་ལུང་བར་འུར་འུར་ལྡང་ཡང་
འུ་ཚོར་ད་དུང་དྲོད་འཇམ་ཀྱི་དཔྱིད་ཀ་ཡོད
 
སྙིང་ཉེ་བའི་སེམས་པ་ལགས
བདེ་བར་གྱིས་དང
མི་ཡུལ་གྱི་གོད་ཆག་ཇི་ལྟར་རྒོད་ཀྱང་
རྒྱུས་མེད་ཀྱི་མི་ཚོགས་སྟོང་གིས
ཁྱོད་ལ་དུང་མདོག་གི་སེམས་པ་བསྟན་ཞིང་
འཇམ་མཉེན་གྱི་ལག་པ་བརྐྱངས་འདུག
 
སྙིང་ཉེ་བའི་སེམས་པ་ལགས
རེ་ཞིག་སྒུགས་དང
མི་ཡུལ་དུ་དཔྱིད་ཀ་སླེབས་ངེས
དཔྱིད་ཀར
སྦྲང་ཆར་གྱིས་ཁྱོད་ལ་དངོས་གྲུབ་བསྩལ་ཡོང
ཁུ་བྱུག་གིས་ཁྱོད་ལ་བདེ་སྐྱིད་ཀྱི་སྨོན་གླུ་གཏང་ངེས


མེ་ཏོག
 
ཁྱོད་རང་མེ་ཏོག་ཅིག་རེད
མོ་ཡང་མེ་ཏོག་ཅིག་རེད
 
མེ་ཏོག་རེ་རེའི
འདབ་མ་དང་དྲི་བསུང་གིས
མི་ཡུལ་ལ་མཛེས་སྡུག་དང་ལེགས་ཚོགས་བསྐྲུན
 
མེ་ཏོག་རེ་རེ
མི་ཡུལ་ལུང་བར་བཞད་ཐེངས་ཤིག་གིས
ཚེ་སྲོག་ལ་གསོན་ཤུགས་བསྩལ་ཅིང་
འཚོ་བ་ལ་དཔའ་གདེངས་སྤྲད
 
མདོར་ན
མི་ཡུལ་གྱི་བདེ་སྐྱིད་དང་ལོངས་སྤྱོད
མེ་ཏོག་ཅིག་ལས་བསྐྱེད་ཅིང
མེ་ཏོག་ཅིག་གིས་གཉོར
ཆུ་ཞིག་གི་ཕར་ཀ་ཚུར་ཀ
 
འུ་གཉིས་ཀྱི་བར་ཐག
རིང་རྒྱུ་མི་འདུག
ཆུ་ཞིག་གི་ཕར་ཀ་ཚུར་ཀ་རེད
ཆུ་བོའི་ཕ་རོལ་དུ་ལྟ་དུས
རྟག་པར་ཁྱོད་རང་མཐོང་གིན་འདུག
 
འུ་གཉིས་ཀྱི་བར་ཐག
ཐུང་རྒྱུའང་ག་ལ་འདུག
ལག་པ་འདི་ཇི་ལྟར་བསྲིངས་ཀྱང་
ཁྱོད་ལ་རེག་ཐབས་མི་འདུག
 
འུ་གཉིས་ཀྱི་བར་ཐག
ཆུ་མོས་གཅོད་མི་སྲིད
ཆུ་མོ་ནི་གྱེས་བྲལ་གྱི་སྡུག་གླུ་གཏོང་བའི
རྒྱང་བཞུད་ཀྱི་མགྲོན་པོ་ཞིག་རེད
 
གལ་ཏེ  བར་ཐག་འདི
ཆུ་མོ་ཁོ་ནས་བཅད་སོང་བ་ཡིན་ན
ངས་ཁྱོད་ལ་བརྩེ་དུང་གི་ཀོ་གྲུ་གཏང་ཆོག

ཁྲུང་ཁྲུང་།

རེ་འདུན་ལྗང་ཁུ་ཞིག་གཤོག་སྣེར་བཟུང་སྟེ
ཁྱོད་རང་རྒྱང་ལ་འཐེན་དུས
ཏག་ཏག་སྟོན་མཇུག་གི་ཞོགས་པ་ཞིག་རེད
 
གོ་ཐོས་སུ
མི་ཡུལ་འདིའི  ཡིད་འོང་གི་གཏམ་རྒྱུད་རེ་རེ་ཡང་
སྟོན་མཇུག་གི་ཞོགས་པ་ཞིག་ལ
ཁྱོད་ཀྱིས་བསྐྱུར་བ་རེད་ཟེར
 
འཕུར་བསྐྱོད་ནི་བདེ་སྐྱིད་ཅིག་ཡིན་ན
ཁྱོད་རང་ག་ལེར་འཕུར་དང་
མི་ཡུལ་གྱི་གཡའ་དག་པའི
མཁའ་མཐའི་ཆ་དེ་ཁྱོད་ལ་བསྐྱུར་ཆོག
 
བརྩེ་བའི་གཏམ་རྒྱུད
ད་དུང་མི་ཡུལ་ལུང་བར་སྩོལ་དང་
མི་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི
རྩྭ་ཐང་དང་ན་འདམ་ཡང་ཁྱོད་ལ་བསྐྱུར་ཆོག    

          
ཡིད་འོང་གི་མི།                                             

ཁྱེད་ལམ་ལ་ཆས་ཁར
རྟ་ཕོས་ཁྱེད་ལ་ཡང་ཡང་བལྟས་ཡོད་ངེས
ཁྱེད་རྟ་ཕོར་ཧ་ཅང་དགའ་བས
རྟ་ཕོས་ཁྱེད་ལ་ཞེ་འདང་བཞག་ཡོད་པ་འདྲ
གང་ལྟར་ང་ལ་མཚོན་ན
རྟ་ཕོ་ནི་ཡིད་འོང་གི་མཚོན་བྱེད་ཅིག་རེད
 
ཁྱེད་རྒྱང་ལ་འཐེན་དུས
ངས་རྟ་ཕོར་བྱིལ་བྱིལ་གཏོང་ཞོར
རྟ་ཕོའི་མིག་ཆུ་ཕྱིས་པ་ཡིན
བརྩེ་དུང་ལ་ཁྲེལ་བག་ཡོད་པར
ག་ལེར་ཡིད་ཆེས་གནོངས་དང་
ང་དང་རྟ་ཕོས
ཡིད་འོང་གི་གྲུ་ཁ་གཞན་ཞིག་ནས
ཡིད་འོང་གི་ཁྱེད་རང་དྲན་པར་བྱ
 
ཁྱེད་རྒྱང་ལ་ཆས་དུས
རྟ་ཕོར་ཡིད་སེམས་འཁྲེང་མི་དགོས
ངས་རྟ་ཕོར་སེམས་གསོ་གནང་ཆོག
ངས་རྟ་ཕོར་སྒ་ཆ་བསྟད་ཆོག
ཡིད་ཆེས་གནོངས་དང་
ང་དང་རྟ་ཕོས
ལོ་ངོ་ག་ཙམ་ཕྱིན་ཡང་
བལ་ལྟར་འཇམ་པའི་ཁྱེད་རང་
གཏན་ནས་བརྗེད་མི་སྲིད
 
ཀྭ་ཡེ  ཡིད་འོང་གི་མི
ཕ་ཡུལ་དྲན་དུས
ཞིབ་ཏུ་ཉོན་དང་
ཁྱེད་རང་དྲན་པའི་བརྡ་ལ
རྟ་ཕོས་འཚེར་སྐད་ལྷང་ལྷང་བསྒྲག་ངེས
ངས་ཀྱང་ནང་སེམས་བསྟན་ནས
ཡིད་འོང་གི་སྙན་ངག་བྲི་ཆོག
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒྲོལ་མ་འཚོའི་སྙན་ངག་བདམས་བཀོད།

2021-01-27 སྒྲོལ་མ་འཚོ།(འབའ་རྫོང) ཀློག་གྲངས། མཆན ཡོད།

སྒྲོལ་མ་འཚོ་ནི་ཕ་ཡུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་གསེར་འོད་སྡེ་བར་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་ཕྱི་སྐད་སྡེ་ཁག་ནས་དངོས་གཞི་སློབ་མཐར་ཕྱིན།《 བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང 《སྦྲང་ཆར》《 ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《གངས་རྒྱན་མེ་ཏོག》《ཁམས་པའི་རྩོམ་རིག་སྒྱུ་རྩལ》 《རི་བོ་ཉི་ཟླ》《གསེར་གྱི་ལྷ་དར》སོགས་སུ་སྦྱང་རྩོམ་རེ་ཟུང་སྤེལ་མྱོང་།
 
ཁྱོད་རང་ཡོད་ས།
ཁྱོད་ཀྱིས་རྟག་པར
ང་རང་ཡོད་ས་ལ་ནི
ཁྱོད་ཀྱི་གཞིས་ཀ་ཡིན་ཟེར

དེ་ཡང་ཅིས་ཀྱང་བདེན་ཏེ
ཁྱོད་རང་ཡོད་ས་ལ་ནི
ང་ཡི་ཕ་ཡུལ་རེད་ཨང་

འགྲོ་ལ་བབས་དུས
ཡིད་སེམས་མ་སྨྲེང་
ཁྱོད་རང་བསྙེག་ས་དེ་ཡང་
ནམ་ཞིག
ང་ཡི་ཕ་ཡུལ་དུ་ཆགས་ངེས

ཁྱོད་རང་ཡོད་ས་ལ་ནི
ང་ཡི་ཕ་ཡུལ་ཡིན་ཞིང་
ཕ་ཡུལ་གྱི་སོས་ཀ་ཡིན

ཕ་ཡུལ་ཟེར་བ
འདྲིས་ཤིང་ལོབས་པའི་ས་ཆ་ཞིག་རེད
འདང་ལ་བརྒྱུས་པའི་ས་ཆ་ཞིག་རེད
 
ཁྱོད་ཀྱིས་ང་རང་མེ་ཏོག་ཅིག་ཏུ་བསྒྱུར།
 
དབྱར་ཁ་སླེབས་དུས
ཁྱོད་ཀྱིས་ང་རང་མེ་ཏོག་ཅིག་ཏུ་བསྒྱུར
ཞོགས་པ་རེ་རེར
ང་རང་སྒེའུ་སྟེགས་སུ་བསྐྱལ་ཏེ་ཆུ་གཏོར་གིན་འདུག
 
ང་རང་མེ་ཏོག་ཅིག་ཡིན
ཟེའུ་འབྲུ་སྨིན་ཐག་ཆོད་པའི་མེ་ཏོག་ཅིག་ཡིན
རླུང་བུ་ལགས  ང་རང་ཨེན་ཙམ་བཞད་དུ་ཆུགས་དང་
ངའི་ནེམ་ཤ་ཁུར་བའི་འདབ་ལོ་རེ་རེར
ཁོ་བས་ད་དུང་ཞིབ་ཏུ་བལྟ་དགོས་ཨང་
 
སྟོན་ལ་གཅར་དུས
ཡིད་སེམས་མ་སྨྲེང་
མེ་ཁོག་ཁྱིམ་དུ་ལོངས་དང་
ང་རང་གཏན་ནས་རྒས་མི་སྲིད
 
འཁྱག་རླུང་གིས་ཇི་ལྟར་གཙེས་ཀྱང་
སོས་ཀ་ཞིག་ཡོད་པ་ཡིད་ལ་ཟུངས་དང་
ཡིད་འོང་གི་སོས་ཀ་རེ་རེར
ཞེ་འདང་གི་མེ་ཏོག་བཞད་སྲིད
ཁྱོད་རང་།
   
ཁྲོམ་གྱི་མི་ཚོགས་སྟུག་ཀྱང་
ཁྱོད་རང་སྐད་ཅིག་ཙམ་ཡང་
མིག་གི་མཐོང་སྣེས་ཟིན་ཐབས་བྲལ་དོན་གང་

འཇིག་རྟེན་འདི
ཆེ་དྲགས་པས་ལན་ནམ་ཅི་འཚལ
ཁྱོད་རང  ཉི་ཟླའི་འཆར་ནུབ་བཞིན
ང་ཡི་འཇིག་རྟེན་གྱི ཤར་ནས་ཚེས་ཤིང་ནུབ་རིར་ལྷུང་
 
ཁྱོད་རང་མེད་པས
འགྲུལ་བཞུད་ལམ་གྱི
ནམ་མཁའ་དྭངས་ཤིང ཉི་འོད་འཇམ་ན་ཡང་
ནང་སེམས་དྲོས་ཐབས་མ་བྱུང་

དེ་ལྟ་ན་ཡང ཁྱོད་རང་མེད་པ
དངོས་གནས་ཆད་ལྷག་ཅིག་ཨང


ཕྱིན་སོང་།
 
ཕྱིན་སོང
མི་དེ་རྒྱང་ལ་ཕྱིན་སོང
སྟོན་མཇུག་གི་སྨྲེང་ཤ་ཁུར་ཏེ
རྒྱང་ལ་ཕྱིན་སོང
 
མི་དེ་ཕྱིན་རྗེས
ན་ཐང་གི་ཁྲུང་ཁྲུང་འཕུར་ཞིང
སྒེའུ་འགྲམ་གྱི་མེ་ཏོག་རྙིད
 
རྒྱང་རིང་རྒྱང་ཐག་རིང་ཡང
ལོབས་ཕྱོགས་ཤིག་གིས
སེམས་པ་གཙང་བོ་དང་འདྲ་བར
རྒྱང་ལ་བཞུར

ཕྱིན་སོང
མི་དེ་རྒྱང་ལ་ཕྱིན་སོང
ཆ་ཡོད་ཀྱི་སེམས་པའི་མཐིལ་ལ
དྲན་ཤིང་གི་རི་མོ་བྲིས་ཏེ
རྒྱང་ལ་འཐེན
 
དེ་ནས་བཟུང
སེམས་པར་ཡང་ཁ་ཕྱོགས་མི་འདུག
སྐབས་འགར་ཕ་ཡུལ་དྲན་ཞིང
ལན་རེར་རྒྱང་རིང་དྲན
ས་སྲོས་ཀྱི་དྲན་པ་རབ་རིབ།
           
བརྗེད་དུ་མེད་པ མཛེས་སྡུག་གི་ལོ་ཟླ་མ་རེད
གྱེས་ཁ་མའི་རབ་རིབ་ཀྱི་ལག་བརྡ་དེ་རེད
 
དྲན་པ་སློག་བྱེད བརྩེ་དུང་གི་གཏམ་རྒྱུད་མ་རེད
ཉི་མ་ནུབ་རིར་ལྷུང་བའི་སྟངས་ཀ་དེ་རེད
 
དྲན་པར་བརྐོས་པ དམ་ཚིག་གི་རི་མོ་མ་རེད
གཉོམ་ཤ་ཁུར་བའི་ཡིད་འོང་གི་རྒྱབ་གཟུགས་དེ་རེད
 
གཟུང་དུ་མེད་པ དུས་ཚོད་ཀྱི་ཞགས་པ་མ་རེད
རྒྱང་ལ་ཆས་འདོད་ཀྱི་སེམས་པ་དེ་རེད
 
ཤང་ཤང་བཞུར་བ སྤང་ལ་ལྷུང་བའི་ཆུ་མོ་མ་རེད
ལུས་ཀྱི་ལང་ཚོ་བཞུར་བའི་སྒྲ་དེ་རེད
 
རིང་དུ་བསྲིངས་པ ལས་ཀྱི་ལམ་བུ་མ་རེད
བསྡོངས་པའི་མི་ཡི་ཕྱི་ཐག་དེ་རེད
 
མིག་མཐར་འཁྱིལ་བ གནོང་འགྱོད་ཀྱི་མཆི་མ་མ་རེད
ནང་སེམས་ཀྱི་ཆབ་རོམ་ཞུ་བའི་ཆུ་ཐིགས་དེ་རེད
 
ཡི་གར་འོང་བ བརྩེ་དུང་གི་དྲན་པ་མ་རེད
འདུ་བྲལ་མཚམས་ཀྱི་སྨོན་འདུན་དེ་རེད
 
སེམས་སུ་འཚངས་པ  བུ་ལོན་གྱི་སྐྱེད་ཀ་མ་རེད
ངག་ལ་ཤོང་ཐབས་བྲལ་བའི་སྐད་ཆ་དེ་རེད

འཐིབ་སྟེ་འོང་བ རི་ལ་འཁོར་བའི་སྨུག་པ་མ་རེད
སྐུང་ཐབས་བྲལ་བའི་ཡིད་ཀྱི་གདུང་བ་དེ་རེད

སྙིང་ཉེ་བའི་སེམས་པ་ལགས།
                     
སྙིང་ཉེ་བའི་སེམས་པ་ལགས
ཡིད་སེམས་མ་སྨྲེང
དགུན་གྱི་ལྷགས་རླུང
མི་ཡུལ་ལུང་བར་འུར་འུར་ལྡང་ཡང་
འུ་ཚོར་ད་དུང་དྲོད་འཇམ་ཀྱི་དཔྱིད་ཀ་ཡོད
 
སྙིང་ཉེ་བའི་སེམས་པ་ལགས
བདེ་བར་གྱིས་དང
མི་ཡུལ་གྱི་གོད་ཆག་ཇི་ལྟར་རྒོད་ཀྱང་
རྒྱུས་མེད་ཀྱི་མི་ཚོགས་སྟོང་གིས
ཁྱོད་ལ་དུང་མདོག་གི་སེམས་པ་བསྟན་ཞིང་
འཇམ་མཉེན་གྱི་ལག་པ་བརྐྱངས་འདུག
 
སྙིང་ཉེ་བའི་སེམས་པ་ལགས
རེ་ཞིག་སྒུགས་དང
མི་ཡུལ་དུ་དཔྱིད་ཀ་སླེབས་ངེས
དཔྱིད་ཀར
སྦྲང་ཆར་གྱིས་ཁྱོད་ལ་དངོས་གྲུབ་བསྩལ་ཡོང
ཁུ་བྱུག་གིས་ཁྱོད་ལ་བདེ་སྐྱིད་ཀྱི་སྨོན་གླུ་གཏང་ངེས


མེ་ཏོག
 
ཁྱོད་རང་མེ་ཏོག་ཅིག་རེད
མོ་ཡང་མེ་ཏོག་ཅིག་རེད
 
མེ་ཏོག་རེ་རེའི
འདབ་མ་དང་དྲི་བསུང་གིས
མི་ཡུལ་ལ་མཛེས་སྡུག་དང་ལེགས་ཚོགས་བསྐྲུན
 
མེ་ཏོག་རེ་རེ
མི་ཡུལ་ལུང་བར་བཞད་ཐེངས་ཤིག་གིས
ཚེ་སྲོག་ལ་གསོན་ཤུགས་བསྩལ་ཅིང་
འཚོ་བ་ལ་དཔའ་གདེངས་སྤྲད
 
མདོར་ན
མི་ཡུལ་གྱི་བདེ་སྐྱིད་དང་ལོངས་སྤྱོད
མེ་ཏོག་ཅིག་ལས་བསྐྱེད་ཅིང
མེ་ཏོག་ཅིག་གིས་གཉོར
ཆུ་ཞིག་གི་ཕར་ཀ་ཚུར་ཀ
 
འུ་གཉིས་ཀྱི་བར་ཐག
རིང་རྒྱུ་མི་འདུག
ཆུ་ཞིག་གི་ཕར་ཀ་ཚུར་ཀ་རེད
ཆུ་བོའི་ཕ་རོལ་དུ་ལྟ་དུས
རྟག་པར་ཁྱོད་རང་མཐོང་གིན་འདུག
 
འུ་གཉིས་ཀྱི་བར་ཐག
ཐུང་རྒྱུའང་ག་ལ་འདུག
ལག་པ་འདི་ཇི་ལྟར་བསྲིངས་ཀྱང་
ཁྱོད་ལ་རེག་ཐབས་མི་འདུག
 
འུ་གཉིས་ཀྱི་བར་ཐག
ཆུ་མོས་གཅོད་མི་སྲིད
ཆུ་མོ་ནི་གྱེས་བྲལ་གྱི་སྡུག་གླུ་གཏོང་བའི
རྒྱང་བཞུད་ཀྱི་མགྲོན་པོ་ཞིག་རེད
 
གལ་ཏེ  བར་ཐག་འདི
ཆུ་མོ་ཁོ་ནས་བཅད་སོང་བ་ཡིན་ན
ངས་ཁྱོད་ལ་བརྩེ་དུང་གི་ཀོ་གྲུ་གཏང་ཆོག

ཁྲུང་ཁྲུང་།

རེ་འདུན་ལྗང་ཁུ་ཞིག་གཤོག་སྣེར་བཟུང་སྟེ
ཁྱོད་རང་རྒྱང་ལ་འཐེན་དུས
ཏག་ཏག་སྟོན་མཇུག་གི་ཞོགས་པ་ཞིག་རེད
 
གོ་ཐོས་སུ
མི་ཡུལ་འདིའི  ཡིད་འོང་གི་གཏམ་རྒྱུད་རེ་རེ་ཡང་
སྟོན་མཇུག་གི་ཞོགས་པ་ཞིག་ལ
ཁྱོད་ཀྱིས་བསྐྱུར་བ་རེད་ཟེར
 
འཕུར་བསྐྱོད་ནི་བདེ་སྐྱིད་ཅིག་ཡིན་ན
ཁྱོད་རང་ག་ལེར་འཕུར་དང་
མི་ཡུལ་གྱི་གཡའ་དག་པའི
མཁའ་མཐའི་ཆ་དེ་ཁྱོད་ལ་བསྐྱུར་ཆོག
 
བརྩེ་བའི་གཏམ་རྒྱུད
ད་དུང་མི་ཡུལ་ལུང་བར་སྩོལ་དང་
མི་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི
རྩྭ་ཐང་དང་ན་འདམ་ཡང་ཁྱོད་ལ་བསྐྱུར་ཆོག    

          
ཡིད་འོང་གི་མི།                                             

ཁྱེད་ལམ་ལ་ཆས་ཁར
རྟ་ཕོས་ཁྱེད་ལ་ཡང་ཡང་བལྟས་ཡོད་ངེས
ཁྱེད་རྟ་ཕོར་ཧ་ཅང་དགའ་བས
རྟ་ཕོས་ཁྱེད་ལ་ཞེ་འདང་བཞག་ཡོད་པ་འདྲ
གང་ལྟར་ང་ལ་མཚོན་ན
རྟ་ཕོ་ནི་ཡིད་འོང་གི་མཚོན་བྱེད་ཅིག་རེད
 
ཁྱེད་རྒྱང་ལ་འཐེན་དུས
ངས་རྟ་ཕོར་བྱིལ་བྱིལ་གཏོང་ཞོར
རྟ་ཕོའི་མིག་ཆུ་ཕྱིས་པ་ཡིན
བརྩེ་དུང་ལ་ཁྲེལ་བག་ཡོད་པར
ག་ལེར་ཡིད་ཆེས་གནོངས་དང་
ང་དང་རྟ་ཕོས
ཡིད་འོང་གི་གྲུ་ཁ་གཞན་ཞིག་ནས
ཡིད་འོང་གི་ཁྱེད་རང་དྲན་པར་བྱ
 
ཁྱེད་རྒྱང་ལ་ཆས་དུས
རྟ་ཕོར་ཡིད་སེམས་འཁྲེང་མི་དགོས
ངས་རྟ་ཕོར་སེམས་གསོ་གནང་ཆོག
ངས་རྟ་ཕོར་སྒ་ཆ་བསྟད་ཆོག
ཡིད་ཆེས་གནོངས་དང་
ང་དང་རྟ་ཕོས
ལོ་ངོ་ག་ཙམ་ཕྱིན་ཡང་
བལ་ལྟར་འཇམ་པའི་ཁྱེད་རང་
གཏན་ནས་བརྗེད་མི་སྲིད
 
ཀྭ་ཡེ  ཡིད་འོང་གི་མི
ཕ་ཡུལ་དྲན་དུས
ཞིབ་ཏུ་ཉོན་དང་
ཁྱེད་རང་དྲན་པའི་བརྡ་ལ
རྟ་ཕོས་འཚེར་སྐད་ལྷང་ལྷང་བསྒྲག་ངེས
ངས་ཀྱང་ནང་སེམས་བསྟན་ནས
ཡིད་འོང་གི་སྙན་ངག་བྲི་ཆོག
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།